朗读|因为没有你 这天空变成囚禁我的小小牢笼
ཁྱེད་མེད་པས།
སྐྱབས་ཆེན་བདེ་གྲོལ།
ཁྱེད་མེད་པས
ནམ་མཁའ་འདི་ང་རང་བཙོན་ལ་འཇུག་བྱེད་ཀྱི་གཟེབ་ཆུང་ཆུང་ཞིག་ཏུ་གྱུར
ཁྱེད་མེད་པས
ང་རང་གང་དུ་འཕུར་ཡང་གཤོག་པ་ཞིག་སྟོང་བར་རླུང་གིས་སྐྱོད་པ་དང་འདྲ
ཁྱེད་མེད་པས
ང་རང་ལྗིད་ཤུགས་མེད་པའི་ཀུ་ཤུ་ཞིག་ལྟར་མཁའ་དབྱིངས་ནས་རུལ
ཁྱེད་མེད་པས
ང་ཡི་ཁ་པར་ནང་དུ་མུན་པ་འཐིབས་ནས་ཡི་གེ་ཚང་མ་ནག་པོར་གྱུར
ཁྱེད་མེད་པས
ང་རང་གཉིད་དུ་ཡུར་བར་བརྩམས
རྨི་ལམ་གྱི་ཤེལ་སྒོ་ཡོད་ཚད་ལས་ཁྱོད་རང་ཨེ་འཆར་བལྟས
ང་ལ་མཚོན་ན ཁྱེད་མེད་པ་ནི
འཇིག་རྟེན་འདི་ཉིད་ཉི་ཟླ་སྐར་གསུམ་དང་བཅས་མེད་པར་གྱུར་བ་སྟེ
སངས་རྒྱས་པའི་ལམ་ཡང་གློ་བུར་དུ་ཁེགས་ནས
བསྐལ་བའི་བུ་ག་ནག་པོའི་ནང་དུ
རྡེའུ་ཞིག་མར་ཟགས་པ་བཞིན་དམྱལ་བར་ལྷུང་བའོ
14/5/2013
བར་སྐོར་གྱི་ཆང་ཁང་ཞེས་པའི་སྙན་དེབ་ལས།
因为没有你
加布青·德卓
因为没有你
这天空变成囚禁我的小小牢笼
因为没有你
我无论飞往那里都像是一只空翅膀被风吹动
因为没有你
我像一只失去重力的苹果在空中腐烂
因为没有你
我的手机里充斥着晦暗,所有文字都变成焦黑
因为没有你
我开始入睡
看你是否会出现在所有梦的玻璃窗上
对于我 没有你就是
这个世界同日月星辰消失而去
就连觉悟的路也突然终止
在时间的黑洞里
如若一块石头下泄 跌入地狱!
14/5/2013 兰州
庚敦诺文 译
于《八廓酒馆》(汉文)
作者介绍
加布青·德卓 (སྐྱབས་ཆེན་བདེ་གྲོལ། Kyabchen Dedrol ),著名藏语诗人、小说家,散文家,剧作家,翻译家。1977年出生于安多的乔科·齐哈玛游牧地区(甘肃省玛曲县境内)。加布青是最重要的当代藏文文学网站—酥油灯藏文学网 (琼迈文学网 མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ www.tibetcm.com )的联合创始人和主编。自2005创建以来,作为影响最为持久的藏语文学网,内容不仅涉及当代藏语文学,也包括藏语经典文学。
朗读 | 加布青·德卓、庚敦诺文(汉语)
译者 | 庚敦诺文