查看原文
其他

འོས་བབས་འགན་འཁྲི།

དེར་ནོན☞ SnowStar1 2019-05-19


གངས་སྐར་མདའི་སྣ་འདུས་འཕྲིན་སྟེགས།     

སྐུ་ཉིད་གསན་གཟིགས་གནང་བར་ཕེབས་པར་དགའ་བསུ་ཞུ།              


   འོ་བབས་འགན་འཁྲི།  




               གཞས་ཚིག    གངས་ལྗོངས་པི་ཝང་།

               དབྱངས།       གངས་ལྗོངས་པི་ཝང་།

               ལེན་མཁན།    གངས་ལྗོངས་པི་ཝང་།



ཕ་ཡུལ་ཕ་ཡུལ་ཟེར་བ།།

སྐྱིད་པའི་གནས་མཆོག་འདི་ཡིན།།

ཕ་ཡུལ་སྲུང་སྐྱོབ་བྱོས་དང་།།

རང་ཉིད་འཚོ་སའི་གནས་ཡིན།།

ཕ་སྐད་ཕ་སྐད་ཟེར་བ།།

མི་རིགས་ཤིག་གི་སྲོག་ཡིན།།

ཕ་སྐད་རྒྱུན་དུ་ཤོད་དང་།།

འོས་བབས་འགན་འཁྲི་འདི་ཡིན།།

འོས་བབས་འགན་འཁྲི་འདི་ཡིན།།


ཕ་མ་ཕ་མ་ཟེར་བ།།

མི་ཚེའ་ནོར་བུ་འདི་ཡིན།།

ཕ་མ་བདག་སྐྱོང་བྱོས་དང་།།

གཡང་ཁྱིམ་སྐྱིད་པའི་གཞི་ཡིན།།

ཆུ་མ་ཆུམ་ཟེར་བ།།

ཚེ་གཅིག་གཏན་གྲོགས་འདི་ཡིན།།

ཆུ་མ་གཅེས་སྤྲས་བྱོས་དང་།།

བརྩེ་བའི་བདག་མོ་འདི་ཡིན།།

བརྩེ་བའི་བདག་མོ་འདི་ཡིན།།


གཅེས་ཕྲུག་གཅེས་ཕྲུག་ཟེར་བ།།

ཐོབ་པའི་ནོར་བུ་འདི་ཡིན།།

ཡོན་ཏན་རྒྱུད་ལ་ཞོག་དང་།།

མ་འོངས་ཁྱིམ་འཛིན་འངི་ཡིན།།

གྲོགས་པོ་གྲོགས་པོ་ཟེར་བ།།

ཁ་བཤད་དོན་ལ་གནས་དགོས།།

གྲོགས་པོའི་བརྩེ་བ་ཟབ་ན།།

རྣམ་དག་གྲོགས་ཀྱི་མཆོག་ཡིན།།

རྣམ་དག་གྲོགས་ཀྱི་མཆོག་ཡིན།།

གྲོགས་པོའི་བརྩེ་བ་ཟབ་ན།།

རྣམ་དག་གྲོགས་ཀྱི་མཆོག་ཡིན།།

རྣམ་དག་གྲོགས་ཀྱི་མཆོག་ཡིན།།

རྣམ་དག་གྲོགས་ཀྱི་མཆོག་ཡིན།།







                          

ཁྱེད་ཀྱིས་གསུང་རྩོམ་ཀློག་འདོན་དང་།

སྙན་ངག་གྱེར་འདོན།རྩོམ་རིག་བརྩམས་ཆོས།

པར་རིས་བརྩམ་ཆོས་སོགས་འཕྲིན་སྟེགས་འདིར་

བརྒྱུད་དེ་སྤེལ་འདོད་ཚེ་བདག་ལ་འཕྲིན་ཕྲན་

འབྲེལ་དེ་སྐུར་དང་ཁྱེད་ཀྱི་རེ་བ་སྐོང་ངེས་ཡིན།

བདག་གི་འཕྲིན་ཕྲན་ཨང་གྲངས་ནི།  Tibetan98 ཡིན།

 

          

 



    您可能也对以下帖子感兴趣

    文章有问题?点此查看未经处理的缓存