查看原文
其他

བསམ་ཞིག་ཤེས་ན་རན།

དེར་ནོན☞ SnowStar1 2019-05-19


གངས་སྐར་མདའི་སྣ་འདུས་འཕྲིན་སྟེགས།     

སྐུ་ཉིད་གསན་གཟིགས་གནང་བར་ཕེབས་པར་དགའ་བསུ་ཞུ།              


    བསམ་ཞིག་ཤེས་ན་རན།




        གཞས་ཚིག  གངས་ལྗོངསཔི་ཝང་།

        དབྱངས།    གངས་ལྗོངསཔི་ཝང་།

        ལེན་མཁན།  གངས་ལྗོངསཔི་ཝང་།


གྲུབ་མཐའ་རྩོད་མཁན་འདི་ཇེ་མང་རེད།།

གནས་ལུགས་བཤད་མཁན་འདི་ཇེ་ཉུང་རེད།།

ནང་འཁྲུག་བྱེད་མཁན་འདི་ཇེ་མང་རེད།།

ཨོ་་་་་ཧོ་་་་་ཧོ་་་་་ངའི་སྙིང་གི་སྤུན་ཟླ་ཚོ།

ཁྱེད་རྣམས་ཀྱིས་བསམ་ཞིག་ཤེས་ན་རན།།


ཆང་འཐུང་གླུ་བ་འདི་ཇེ་མ་རེད།།

སྲོལ་རྒྱུན་སྐྱོང་མཁན་འདི་ཇེ་ཉུང་རེད།།

རང་མཚང་སྟོན་མཁན་འདི་ཇེ་མང་རེད།།

ཨོ་་་་་ཧོ་་་་་ཧོ་་་་་ངའི་སྙིང་གི་གླུ་བ་ཚོ།

ཁྱེད་རྣམས་ཀྱིས་འདང་ཞིག་རྒྱབ་ན་རན།།


ས་རྐོ་རྡོ་སློད་འདི་ཇེ་མང་རེད།།

ཁོར་ཡུག་སྲུང་སྐྱོབ་འདི་ཇེ་ཉུང་རེད།།

འབྱུང་བཞིའི་གནོད་པ་འདི་ཇེ་རྒོད་རེད།།

ཨོ་་་་་ཧོ་་་་་ཧོ་་་་་ངའི་སྙིང་གི་གྲོགས་པོ་ཚོ།

ཁྱེད་རྣམས་ཀྱིས་ཁོར་ཡུག་སྲུང་ན་རན།།


ཨེ་ཛིའི་ནད་རིགས་འདི་ཇེ་མང་རེད།།

རང་བདག་བྱེད་མཁན་འདི་ཇེ་ཉུང་རེད།།

གང་འདོད་བྱེད་མཁན་འདི་ཇེ་མང་རེད།།

ཨོ་་་་་ཧོ་་་་་ཧོ་་་་་ངའི་སྙིང་གི་མིང་སྲིང་ཚོ།

ཁྱེད་རྣམས་ཀྱིས་རང་བདག་བྱེད་ན་རན།།

ཨོ་་་་་ཧོ་་་་་ཧོ་་་་་ངའི་སྙིང་གི་མིང་སྲིང་ཚོ།

ཁྱེད་རྣམས་ཀྱིས་རང་བདག་བྱེད་ན་རན།།

ཁྱེད་རྣམས་ཀྱིས་རང་བདག་བྱེད་ན་རན།།






                          

ཁྱེད་ཀྱིས་གསུང་རྩོམ་ཀློག་འདོན་དང་།

སྙན་ངག་གྱེར་འདོན།རྩོམ་རིག་བརྩམས་ཆོས།

པར་རིས་བརྩམ་ཆོས་སོགས་འཕྲིན་སྟེགས་འདིར་

བརྒྱུད་དེ་སྤེལ་འདོད་ཚེ་བདག་ལ་འཕྲིན་ཕྲན་

འབྲེལ་དེ་སྐུར་དང་ཁྱེད་ཀྱི་རེ་བ་སྐོང་ངེས་ཡིན།

བདག་གི་འཕྲིན་ཕྲན་ཨང་གྲངས་ནི།  Tibetan98 ཡིན།

 

   

 



    您可能也对以下帖子感兴趣

    文章有问题?点此查看未经处理的缓存