查看原文
其他

ཧོར་གཙང་འཇིགས་མེད་དང་རྨི་ལམ་སད་མ་གཉིས་ཀྱི་དུངས་བརྗོད་བཅད་མ།

编辑:菩措卓玛 爱情孤岛 2020-02-27

བརྩེ་དུང་གི་ཁེར་གླིང་།

བཅད་མའི་ལེ་ཚན། རླབས་ཀྱི་འཕྲོ་འདུ།

  (རྨི་ལམ་སད་མ་དང་ཧོར་གཙང་འཇིགས་མེད་གཉིས་ཀྱིས་དྲ་ལམ་ནས་ཐད་བྲིས་སྙན་ངག་ཚན་པ་གཅིག)

༡༽ཇིགས་མེད།

འདོད་པའི་མེ་ལྕེ་སྤོབས་པའི་རླུང་བུས་སྐྱོད།།

རྫུན་གྱི་སྐྱི་པགས་བདེན་པའི་ཤུགས་ཀྱིས་གཞོམ།།

ཟོལ་དང་བཅོས་མ་བརྩེགས་པའི་འཇིག་རྟེན་དུ།།

དུང་སྣང་བག་ཆགས་སད་པའི་བྱིན་ཆགས་མ།།

༢༽རྨི་ལམ་སད་མ།

སྙན་ངག་ཚིག་གིས་དཀྲིས་པའི་སེམས་ངོགས་སུ།།

ཐ་སྙད་ཆང་དཀར་བཞེས་པའི་ཕོ་ཉ་མོ།།

ཆུ་ཤེལ་ལྷུན་པོའི་འོད་ཀྱིས་གང་བུ་ནས།།

ཁྱེད་ཀྱིས་སྤྲིན་གྱི་ཕོ་ཉའི་སྙིང་ཁུ་སྩོལ། །

༣༽འཇིགས་མེད།

སེམས་ཀྱི་མེ་ཏོག་བརྩེ་བའི་དྲོད་ཀྱིས་འབུས།།

དུང་བའི་སྣང་བ་གཡའ་ཆུའི་བརླན་གྱིས་ནེམ།།

ཤིན་ཏུ་བདེན་པ་འབར་བའི་འོག་འགྱུའི་རླུང་།།

ཁྱད་དུ་གསོད་པའི་ཚུལ་འཆོས་ཁྱོད་ཀྱིས་བསད།།

༤༽རྨི་ལམ་སད་མ།

ཚོར་སེམས་སྙེ་མ་སྒུལ་བའི་གྲུ་ཁ་ནས།།

བརྩེ་སྦྲང་ཨ་ལོང་བཏབ་པའི་གཏམ་རྒྱུད་འདི།།

ཇི་སྲིད་ཚོར་བྲིས་རླབས་ཀྱིས་མ་བཅོམ་ན།།

ཉི་མའི་ཁྱིམ་རྒྱུད་བཞིན་དུ་བསལ་བར་སྔོག།

༥༽འཇིགས་མེད།

ངག་དང་ཚིག་ནི་སེམས་ཀྱི་ཁ་རླངས་ཡིན།།

སྒྱུ་དང་རྩལ་ནི་ཆགས་སྡང་ཁུ་བ་ཡིན།།

བརྩེ་སེམས་སྦྲང་རྩི་འཁོར་བའི་སྙིང་བོ་ཡིན།།

དེ་དག་ཐམས་ཅད་སེམས་ཀྱི་གཏེར་ཁ་ཡིན།།

༦༽རྨི་ལམ་སད་མ།

ཚོར་བྲིས་སེམས་ཀྱི་ཁ་དོག་མ་ཡལ་ན།།

ཐ་སྙད་མེ་ཏོག་ཁྱུ་ཚོགས་ཚར་དུ་དངར།།

རང་གཤིས་དངུལ་དཀར་མེ་ལོང་རི་མོའི་འཁྱུ། །

སྒྱུ་མའི་རླབས་སྒྲ་བཞིན་དུ་དྭངས་ཆབ་ཟིལ།།

༧༽འཇིགས་མེད།

འདོད་པའི་ཆུ་གཏེར་སྤྱད་པས་འཕེལ་འགྱུར་ཞིང་།།

དྲན་གདུང་སྣང་བ་མནན་པས་བཏེག་འགྱུར་བ།།

རང་བྱུང་ཆོས་ཉིད་བདེན་པའི་གཏན་ཚིགས་ཏེ།།

ཁྲིམས་དང་ལུགས་ཀྱི་རྒྱ་ལས་འདས་པ་ཉིད།།

༨༽རྨི་ལམ་སད་མ།

ཚོར་བའི་རླབས་ནི་བང་རིམ་ཐོག་ལ་ཡོད།།

ངག་གིས་གཤིས་ནི་རླུང་གི་མར་མེ་ཡིན།།

དྲག་ཤུལ་ལྡང་ན་གཟིམས་པར་དོགས་པ་ཡིས།།

རེ་དོགས་རྒྱ་མཚོའི་ངོགས་ནས་ཁྱེད་ལ་འབོད།།

༩༽འཇིགས་མེད། 

ཞལ་རས་ཟླ་བ་མིག་ལ་མ་སྨིན་ཞིང་།།

བྲང་གི་ལང་ཚོ་ཉམས་སུ་མ་མྱངས་པར།།

དུང་སྣང་རླུང་གིས་སྐྱོད་པའི་ཤོག་བྱ་བཞིན།།

ཁྱེད་ཀྱི་ལྷ་ཡུལ་ཞིང་ན་གཡོ་ཞིང་ལྡིང་།།

༡༠༽རྨི་ལམ་སད་མ།

དཀར་མཛེས་མིག་གིས་བུང་བ་གཡོ་ཞིང་འགུལ།།

ལྷ་ཡུལ་སྐྱེད་མོས་ཚལ་གྱི་ལྡུམ་ར་རུ།།

སྦྲང་བུ་དལ་གྱིས་བཞུད་པའི་ལམ་འཕྲང་ལ།།

མིག་གིས་ཟིམ་ཟིམ་བྱས་ཏེ་ཁྱོད་ཕྱོགས་ཅེར།།

༡༡༽འཇིགས་མེད།

རེ་བའི་དྲོད་ཀྱིས་འཚོ་བའི་གསོན་ཤུགས་སྩོལ།།

ཡིད་ཆེས་གྲུ་ཡིས་དཀའ་སྡུག་རྒྱ་མཚོ་སྒྲོལ།།

དོག་པའི་པགས་སྩག་བསྲེག་པའི་ནང་རོལ་ན།།

བདེན་པའི་རླངས་པ་འཐུལ་བའི་བྲང་ཁོག་ཡོད།།

༡༢༽རྨི་ལམ་སད་མ།

མཐོ་རིས་ལམ་འཕྲང་རེ་རེའི་གད་གསེབ་ཏུ།།

སྟོང་ལྡན་འདབ་མ་བརྒྱ་ཡི་དྲི་བསུང་ཡོད།།

རོ་དང་ཁ་དོག་སེམས་ཀྱིས་འཚོལ་ཞོར་དུ།།

དལ་གྱིས་རྒྱང་ནས་རྒྱང་དུ་སྐྱོད་པར་བྱོས།།

༡༣༽འཇིགས་མེད།

འཇུངས་མེད་བདག་གི་རྒྱ་མཚོས་ཁྱེད་ཉིད་སྐྱོམས།།

མུ་མེད་བདག་གི་ནམ་མཁས་ཁྱེད་ལ་བསུ།།

འཛད་མེད་བདག་གི་འོད་སྣང་ཁྱེད་ལ་སྤྲོ།།

གཉུག་མའི་སེམས་ཀྱིས་བསླངས་པའི་ཞིང་བཀོད་ཡིན།།

༡༤༽རྨི་ལམ་སད་མ།

བརྩེ་དུང་འཇའ་ཚོན་ཆུ་མོ་བཞིན་དུ་བཞུར།།

དུང་བའི་རླབས་སྒྲ་ཤིག་ཤིག་གཡོ་བར་ཟུམ།།

ཟླུམ་གཟུགས་ཕུང་པོ་བརྩེ་བས་བྲེལ་ཏེ་ཐིམ།།

སྣང་བའི་རོལ་དབྱངས་ཉན་ཞོར་དགའ་སྐྱོ་ལྕི།།

༡༥༽ཇིགས་མེད།

གཉུག་མའི་སེམས་ནས་སྦྲང་རྩིའི་ཁ་ཆུ་ལུད།།

སྨྲེང་བའི་མིག་ནས་རེ་བའི་ཕ་ལམ་འཚེར།།

གཡའ་ཆུའི་ནེམ་ཁ་ལྟ་བུའི་ཚིག་གི་བརླན།།

སྟོན་ལྗོངས་འདབ་ལོའི་སྟེང་ན་མུ་ཏིག་བཞིན།།

༡༦༽རྨི་ལམ་སད་མ།

འཇའ་དང་འོད་ཀྱིས་མ་བཅོམ་བརྩེ་བ་ཞིག།

རླུང་དང་གྲི་ཡིས་མ་བྲེག་དུང་བ་ཞིག།

གཤོག་པའི་སྒྲོ་ཞིག་བསྐྱེས་ཏེ་ཧོར་ཕྱོགས་ལ།།

དལ་གྱིས་སྐྱོད་པའི་རྨི་ལམ་མི་རིང་མོད།།

༡༧༽འཇིགས་མེད།

དུས་ཀྱིས་མནར་བའི་ལས་ཀྱི་འཁུར་བོ་ལྕི།།

གཞན་གྱིས་བརྙས་པའི་སྐྱོ་སྡུག་མྱ་ངན་འབར།། 

འོན་ཀྱང་འཇིག་རྟེན་སྣང་བའི་འབྱུང་གནས་ཆེ།།

ཁྱེད་ཀྱི་ཉི་མས་བདག་གི་འཇིག་རྟེན་སྦར།།

༡༨༽རྨི་ལམ་སད་མ། 

སྣང་བ་རབ་རིབ་དགུང་སྔོན་དབྱིངས་ནས་འཚེར།།

སྙན་ངག་མེ་ཏོག་རླུང་བུས་དལ་གྱིས་སྤུར།།

འཇིགས་མེད་ཐ་སྙད་སེམས་ཀྱིས་ངོས་སུ་འཁྱུད།།

གྲིབ་བྲལ་སྣང་བས་གསེར་གྱི་མཛུབ་དཀྲིས་ཤིག།

༡༩༽འཇིགས་མེད། 

ཁ་རླངས་དྲོན་མོས་སེམས་ཀྱི་འདབ་མ་སྒུལ།།

དུང་སེམས་སྣང་བས་ཡིད་ཀྱི་ལྷིང་འཇགས་དཀྲོག།།

རི་དང་རྒྱ་མཚོ་བཅད་པ་ཁྱོད་ཀྱི་རླབས།།

དགའ་སྐྱོའི་ཚ་གྲང་འཐབ་པའི་བྲང་ལ་རྡེག།

༢༠༽རྨི་ལམ་སད་མ།

སེམས་ཀྱི་ཕྱི་ནང་དགའ་སྐྱོའི་ཚོར་བས་སྒུལ།།

གདོང་དང་འཛུམ་བག་རྣམ་འགྱུར་པགས་པས་བསླུས།།

ཚོར་འདུ་ཉག་མ་དབྱངས་ཀྱི་རྩེ་རུ་སྒྲོན།།

འཇིག་རྟེན་གཡོ་འགུལ་གཏོང་བའི་མེ་སྟག་ཅིག།

༢༡༽འཇིགས་མེད། 

གསེར་གྱི་ས་ཕག་བརྩེགས་ཀྱང་ལྕགས་རྡོ་ཡིན།།

རྡོ་ཡི་བླ་མཁར་བརྩིགས་ཀྱང་སྐྱོ་སྣང་ཡིན།།

ལྷད་མེད་སེམས་ཀྱི་བརྡ་རྟགས་མ་ཡལ་ན།།

བྲག་ཕུག་སྐམ་པོའི་ཚང་མལ་ལྷ་ཡུལ་ཡིན།།

༢༢༽རྨི་ལམ་སད་མ།

ཚོར་མགུར་དབྱངས་ཀྱི་སྙེ་མ་ཁྱོད་ལ་གཅོར།།

འདང་ཆེན་གུར་ཀུམ་སྟོང་ལྡན་དྲན་པས་སྔོག།

ལྷད་མེད་དབུ་དཀར་སྙི་མོས་བརྩེ་བ་སྦྲུམ། །

ཞེ་ཚིག་ཐག་སྐུད་ཁྲ་བོས་སྣང་བ་རྡེབ།།

༢༣༽འཇིགས་མེད།

རིགས་ཀྱི་ས་བོན་མི་མངོན་དབྱིངས་ནས་ལྡང་།།

འདོད་པའི་ཀུན་རྟོག་སེམས་ཀྱི་ངོགས་ནས་མཆེད།།

ལྷད་མེད་རྨི་ལམ་བག་ཆགས་ཀློང་ནས་སད།།

མཛའ་བརྩེའི་སྣང་བ་གློག་གི་རླབས་ཀྱིས་བསྲེས།།

༢༤༽རྨི་ལམ་སད་མ།

བག་ཆགས་འདོད་པའི་སྣང་བ་སྟུག་པོ་ཡིས།།

ཞེ་སེམས་རླུང་གི་མར་མེ་བཅོམ་ལ་ཁད།།

མཛའ་སེམས་རླབས་ཀྱི་གང་བུ་རྩེད་འཇོ་ཡིས།།

ཡོད་ཚད་གནམ་སྔོན་དབྱིངས་ལ་སྤུར་ལ་ཁད།།

༢༥༽འཇིགས་མེད།

ཧ་ཅང་དཔྱད་ན་ལྷ་ཆོས་མཁར་གྱང་འཇིག །

བཏང་སྙོམས་བསྟེན་ན་མི་ཆོས་མཚོ་མོ་སྣུམ། །

ཡིད་ཆེས་དྲོད་ཀྱིས་བསྐྱེད་པའི་མེ་ཏོག་གང་། །

སྦྲང་རྩིའི་ཟིལ་མངར་འདྲེན་པའི་རྨི་ལམ་ཡིན། །

༢༦༽རྨི་ལམ་སད་མ།

མི་སྡོད་སྐད་ཆ་ལ་ཁའི་ན་བུན་ཡིན།།

མི་བརྟན་རྣམ་ཤེས་སྟོན་སྡོང་ལྗོན་པ་ཡིན།།

དྲན་པའི་ཉི་མ་སྣང་བའི་འཇའ་འོད་ཡིན།།

འདི་དག་རྡོ་ཐོག་ས་རྡུལ་མ་ཡིན་ནམ།།

༢༧༽འཇིགས་མེད།

ཤིན་ཏུ་རྫུན་པ་འདོད་པའི་བསླུ་བྲིད་ཀྱིས།།

ཤིན་ཏུ་བདེན་པའི་ན་ཟུག་སློང་འགྱུར་བ།།

བདེ་སྡུག་སྣང་བའི་ཉིན་མཚན་རེས་མེད་པ།།

འཁོར་བའི་འཁོར་ལོར་འཇུག་པའི་ངང་ཚུལ་འདྲ།།

   ༢༠༡༩།༡།༢༡ 

དགའ་ལོ་མ། ཁྱེད་རང་དྲན་པར་མི་འོས།རྩོམ་པ་པོ། ཐོག་ལྕེ།

  དགའ་ལོ་མ། ད་ལྟ་ངས་ཁྱེད་ལ་གྱེས་ཕྱག་གི་ཆོད་སེམས་བཞག་ནས་ཟླ་གཅིག་འགོར་ལ་ཉེ་ཞིང་། བརྩེ་བ་རྣམ་དག་ཅིག་ལ་རེ་སྨོན་ཁྲི་མ་འབུམ་བཅིངས་མྱོང་ཞིང་། ལུས་ཀྱིས་སྲུང་ཞིང་སེམས་ཀྱི་དྲོད་ཀྱིས་གསོས་མྱོང་བའི་མེ་ཏོག་གི་འདབ་མ་སིལ་བུར་འཐོར་བས། མངར་ཁ་རྒོད་ཅིང་བཟི་ཁ་བཙན་པའི་འཇིག་རྟེན་སྣང་བའི་ཞེ་ཡིད་འཐིམས་པའི་བཅུད་ཀྱི་གེ་སར་ལྟ་བུ་དེ་ཡང་རྟེན་གྱི་གཞི་མ་འདབ་ལོ་ཐང་ལ་ལྟུང་ན། རྟེན་གཞི་མེད་པའི་བརྟེན་ཆོས་ཤིག་གནས་ཐབས་ལར་ནས་མེད་པའི་གནས་ལུགས་དེ་བཞིན་ཡིན་པས། འདབ་ལོ་ལྟུང་ཞིང་གེ་སར་རྡུལ་དུ་འཐོར་ནས་རླུང་བུར་འདྲེས་བཞིན་པས། ཡོད་ཚད་རེ་འབྲས་མེད་པའི་མྱ་ངམ་གྱི་བྱེ་རླུང་ཐང་ལ་ཞེ་ཡིད་ཆགས་དོན་མེད་པས། དགའ་ལོ་མ། ངས་ཁྱེད་རང་དྲན་པར་མི་འོས་མོད། གློ་རྡེག གློ་རྡེག་ཏུ། ངའི་ཚོར་བའི་ཟུག་གཟེར་གྱིས་བསླངས་པའི་མཚོ་རླབས་ཀྱིས། ཤིན་ཏུ་ཐག་རིང་མིན་ལ། ཤིན་ཏུ་ཐག་ཉེའང་མིན་པའི་ཡུལ་ནས། ཁྱེད་དང་འབྲེལ་བའི་ཐ་སྙད་དག་ངང་ཁྱུ་ཞིག་ལྟར་གཤར་ནས་ངའི་ཕྱོགས་སུ་ཁུར་ནས་ཡོང་ཞིང་། ཁྱེད་ཀྱི་ལུས་དྲི་དག་མཚོ་རླུང་དང་བསྡེབས་ནས་ངའི་རྣ་ལམ་དུ་འཐུལ་ཡོང་ལ། ཐ་སྙད་ཀྱི་མེ་ལོང་ལས་ཁྱེད་ཀྱི་ལང་ཚོ་བཞད་ཡོང་བས། ངའི་ཚོར་ཤེས་ཀྱི་སྒོ་ཀུན་ནས་སྡོམ་ཐབས་བྲལ་བས། ངས་འདི་ལྟར་དྲན་མི་འོས་པ་ཞིག་དྲན་བཞིན་ཏུ། ཟླ་འོད་གསལ་ལ་རླུང་བུ་འཇམ་པའི་མཚན་མོའི་ལྷིང་འཇགས་ཁད་ཀྱིས་དཀྲོགས་མ་འདོད་པར། ལོ་ཟླའི་ཆར་རླུང་སོགས་རང་བྱུང་གི་འཇིག་པ་གང་གིས་ཀྱང་བསུབ་ཏུ་མེད་པའི་འུ་གཉིས་ཀྱི་བརྩེ་དུང་གི་བཤུལ་ལམ་དེར་ཁེར་བཞུད་བྱེད་ཞོར། འབབ་ཚིགས་རེ་རེ་ནས་ཁྱེད་རང་གླེང་ཞིང་ཁྱེད་ཀྱི་མིང་གིས་བཟུང་སྟེ་སྐད་འབོད་ཡང་ཡང་བརྒྱབ། སེམས་ཀྱི་གཏིང་རིམ་དུ་བསྙལ་ཞིང་ལྷ་ཚོགས་ཀྱིས་བྱིན་གྱིས་བརླབས་པའི་ཐ་སྙད་ཀྱི་ཚོགས་ཀྱིས། བརྩེ་དུང་ལ་བཟུང་བའི་རྣམ་དག་གི་རེ་སྨོན་ཁྲི་མ་འབུམ་དང་། ཁྱེད་ལ་བརྩེ་བའི་རྣམ་དག་གི་རང་སེམས་མཚོན་ཅི་ཐུབ་བྱས་པ་དག ཚོར་དབྱངས་ཀྱི་རྒྱུན་སྐུད་ལ་བརྒྱུས་ཏེ་གནམ་མཐའ་འོག་ནས་དྲན་གདུང་གི་རོལ་མོ་དྲག་ཏུ་འཁྲོལ་ཐེངས་རེར། གནམ་སྔོན་པོ་ཡང་འདར་ཀྱུག་ཀྱུག  རི་ལྷུན་པོ་ཡང་ངུ་ཤུམ་ཤུམ། ཆབ་ལི་མ་ཡང་དངོ་སིལ་སིལ། ས་དོག་མོ་ཡང་སྐྱོ་ལྷང་ལྷང་དུ་འགྱུར་ངེས་ལ། ངས་འདི་ལྟར་རང་ཉིད་ཀྱི་གློ་སྙིང་མཆིན་གསུམ་བསྲུབས་པ་ལས་ཕྱུངས་པའི་རྣམ་དག་གི་བརྩེ་བའི་ཚོར་དབྱངས་རི་ཆུ་ནག་གསུམ་དང་། ལྷ་ཚོགས་ལ་མཆོད་དེ། རྒྱུ་འབྲས་དྲང་བཞག་གི་བརྩེ་བ་ལ་བློ་དཀར་བའི་མངོན་རྟགས་འཁྲུལ་མེད་དུ་མཚོན་པར་བྱས་ཀྱང་། རེ་འབོད་ཀྱི་སྐད་ལ་ཨ་ལན་མེད་པས། དགའ་ལོ་མ། ངས་ཁྱེད་རང་དངོས་གནས་དྲན་པར་མི་འོས། ཡིན་ཡང་། དད་པའི་མེ་དཔུང་གཞིལ་དཀའ་ལ། དྲན་པའི་རླུང་བུ་འཛིན་དཀའ་བས་ངས་ཁྱེད་རང་ཚོད་ཚོད་མེད་པར་དྲན་བྱུང་། ཁྱེད་ཉིད་དྲན་པའི་གདུང་ཚོར་ངའི་རྐང་མཐིལ་ནས་སྤྱི་གཙུག་བར་དུ་ཁྱབ་ཏེ། ལུས་ཡོངས་ཀྱི་ཚོར་ཤེས་ཁྱེད་ཁོ་ནས་ཟིན་ཞིང་ཁྱེད་ཁོ་ནར་དབང་བར་གྱུར་མོད། ངས་ཁྱེད་ལ་གཏན་དུ་གྱེས་ཕྱག་གི་ཆོད་སེམས་བཞག་ཡོད་པ་མ་ཟད། ངའི་བརྩེ་དུང་གི་མངའ་ཐང་ལ་བློ་དཀར་བའི་བདག་མོ་ཞིག་ལ་རེ་སྒུག་གི་སྨོན་པ་ཁྲི་མ་འབུམ་བཅིངས་ཡོད་པས། དགའ་ལོ་མ། ད་ནི་དངོས་གནས། དངོས་གནས་ངས་ཁྱེད་རང་དྲན་པར་མི་འོས་སོ། །

                                                                      ༢༠༡༨/༢/༢༥ཉིན་ལ།

   -------དགའ་ལོ་མའི་ཕྱིར་མིག་གི་འཁྲེང་སེམས།

     ཀྱེ། དགའ་ལོ་མ། སེམས་ཀྱི་ཉིན་སྲིབ་ཏུ་ཁྱེད་ཀྱི་ཞབས་རྗེས་ཀྱིས་ཁེངས་ཤིང་། འཐུང་ན་ཁོག་ཏུ་བསིལ་རློན་གྱིས་ཁྱབ་ཅིང་ངལ་དུབ་ཀྱི་གདུང་བ་རྫོགས་འགྲོ་བའི་རྫ་ཆུའི་ཀློང་རིམ་དུ། ཁྱེད་ཀྱི་སྒྲ་དབྱངས་ཀྱི་འདུ་བྱེད་གར་དུ་འཁྱུག་ཀྱང་རྩེན་པས། དུས་སྐད་ཅིག་ཙམ་དུ་ཡང་། ཡལ་མེད་ཀྱི་དུས་མཚམས་མི་འཇོག་པས། ང་ལ་བག་ལྷོད་པའི་ཞི་གནས་ཀྱི་ལུས་སེམས་ཅིག་དབང་བར་མི་སྟེར། རྒྱུ་འབྲས་ཀྱི་བློ་མིག་རབ་ཏུ་རྣོ་ཞིང་དབལ་ཚ་བའི་ལྷ་ཚོགས་ཀྱེ། བདག་གི་དྲན་པའི་དཀྱིལ་འཁོར་དུ་ཞུགས་པའི་ལྷ་ཚོགས་ལགས། བདག་གི་ཀུན་གཞིའི་རྒྱ་མཚོར་ཁ་བ་འཐིམས་པ་ལྟར་ཡོངས་སུ་འདྲེས་ཤིང་ཁྱབ་པའི་ཁོ་མོ་ནི། མེ་ལོང་དུ་སྡུག་གུར་བཀྲ་བའི་མེ་ཏོག་ལྟར། ཉེ་རེག་གི་ཚོར་བའི་འདུ་བྱེད་ཀྱིས་ཟིན་ཐབས་བྲལ་བས། རྫོགས་རྒྱུ་མེད་པའི་རྨི་ལམ་དང་ལྷ་སྒྲུང་གི་འཇིགས་པས་བདག་གི་ལང་ཚོ་བསྣུབས་འགྲོ་བའི་སྐྲག་སྣང་སྟེར་ཡོང་ལ། ཞེན་ཆགས་ཀྱི་ཞགས་པས་དམ་དུ་འཆིང་བའི་ཁོ་མོ་འདྲེན་བྱེད་ཀྱི་མེ་ལོང་དེ། ངའི་སེམས་བྱུང་གི་བློན་ཚོགས་ལ་བཙན་ཚུགས་ཀྱིས་སིལ་བུར་གཏོར་བའི་ཐབས་བྱུང་མེད་པས། སིལ་བུར་མ་གཏོར་ནའང་མིན་ལ། གཏོར་ནའང་ཐབས་བྱུང་མེད་པར་ལྷག་པའི་ངའི་བརྩེ་དུང་འདི། བར་དོ་འཕྲང་ལམ་ལྟ་བུའི་མནར་གཅོད་ཀྱི་གོ་རིམ་འདི་འདྲ་ཞིག་བརྒྱུད་དགོས་དོན་ག་རེ་ཡིན་ནམ། 

    མདང་ནུབ་ཡང་། ཁྱེད་དང་འབྲེལ་བའི་དོན་ཅི་ཞིག་འབྱུང་རྒྱུ་ཡིན་པའི་སྔ་ལྟས་བཞིན། རྨི་ལམ་དུ་ཁྱེད་ཉིད་འཁོར་ཞིང་བསུབས་ཐབས་མེད་པའི་ཁྱེད་ཀྱི་ཞལ་རིས་བཞད་ཡོང་། སློབ་ཁང་ནས་ཕན་ཚུན་ལ་ལྟ་བར་འཛེམ་དོགས་ཀྱིས་ཁེངས་བའི་ངང་ནས་སློབ་ཁྲིད་ལ་ཉན་བཞིན་པའི་རྣམ་པ་དེ་རྨིས་ཡོང་ལ། སློབ་ཁང་གི་སྒོ་ནང་དུ་འཛུལ་མ་ཐག་ཁོ་བོ་འཚོལ་བའི་མིག་ཟུང་གི་འདབ་མ་རབ་ཏུ་བསྐྱོད་པའི་རྣམ་པ་དེ་ཡང་རྨིས་ཡོང་། ལྷག་ཏུ་སློབ་ཁང་ནས་རྣམ་རྒྱུན་ཕན་ཚུན་ལ་སྨྲ་བ་ཤིན་ཏུ་ཉུང་ཞིང་། ཁ་རེག་གེར་ཕན་ཚུན་གྱི་བྱ་བྱེད་མིག་གིས་འཚོས་ཤིང་ཅི་སྨྲ་ལ་རྣ་བ་བླགས་ཏེ་ཉན་པའི་གྲུང་ཉམས་དེ་རྨིས་པའི་ཟབ་ཚད་ཤིན་ཏུ་བརྗིད་ཅིང་སྟུག རྐྱེན་ཅི་ཞིག་གི་དབང་དུ་ཁྲིད་སོང་བ་ཡིན་པ་མ་ཤེས་མོད། གློ་བུར་དུ་འུ་གཉིས་གཅིག་པུར་འཕྲད་པའི་བར་གླགས་ཅིག་བྱུང་སྟེ། ཁྱོད་ཀྱིས་ང་ཡི་ལག་མགོ་ནས་བཟུང་སྟེ་སློབ་གྲྭའི་ཕྱི་རྒྱབ་ལ་ཁྲིད་སོང་། རི་ངོས་ཀྱི་ཁུག་ཀྱོག་ཡུད་ཙམ་བརྒྱུད་དེ་ཕ་གིའི་རི་ཉག་ཅིག་གི་ལ་རྒྱབ་ལ་ཐོན་ཙ་ན། ཁྱེད་ཀྱིས་མཛུབ་མོ་ཀེར་ཏེ་ཕ་གིའི་གཞིས་ཀ་འདི་ནི་ཁོ་མོའི་ཡིན་པས་ནང་དུ་འགྲོའོ་དགའ་ལོ་ཞེས་ཡང་ཡང་སྨྲ་བའི་ངག་འཇམ་ས་འོག་རི་མོ་འཐག་པའི་སྦྱོར་བ་ཅི་ཡང་བརྩམས། དེ་ནས་ལུས་ནི་ཤིན་ཏུ་ཉེ་ཞིང་འགྲོས་གཤིབས་པའི་ངང་ནས་གཞིས་ཁྱིམ་དུ་འཛུལ་ཞིང་། ཡིད་དང་ངག་ནས་མ་བཅོས་ལྷུག་གེར་འཕྱུར་བའི་ཚིག་གི་བདུད་རྩི་འཐུང་བཞིན་འཐུང་བཞིན་འདས་པ་ན། སྒོ་དང་དྲ་མ་ནས་ཟླ་འོད་འཛག་པའི་འོད་ཀྱི་རབ་སྣང་གིས་འུ་གཉིས་ཕན་ཚུན་གྱི་ངོ་གདོང་གསལ་གྱི་ལེར་འདུག གློ་བུར་དུ། བཟོད་ཐབས་བྲལ་བའི་ཚོར་བའི་ཚ་འདེད་ཀྱིས་སྨྲ་བའི་ངག་སྒོ་ལྷོད་དེ་ལུས་ཀྱི་ཚོར་རེག་རྒོད་པའི་འདུ་བྱེད་ཀྱི་ཀློང་རིམ་གཞན་ཞིག་ལ་ཁྲིད་དེ། ང་རང་གློ་བུར་དུ་གཉིད་ལས་སད་བྱུང་། ཡིན་ཡང་། དངོས་མ་ལྟ་བུའི་རྨི་ལམ་གྱི་བྱུང་བས་ཡུད་ཙམ་ལ་བདེན་སྣང་གིས་ཁེངས་བྱུང་ངོ་། །

    དེ་ནས་ང་རང་མལ་ལས་བླངས་ཏེ། དོན་བྱ་ཞིག་གི་ཆེད་དུ་སྲང་གྲོང་ལ་མཆིས་པ་ཡིན། ལམ་བར་དུ་ཁུག་དམར་གྱིས་དགོས་མཁོ་སྐོང་མི་ཐུབ་པའི་དོན་ཞིག་དྲན་ནས་སྒོར་ཁུག་ནང་ལ་བལྟས་ཀྱང་སྒོར་སིལ་མི་འདང་བས། ཕྱིར་འཁོར་ཏེ་དངུལ་ཁང་དུ་སྒོར་མོ་འགའ་ལེན་དུ་སོང་བ་ཡིན། དེ་ནས་ལམ་ཐིག་དྲང་མོར་དེད་དེ་ཡོང་ཙ་ན། སུམ་མདོ་ཀྱི་ཕ་གི་ནས་ཚུར་ལ། གོ་ལྷམ་སེར་བོ་གྱོན་ཞིང་། ལྭ་རིང་ནག་པོ་དང་ཁ་ཡོལ་གྱོན་པ་མ་ཟད། སྐེ་དཀྲིས་གྱོན་པའི་བུད་མེད་ལོ་ན་ཅུང་རྒན་པ་ཞིག་གི་ལག་ངར་ཁུག་ལ་འཆིང་བའི་བུད་མེད་ཅིག་ཡོང་བཞིན་པ་རིག དུས་དེར་ཉམས་འཇོག་དེ་ཙམ་མ་བྱས་པར་རླངས་འཁོར་ལམ་རྒྱ་ལས་བརྒལ་ནས་བུད་མེད་དེ་དང་ཐག་ཇེ་ཉེར་ཕྱིན། མིག་གི་འཁོར་ཕྱོགས་ཅིག་གིས་བུད་མེད་དེ་སླར་ཡང་རིག་བྱུང་། དུས་དེར་བུད་མེད་དེ་ཐད་ཀའི་དྲང་ཕྱོགས་ཀྱི་ལམ་ཐིག་ལ་མི་བལྟ་བར་མགོ་བོ་སྨད་དེ་ཚུར་ཡོང་བཞིན་པ་ཚོར། གློ་བུར་དུ་ངའི་དྲན་པའི་ཚོར་ཤུགས་ཀྱིས་བུད་མེད་དེ་དགའ་ལོ་མ་ཡིན་པ་ཆུ་ལ་ཆུ་བཞག་པ་ལྟར་བློ་ངོར་ཕབ་ཙ་ན། ང་རང་ཏག་ཏག་གོམས་པ་མང་པོ་ཞིག་མདུན་དུ་བསྐྱོད་ཚར་འདུག རང་དབང་མེད་པར་དགའ་སྐྱོ་འདྲེས་མའི་ཚོར་བའི་སྨུག་ལོང་ཡོངས་སུ་འཁྲིགས་པར་གྱུར་ལ། འགག་ཐབས་བྲལ་བའི་འཁྲེང་སེམས་ཀྱི་ཕྱིར་མིག་ཅིག་ཀྱང་མི་འཕེན་ཐབས་མེད་དུ་གྱུར་ནས། ཁ་ཕྱིར་འཁོར་ནས་ཞིབ་བཤེར་ཅིག་བྱས་དུས་ཏག་ཏག་ངའི་རྒྱབ་ཀྱི་དྲང་ཐད་དུ། མགོ་དཀྲིས་གྱོན་པའི་བུད་མེད་དེའི་གཡས་ཟུར་གྱི་རྒྱབ་ལོག་ནས་ཁ་ཡོལ་གྱོན་པའི་བུད་དེས་ང་ལ་ཕྱིར་མིག་ཡུད་ཙམ་ལ་བསྲིངས་བྱུང་བས། ངས་ལྷག་ཏུ་དགའ་ལོ་མ་མོ་ཉིད་ཡིན་པའི་བདེན་ཁ་ཅི་བས་ཀྱང་བཙན་པ་ཞིག་ཏུ་འདོད་བྱུང་། སྐབས་དེར། ལས་དབང་མིན་ལ། སྟེས་དབང་ཡང་མིན་པའི་ལམ་གྱི་སུམ་མདོ་ཞིག་ནས། ཕན་ཚུན་ལམ་འཕྲད་ཀྱི་དུས་ཚོད་ཅིག་བྱུང་ལ། སྨྲ་བའི་ངག་སྒོ་བསྡམས་ཏེ་ཕན་ཚུན་ལ་འཁྲེང་སེམས་ཀྱི་ཕྱིར་མིག་རེ་འཕངས་ནས་མི་ཚོགས་ཀྱི་ཀློང་དུ་ཡལ་བའི་སྣང་ཚུལ་དེ་ཇི་འདྲའི་ཡིད་ལ་སྡུག་བསྔལ་བ་ཞིག་རེད། ཡང་མིན་ན་ངས་ཁོ་མོ་དྲན་དྲགས་པའི་འཁྲུལ་སྣང་གིས་བསླུས་པའི་དབང་གིས་དེ་རིང་ལམ་གྱི་སུམ་མདོ་ནས་མཐོང་བའི་བུད་མེད་དེ་ཉིད་དགའ་ལོ་མར་འཁྲུལ་སོང་བ་ཡིན་ན་ཐང་མོད། གང་ལྟར་དེ་རིང་གི་དོན་གྱི་བྱུང་བ་འདི་ཡང་ངའི་བརྩེ་དུང་བར་དོ་འཕྲང་ལམ་ལྟ་བུའི་མནར་གཅོད་ཀྱི་གོ་རིམ་ཞིག་གི་ཡན་ལག་གི་ཉིང་ལག་ཅིག་ཡིན་ནོ། །

    您可能也对以下帖子感兴趣

    文章有问题?点此查看未经处理的缓存