查看原文
其他

༄༅། །ཏ་ཟིག་ཡུལ་གྱི་ལྡེབས་རིས།​|ལོ་རྒྱུས་རིས་འགྲེལ་མ།

编辑:达桑 TB罗布林卡 2020-02-27


图解历史窗口

TIBETANHISTORYབོད་ཀྱི་ལོ་རྒྱུས།

རིས་འགྲེལ་ནོར་བུ་སྤུངས་བརྩེགས་ཞེས་བྱ་བ་བཞུགས་སོ། །




TIBET


༄༅།།ལོ་རྒྱུས་རིས་འགྲེལ་ནོར་བུ་དགའ་འཁྱིལ་ལམ་རིས་འགྲེལ་ནོར་བུ་སྤུངས་བརྩེགས་ཞེས་བྱ་བའི་འཕྲིན་སྟེགས་འདིར་དེ་རིང་ནས་བཟུང་རྩོམ་སྤུས་ཇེ་ལེགས་དང་རྩོམ་ངོས་ཇེ་གཙང་གི་ཕྱོགས་ལ་ནན་ཏུར་གཙིགས་ཆེན་པོ་བྱ་རྒྱུ་ཡིན་པས། སྐུ་ཉིད་ཀྱིས་འདི་ནི་རང་ཉིད་ཀྱི་ལོ་རྒྱུས་རབ་གསལ་འདྲེན་པའི་སྒེའུ་ཁུང་གཙང་མ་ཞིག་ཏུ་ངོས་བཟུང་ཆོག་ལ། བློ་བདེ་བག་ཕེབས་ངང་དུ་རིས་འགྲེལ་མཐོང་བ་དོན་ལྡན་སྣ་གཅིག་གིས་བྱ་བརྒྱ་འུར་རྡོ་གཅིག་གི་དཔེ་ལྟ་བུར་གོ་ཆོད་པའི་འདུན་པ་བཅིང་ན། འཕྲིན་སྟེགས་འདི་གའི་རྩོམ་སྒྲིག་པས་ཁྱེད་ཚོའི་རེ་འདུན་ཇི་བཞིན་སྐོང་ཐུབ་པར་འབད་པ་ལྷུར་ལེན་རྒྱུར་གྲབས་ཤོམ་ཆོག མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། 

"མཐོ་རིས་འོད་གསལ་ལྷ་ཡི་རྒྱུད་དུ་འཁྲུངས་ཤིང་། ལུགས་ཟུང་ཐབས་ཤེས་གསེར་གྱི་འཁོར་ལོས་ཡངས་པའི་ས་ཆེན་གྱི་ཁྱོན་ལ་དབང་བསྒྱུར་བའི་༧གོང་མ་འཕྲུལ་གྱི་ལྷ་བཙན་པོ་དེ་དག་ནི། ངེས་པའི་དོན་དུ་འཕགས་མཆོག་རིགས་གསུམ་མགོན་པོ་མིའི་རྣམ་པར་བྱོན་པ་ཙམ་དུ་མ་ཟད་ཀྱི། ཐུན་མོང་སྐྱེ་བོའི་སྣང་ངོར་ཡང་། རྒྱ་གར་གྱི་རྒྱལ་པོ་ཤྲཱི་ཧརྵ། རྒྱ་ནག་ཐང་གུར་གྱི་གོང་མ་ཐེ་ཙུང་། ཏ་ཟིག་གི་རྒྱལ་པོ་ཡཻཥྚི་གེརྡ་སོགས་ལས། ཆབ་སྲིད་མངའ་ཐང་དཔུང་སྟོབས་ལ་སོགས་པའི་ཆ་གང་ཐད་ནས་ཀྱང་དམན་པ་མ་ཡིན་"ཞེས་གདུང་ཁུངས་དྲི་མེད་འོད་གསལ་ལྷའི་ཡུལ་ནས་མཆེད་པའི་སྤུར་རྒྱལ་བཙན་པོ་རིམ་བྱོན་གྱི་ལོ་རྒྱུས་ཕྱི་རབས་པའི་མིག་མདུན་དུ་ཡི་གེ་དང་དངོས་པོའི་བདེན་དཔང་གང་གི་ཆ་ནས་ཀྱང་ང་རྒྱལ་སྐྱེས་ཆོག་ཆོག་གི་མགོ་བོ་མཐོན་པོ་ཞིག་སྤྲད་འདུག འདིར་སྤེལ་བྱའི་ལེ་ཚན་གཙོ་བོ་ནི། སྲིད་དོན་དང་། རིག་གནས་དང་། ཆོས་ལུགས་ལོ་རྒྱུས་སྐོར་གྱི་རིས་འགྲེལ་མཐོང་བ་དོན་ལྡན་ལུ་གུ་རྒྱུད་དུ་སྤེལ་རྒྱུ་ཡིན་པས། རྣམ་པ་ཚོས་རྒྱབ་སྐྱོར་ཚུལ་དང་རང་གི་ཉེ་འཁོར་གྱི་གྲོགས་པོར་ཤེས་བྱའི་ལེགས་སྐྱེས་འབུལ་ཕྱིར་བརྒྱུད་བསྐུར་དང་འོས་སྦྱོར་རེ་གནང་རོགས་ཞུ་ཞུ། །

      


ཏ་ཟིག་ཡུལ་གྱི་ལྡེབས་རིས།

འཛམ་གླིང་གི་ཤེས་རིག་འཕེལ་བའི་ལོ་རྒྱུས་ཐོག མི་རྣམས་ཆ་རྒྱུས་ཡོད་པའི་ཨེ་ཇེབ་དང་པ་པི་ལུན། ཀྲུང་གོ་དང་རྒྱ་གར་བཅས་གནའ་བོའི་ཤེས་རིག་དར་བའི་རྒྱལ་ཁབ་ཆེན་པོ་བཞི་ཕུད། རང་ཚུགས་ཀྱིས་བྱུང་བའི་ཤེས་རིག་ཅིག་ནི་གནའ་བོའི་ཏ་ཟིག་རིག་གནས་ཡིན་པ་རེད། ཏ་ཟིག་པས་སྤྱི་ལོ་སྔོན་གྱི550ལོར། ཨེ་ཤེ་ཡ་ནུབ་མའི་དབུས་ཤར་རྒྱུད་ཀྱི་རྒྱལ་ཁབ་ཁག་དབང་དུ་བསྡུས་ནས། ཡོ་རོབ་གླིང་དང་ཨེ་ཤེ་ཡ། ཨ་ཧྥེ་རི་ཁ་བཅས་གླིང་ཆེན་གསུམ་བརྒལ་བའི་བཙན་པོའི་རྒྱལ་ཁབ་ཆེན་པོ་ཞིག་བཙུགས་པ་རེད།


ཏ་ཟིག་ནི་གནའ་རབས་ཀྱི་ཤེས་རིག་མང་པོའི་ཁྲོད་འཕེལ་རྒྱས་ཀྱི་ཆུ་ཚད་ཅུང་མཐོ་བའི་མི་རིགས་ཤིག་ཡིན་པ་དང་། དེའི་ལོ་རྒྱུས་ཀྱི་རྒྱུན་ཤིན་ཏུ་རིང་བ་ཞིག་ཡིན། གནའ་རྫས་རྟོག་ཞིབ་བྱས་པ་བརྒྱུད། ཏ་ཟིག་མི་སྤྱི་ལོ་སྔོན་གྱི4000ལོར་ཟངས་ཆས་སྤྱོད་པའི་དུས་རབས་སུ་བསླེབས་ཡོད་པ་ཤེས། གནའ་རྫས་རྟོག་ཞིབ་པས་ངོ་སྤྲོད་ལྟར་ན། དབྱི་རན་གྱི་སྒྱུ་རྩལ་ལོ་རྒྱུས་ཀྱི་ཁུངས་ལོ8000སྔོན་ལ་འདེད་ཆོག་ཅེས་བཤད་ཡོད་ལ། སྤྱང་གྲུང་ལྡན་པའི་ཏ་ཟིག་པས་རྡོ་དང་ཤིང་ཆས། རྫ་ཆས། ལྕགས་རིགས། རུས་པ་བཅས་ཀྱི་ཐོག་གསོན་ཉམས་དོད་ཅིང་རྙོག་ཟིང་ཆེ་བའི་སྲོག་ཆགས་ཀྱི་གཟུགས་བརྙན་དང་མེ་ཏོག་གི་རི་མོ་དཔར་ཡོད་པ་རེད། ཏ་ཟིག་ཡུལ་གྱི་ལྡེབས་རིས་ནི་འཛམ་གླིང་སྟེང་སྙན་གྲགས་ཤིན་ཏུ་ཆེ་ཞིང་། ལྡེབས་རིས་ཀྱི་འབྲི་རྩལ་སྐབས་འགར་སྤུ་ཉག་གཅིག་གིས་འབྲི་ཐབས་སྤྱད་པའང་ཡོད། དུས་རབས15ནས16བར་དར་རྒྱས་ཧ་ཅང་ཆེན་པོ་བྱུང་ཞིང་ད་ལྟའི་བར་དུའང་མ་ཉམས་ཡར་དར་དུ་ཡོད།

ཕོ་སེང་དང་མོ་སེང་།

རྟ་དང་རྒོད་མ།

ས་ལར་ཞིག་དང་མི་ཆ་མེད་གསུམ་གྱིས་ཐུག་འཕྲད་བྱེད་བཞིན་པ།

འཚོ་བ།

དབྱི་སི་ཀན་ཏཱའི་འཐབ་འཛིང་།

རྐུན་མ་ཉལ་ཁང་དུ་འཛིན་བཟུང་བྱས་པ།

རི་དྭགས་རྔོན་པ།

སིལ་ཏོག་འཐུ་བ།

ངོ་འཕྲད་པ།

ལྡེབས་རིས་ངོ་སྤྲོད་བྱེད་བཞིན་པ།

སྤྲོ་གསེང་།

བརྩེ་དུང་གི་སྣང་བརྙན།

འཐབ་འཛིང་།

ཞིང་སྡེའི་མཐའ་འཁོར།

རི་ཀླུང་།

སྤྲེའུ་དང་རུས་སྦལ་གྱི་གཏམ་རྒྱུད།

གཅན་གཟན་གྱིས་ཟས་འཚོལ་བ།

སྤྲོ་འཛོམས།

བྱེ་ཐང་གི་འཚམས་འདྲི།

འཆི་བར་མྱ་ངན་ཞུ་བ།

གྲུ་ཐོག་ནས་རི་དྭགས་རྔོན་པ།

TB印度文明点击关注

    您可能也对以下帖子感兴趣

    文章有问题?点此查看未经处理的缓存