查看原文
其他

རྒྱུག་རྟ་ཚོས་སྐྱིད་སྡུག་གི་ལས་དབང་། སྙིང་རྗེ་ལྡན་ན་ལན་གཅིག་ཉོན།

རྫ་རྒྱལ། 满愿贤瓶乐园 2022-12-09
རྫ་རྒྱལ་སྒྲ་མཛོད་འཕྲིན་སྟེགས།扎嘉音仓平台
 

རྟ་གྲོ་ཁྲའི་སྐྱིད་སྡུག

རྟ་འདོ་བ་དུད་འགྲོ་རྩྭ་ཟན་ཡིན། 

འཇུ་རབ་གསལ་གྱི་རི་མོའི་བརྩམས་ཆོས།

ཚིག གཙང་རིགས་སྐལ་བཟང་རྣམ་འདྲེན།

དབྱངས། བདུད་བྷེ།

ལེན་མཁན། བདུད་བྷེ།


mp3སྒྲ་འཇུག་པ། ཡར་ཀླུང་གཙང་བོ།

སྐྱབས་བསླུ་མེད་དཀོན་མཆོག་གསུམ་པོ། །

རྟ་གྲོ་ཁྲའི་སྐྱིད་སྡུག་འདི་རེད། །

ཆོས་དགེ་སྡུག་ལས་འབྲས་སོ་སོ། །

ལས་སྐྱིད་སྡུག་དཔྱིད་ཀའི་གནམ་ངོ། །


ངའི་ཚེ་སྟོད་སྐྱིད་གི་སྣང་བ། །

རྟ་བརྒྱད་ཅུའི་ལྷས་ར་ནང་ན། །

རྒོད་གཞི་མོའི་རྟེའུ་ཆུང་གཡང་འཛི། །

རྟེའུ་སྔོ་ནག་དྲུག་ཆ་ཅན་པོ། །


བཟང་མ་བྱས་ཀུན་གྱིས་གཅེས་ནོ། །

ངའི་སྔོན་བསགས་ཐོད་པའི་ལས་རེད། །

ཆུང་བྱིས་པའི་མིག་གིས་མཐོང་ན། །

སེམས་དགའ་བས་སྣང་བ་འགྱུར་གི །

མ་བུ་མོའི་མིག་གིས་མཐོང་ན། །

དཀར་འོ་མའི་མཆོད་ཁ་འཕེན་གི །

སྟག་ཤར་ལོའི་མིག་གིས་མཐོང་ན། །

རེ་ཆེ་བས་བྱུག་ག་བྱེད་གི། །


ཕ་ཨ་ཁུའི་མིག་གིས་མཐོང་ན། །

ཁ་ཚེ་རིང་ལོ་བརྒྱས་སྨོན་གི །

ཁ་རྩྭ་ཟན་ཞིག་གི་རིགས་ལ། །

ངའི་སྐྱིད་གི་ལུས་ཤིག་མེད་གི །


ངའི་ཚེ་སྟོད་ཟད་གི་ཚེ་རྐེད། །

རྟེའུ་སྔོ་ནག་སྔོ་ཁྲའི་ལོག་ཐལ། །

རྟ་གྱི་ལང་སྔོ་ཁྲ་གཡང་འཛི། །

ཁ་མ་རྒས་གཞོན་གི་དུས་སུ། །


ལུས་ལྷུ་དྲུག་རྩལ་དྲུག་རྒྱས་དུས། །

འགྲོ་གོམ་པའི་རྡོག་མགོ་ཡང་དུས། །

སྟག་ཤར་ལོའི་འདུ་ར་འཚོགས་དུས། །

རྟ་འདོ་བའི་བང་ཁ་འགྲན་དུས། །

ངའི་བང་ཁ་ནམ་མཁའི་བྱ་ཡིན། །

རྒོད་ཐང་དཀར་ཞིག་གི་དཔེ་ཡིན། །

ཡག་བལྟས་རུང་སྨུག་ཆུང་ཤ་ཡིན། །

ཤྭ་ཕོ་ཆེན་ཞིག་གི་དཔེ་ཡིན། །


ཕྱི་གྲགས་རྒྱ་ཆེ་ནོ་འབྲུག་རེད། །

འབྲུག་ངར་སྐད་སྟོང་གི་གྲགས་རེད། །

ནང་ཞེ་རྩིས་ཆེ་ནོ་སྙིང་རེད། །

སྙིང་དམར་པོ་ཞིག་གི་དམར་རེད། །


རྟ་སྔོ་ཁྲའི་ལུས་ཀྱི་རྒྱན་ཆ། །

སྒ་ཤིང་བཞི་ཕྱི་འགྲིག་ནང་འགྲིག །

སྒའི་ཡོབ་ཆེན་ཉི་ཟླ་ཆ་འགྲིག །

སྒའི་ཡོང་ལུང་དངུལ་ཐག་ཆ་འགྲིག །

རྨེད་གོང་ཐག་དར་ཚོན་ཆ་འགྲིག །

སྒའི་ཕྲུག་སྟན་རི་མོ་ཆ་འགྲིག །

སྲབ་སིལ་མ་ཨ་ལོང་དགུ་སྐོར། །

དེའི་སྲབ་མདའ་ཆུ་མིག་དགུ་བསྒྲིལ། །


དེའི་སྲབ་སྐྱོགས་འབྲོང་མོའི་རྐན་སླས། །

མདོག་སྣ་ལྔའི་གོས་ཀྱི་གཡང་ར། །

སྐེ་རྩིད་དམར་གོས་ཀྱི་མེ་ཏོག །

དེའི་ལུང་ཐག་མདུད་པ་དགུ་བསྒྲིལ། །


དེའི་མདུད་སྣེ་རྒྱ་མདུད་ཁུག་དྲུག །

ཁུག་དྲུག་པོ་དཔལ་བེའུ་གླིང་དྲུག །

ཕྱིའི་རྒྱན་ཆ་རྨ་བྱའི་སྒྲོ་གུར། །

ནང་བརྒྱན་ས་གྱི་ལང་གཡང་འཛི། །


ཁ་མ་རྒས་གཞོན་གི་དྲིན་རེད། །

ལུས་དབང་པོ་དར་གི་དྲིན་རེད། །

རྒྱབ་གནོན་གི་ཁུར་བོ་ལྕི་རུང་། །

སྡུག་ཆེ་གི་སྣང་བ་ང་མེད། །

འགྲོས་གོམ་པ་རླུང་གི་མྱུར་ཡིན། །

མགོ་ནམ་འཕང་དགུང་གི་མཐོ་ཡིན། །

ངའི་ཚེ་སྐེད་ཟད་གི་ཚེ་སྨད། །

རྟ་སྔོ་ཁྲ་གྲོ་ཁྲའི་ལོག་ཐལ། །


རྟ་གྱི་ལང་གྲོ་ཁྲ་གཡང་འཛི། །

ཁ་རྒས་འཁོགས་ན་སོ་སུམ་ཅུ། །

ལུས་རྒས་ཁོག་ཤིང་སྡོང་སྐམ་པོ། །

སེམས་རྒས་འཁོགས་རྫ་ལུང་སྐམ་པོ། །


ཕྱི་རྒས་འཁོགས་རྟ་ཀོ་སྐམ་པོ། །

ནང་རྒས་འཁོགས་རྟ་རུས་སྐམ་པོ། །

རྐང་སུག་བཞིའི་གོམ་ཁ་འཁྱར་རུང་། །

སྒ་ལྷུ་བཞིས་རུས་བཞི་གནོན་གི །


སོ་སུམ་བཅུའི་དུང་ཕྲེང་འཐོར་རུང་། །

སྲལ་སིལ་མས་མགོ་བོ་སྡོམ་གི །

དྲུག་ཤ་མེད་རུས་མགོ་བུད་རུང་། །

ལྕག་ཚ་མོས་རྒྱུན་ཆད་མེད་གི །


ལོ་ན་ཚོད་རྒས་ནོའི་སྐྱོན་རེད། །

འདི་བཟོད་གི་ནུས་པ་མེད་གི །

སྡུག་ཆེ་རུང་སྔོན་གྱི་ལས་རེད། །

ལས་མ་ཟད་བར་དུ་ཆེ་ཟད། །


ངའི་རྒྱབ་ཀྱི་ཤིང་སྒ་གླིང་བཞི། །

སྡུག་ཁུར་བོ་ཁུར་གི་འཁུར་ཤིང་། །

སྒ་ལྷུ་བཞིའི་ཡག་གི་འོག་ན། །

རྟ་གྲོ་ཁྲའི་རྣམ་ཤེས་ལྷག་ཡོད། །

རྟའི་བདག་པོར་རྒྱུ་འབྲས་ཡོད་ན། །

ཁ་མ་ཎི་ཞིག་ལ་གཅིག་རེམ། །

ངའི་མགོ་གི་རྒྱ་སྲབ་སིལ་མ། །

ཁ་རང་དབང་མེད་གི་ལྕགས་ཀྱུ། །


སྲབ་སིལ་མའི་ལྕེ་མདུད་འོག་ན། །

རྟ་གྲོ་ཁྲའི་རྣམ་ཤེས་ལྷག་ཡོད། །

རྟའི་བདག་པོར་རྒྱུ་འབྲས་ཡོད་ན། །

ཁ་མ་ཎི་ཞིག་ལ་གཅིག་རེམ། །


ང་སྐུལ་གི་ལྕག་ཚན་ཁྲ་མོ། །

འདུག་རང་དབང་མེད་གི་ཁྲིམས་ཐག །

ལྕག་ཁྲ་མོའི་རྒྱུན་ཐག་འོག་ན། །

རྟ་གྲོ་ཁྲའི་རྣམ་ཤེས་ལྷག་ཡོད། །

ང་སྐུལ་གི་ལྕག་ཚན་ཁྲ་མོ། །

འདུག་རང་དབང་མེད་གི་ཁྲིམས་ཐག །

ལྕག་ཁྲ་མོའི་རྒྱུན་ཐག་འོག་ན། །

རྟ་གྲོ་ཁྲའི་རྣམ་ཤེས་ལྷག་ཡོད། །

རྟའི་བདག་པོར་རྒྱུ་འབྲས་ཡོད་ན། །

ཁ་མ་ཎི་ཞིག་ལ་གཅིག་རེམ། །

ང་གྲོགས་མེད་ཕྱི་མའི་ཡུལ་དུ། །

ལུས་དབང་མེད་རྣམ་ཤེས་ཁེར་འཁྱམ། །

རྟ་ཆོས་མེད་གཤིན་ཡུལ་འགྲིམ་དུས། །

ཆོས་དགེ་བའི་ར་མདའ་ང་མེད། །

ཤ་ཚ་ནིའི་བདག་རེ་ཡོད་ན། །

རྟ་གྲོ་ཁྲ་སྙིང་རེ་རྗེ་ན། །

ཁ་མ་ཎི་ཞིག་ལ་གཅིག་རེམ། །

གླུ་ཚིག་ཟིན་ཕབ་པ། གཙང་རྡོ།

སྐྱབས་རྗེ་མཁན་ཆེན་པདྨ་དབང་རྒྱལ་ཀྱིས་ཞལ་གསུང་འཕོ་བ།

པད་འབྱུང་ལགས།  ཁྱེད་ཉིད་གང་དུ་བཞུད། རྨེ་སྤྲུལ་ཚང་གིས།

གཏེར་སྲས་རྡོ་རྗེ་དགྲ་འདུལ་གྱི་ཟབ་གཏེར་གུ་རུའི་བཀའ་བསྡུས།

མཁན་ཆེན་༧ངག་དབང་དཔལ་བཟང་གིས་རྣམ་ཐར་སྒྲ་ཆ་ཚང་།

ཨོ་རྒྱན་གསོལ་འདེབས་ཐུགས་དམ་གནད་བསྐུལ་འཇིགས་པ་ཀུན་སྐྱོབ་བཞུགས་སོ༔

ལྔ་བའི་བ་བཞིས་ལོ་རྒྱུས།  ཨ་སྐྱབས་རྒྱལ་སྲས་ཚང་གིས་གསུང་།

སྙིགས་མའི་དུས་གསོལ་འདེབས་འདི་ལས་མི་ཟློག་པ་རྐྱེན་ངན་གང་ཡང་མེད།

དཔལ་སྤྲུལ་ནམ་མཁའ་འཇིགས་མེད་ཀྱི་ཟབ་གཏེར། ཡེ་ཤེས་ཐིག་ལེ་བཞི་བ།

རྫ་རྒྱལ་མཁན་ཆེན་འབུམ་པ་རིན་པོ་ཆེས་བཀའ་སློབས།

བླ་མ་རྒྱང་འབོད་མགུར། ༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུས་མཛད།

རྫ་༧མཚམས་སྤྲུལ་རིན་པོ་ཆེས་ཞལ་གསུངས་བྱིན་ཅན

གནས་བརྟན་བཅུ་དྲུག་ཞལ་ཐང་དང་བསྟོད་ཕྱག་བཞུགས།

མཆོག་སྤྲུལ་ལུང་རྟོགས་རིན་པོ་ཆེས་ཞལ་གསུངས་གནང་བའི་གཡང་འགུཊ་སོགས།

ཕ་བུའི་བརྩེ་དུང་གི་གཏམ་རྒྱུད།རྩོམ་པ་པོ་དང་གྱེར་མཁན།ཚེ་རིང་སྐྱིད།

གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་རྒྱས་ཁྲིད་སྒྲ་ཆ་ཚང་།

གེ་སར་གསོལ་མཆོད་གསོལ་ལོ་རིང་མོ་བཞུགས།

དཀོན་མཆོག་རྗེས་སུ་དྲན་པའི་མདོ།

བློ་སྦྱོང་ཚིག་རྐང་བརྒྱད་མ་སྒྲ་ཆ་ཚང་། མཁན་ཚུལ་ཁྲིམས་བློ་གྲོས།

 བདེ་སྨོན་ཆོས་ཁྲིད་པདྨ་རཱ་གའི་ཕྲ་ཚོམ་འཆད་འཁྲིད་སྒྲ་ཆ་ཚང་།

གྲུབ་མཛོད་ལས་བྱུང་བའི་བསྟན་རྩིས་ལ་དཔྱད་པ་སྒྲ་ཆ་ཚང་།

སྟོན་པའི་མཛད་བཅུ་བཞུགས།

སྙིང་གཏམ་སུམ་ཅུ་པ་སྒྲ་ཆ་ཚང་།

ཡུལ་མི་རྣམས་ལ་གཏམ་དུ་བྱ་བ་སྒྲ་ཆ་ཚང་།

བུ་ཕྲུག་ཚོས་ཕ་མ་ལ་དྲིན་ལོག་མ་བྱེད་རོགས།

སློབ་དཔོན་པདྨ་འབྱུང་གནས་གྱི་རྣམ་ཐར་བཀའ་བསྡུས་ཕྱོགས་སྒྲིག

གཙུག་ལག་ཁང་དུ་ལྷམ་གྱོན་པའི་རྣམ་སྨིན། འདི་ལ་གཟབ་མོ་ཉོན།

རྫ་རྒྱལ་སྒྲ་མཛོད་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།

您可能也对以下帖子感兴趣

文章有问题?点此查看未经处理的缓存