查看原文
其他

པདྨ་བཀའ་ཐང་། ཞལ་འདོན་པ། མཁན་གང་བསམ་ལྷུན་གྲུབ། སྒྲ་དང་ཡི་གེ 88-89

关注👉🏼⏯ 藏家韵味 2021-07-10



88༽ གསང་སྔགས་ཕྱི་ནང་གི་འགྱུར་བྱང་བསྡུས་པའི་ལེའུ།



89འདུས་བྱས་མི་རྟག་པར་བསྟན་པའི་ལེའུ།



པདྨ་བཀའ་ཐང་། ཞལ་འདོན་པ། མཁན་གང་བསམ་ལྷུན་གྲུབ།

༨༨། གསང་སྔགས་ཕྱི་ནང་གི་འགྱུར་བྱང་བསྡུས་པ།

དེ་ནས་གསང་སྔགས་ཐེག་པའི་འགྱུར་བྱང་ནི༔ ཟ་མ་ཏོག་བཀོད་ཙྪིནྡྷ་མ་ཎི་དང་༔ འདུས་པ་རིན་ཅེན་ཏོག་དང་གཟུངས་གྲ་ལྔ༔ གཟུངས་ཕྲན་བརྒྱ་དང་དྲུག་ཅུ་ལ་སོགས་འགྱུར༔ ཀྲཱྀ་ཡའི་འགྱུར་བྱང་སྐུ་རྒྱུད་གཙུག་གཏོར་དང་༔ གསུང་རྒྱུད་དོན་ཞགས་ཐུགས་རྒྱུད་རིག་པ་མཆོག༔ དཔུང་པ་ལས་བྱུང་བཤད་རྒྱུད་དཔུང་པ་བཟང་༔ ལྟེ་བ་དག་ལས་སུ་ཏི་ཀ་རིའི་རྒྱུད༔ པུས་མོ་གཉིས་ལས་མི་གཡོ་བའི་རྒྱུད་གཉིས༔ དེ་ལྟར་ཀྲཱྀ་ཡ་རྩ་བའི་སྡེ་དྲུག་འགྱུར༔ བྱ་བ་སྤྱི་རྒྱུད་འཇམ་དཔལ་རྩ་བའི་རྒྱུད༔ བྱེ་བྲག་ཆོ་ག་ཞིབ་མོ་སྟོན་པའི་རྒྱུད༔ ལྷ་རྒྱུད་གཟུངས་རིང་བསམ་གཏན་ཕྱི་མ་དང་༔ འོད་ཟེར་འཕྲོ་རྒྱུད་གསང་བ་སྤྱི་ཡི་རྒྱུད༔ དབང་བསྐུར་རྟོག་པ་རྒྱལ་པོའི་རྒྱུད་སོགས་དང་༔ རིགས་གསུམ་ལ་ནི་འཇམ་དཔལ་རྩ་བའི་རྒྱུད༔ འཇམ་དཔལ་གསང་རྒྱུད་འཇམ་དཔལ་རིགས་དྲུག་རྒྱུད༔ ཕྱི་མ་འཇམ་དཔལ་གསང་བ་བསྟན་པའི་རྒྱུད༔ བཤད་རྒྱུད་ཡི་གེ་བཀོད་པ་ལས་རྒྱ་མཚོ༔ དཔའ་བོ་གཅིག་སྒྲུབ་བསྟོད་པ་གླུར་བླངས་སོགས༔ སྤྱན་རས་གཟིགས་ལ་མདོ་རྒྱུད་ཉི་ཤུ་གཅིག༔ པདྨ་དྲ་བ་དོན་ཡོད་ཞགས་པ་དང་༔ ཡིད་བཞིན་འཁོར་ལོ་ཕྱག་སྟོང་སྤྱན་སྟོང་གཟུངས༔ སེང་གེ་སྒྲ་དང་པདྨ་ཅོད་པན་རྒྱུད༔ འཇིག་རྟེན་དབང་ཕྱུག་རྟོག་པ་ལ་སོགས་འགྱུར༔ ཕྱག་ན་རྡོ་རྗེ་གཏུམ་པོ་རྩ་བའི་རྒྱུད༔ ཕྱི་མ་ཕྱི་མའི་ཕྱི་མ་དང་བཅས་པ༔ རྡོ་རྗེ་ས་འོག་རྡོ་རྗེ་ས་གསུམ་འདུལ༔ རྡོ་རྗེ་བདེ་ཁྲོས་རྡོ་རྗེ་གདེངས་པའི་རྒྱུད༔ རྡོ་རྗེ་སྙིང་པོ་མེ་ལྕེ་དབབ་པ་སོགས༔ རྡོ་རྗེ་རྣམ་པར་འཇོམས་པ་རྩ་བའི་རྒྱུད༔ རྡོ་རྗེ་རི་རབ་ཁང་བུ་བརྩེགས་སོགས་འགྱུར༔ གཞན་ཡང་གཟི་ལྡན་སྒྲོལ་མ་འབར་བའི་རྒྱུད༔ ཙུནྡའི་རྒྱུད་དང་གཤིན་རྗེ་ནག་པོའི་རྒྱུད༔ རིག་པའི་གཟུངས་སྔགས་བསམ་གྱིས་མི་ཁྱབ་འགྱུར༔ གཉིས་སྤྱོད་ཨུ་པའི་རྒྱུད་ཀྱི་འགྱུར་བྱང་ལ༔ རྩ་རྒྱུད་རྣམ་སྣང་མངོན་པར་བྱང་ཆུབ་པ༔ བཤད་པའི་རྒྱུད་ཆེན་ཉི་མ་གཟི་བརྗིད་དང་༔ རྩ་བའི་རྒྱུད་དང་ཕྱི་མ་ཕྱི་མའི་རྒྱུད༔ ཁམས་གསུམ་རྣམ་རྒྱལ་སྲས་ཁོག་སྣང་བའི་རྒྱུད༔ འཇམ་དཔལ་མཚན་བརྗོད་ལེའུ་ཁྲི་དྲུག་སྟོང་༔ མེ་དཔུང་འབར་བ་དམ་ཚིག་གསུམ་བཀོད་རྒྱལ༔ ལག་ན་རྡོ་རྗེ་དབང་བསྐུར་རྒྱུད་སོགས་འགྱུར༔ རྣལ་འབྱོར་ཡོ་གའི་རྒྱུད་ཀྱི་འགྱུར་བྱང་ལ༔ རྩ་བའི་རྒྱུད་ཆེན་ཏ་ཐཱ་སཾ་གྲ་ཧ༔ ཡོ་གའི་བཤད་རྒྱུད་རྡོ་རྗེ་རྩེ་མོ་དང་༔ བྱིན་གྱིས་བརླབས་པ་ངན་སོང་སྦྱོང་བའི་རྒྱུད༔ ཁ་སྐོངས་དཔལ་མཆོག་དང་པོ་རིག་པ་མཆོག༔ འཇིག་རྟེན་གསུམ་རྒྱལ་འཇམ་དཔལ་སྒྱུ་དྲྭ་དང་༔ རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་སོགས་འགྱུར༔ དེ་དག་རྣམས་ཀྱི་འགྲེལ་བཤད་སྒྲུབ་ཐབས་དང་༔ དབང་བསྐུར་གདམས་ངག་ལག་ལེན་དང་བཅས་པའི༔ མཐུན་པའི་བསྟན་བཅོས་དཔག་ཏུ་མེད་པ་འགྱུར༔ བསྡུ་ན་ཀྲཱི་ཡོག་རྣམ་པ་གསུམ་དུ་གྲགས༔ བསྐྱེད་པ་མ་ཧཱ་ཡོ་གའི་འགྱུར་བྱང་ལ༔ རྩ་བ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད༔ རྣམ་སྣང་ལ་སོགས་སྒྱུ་འཕྲུལ་སྡེ་བཞི་དང་༔ གསང་བ་རྡོར་སེམས་སྒྱུ་འཕྲུལ་སྡེ་ཚན་བརྒྱད༔ སྒྲུབ་པ་བཀའ་བརྒྱད་སྤྱི་རྒྱུད་སྒོས་རྒྱུད་དང་༔ འཇམ་དཔལ་སྐུ་སྒྱུད་ཟླ་གསང་ནག་པོ་དང་༔ པདྨ་གསུང་རྒྱུད་རྟ་མཆོག་རོལ་པ་དང་༔ ཡང་དག་ཐུགས་རྒྱུད་ཧེ་རུ་ཀ་གལ་པོ༔ བདུད་རྩི་ཡོན་ཏན་རོལ་པ་ཆེ་ཆུང་དང་༔ ཕུར་པ་ཕྲིན་ལས་བིདྱོཏྟ་མ་ལ༔ མ་མོ་འབུམ་ཏིག་ལ་སོགས་སྒྲུབ་སྡེ་དྲུག༔ སྦྱོར་སྒྲོལ་སྨན་རཀ་གཏོར་མའིརྒྱུད་སོགས་འགྱུར༔ ནང་ལུང་ཨ་ནུ་ཡོ་གའི་འགྱུར་བྱང་ནི༔ རྩ་རྒྱུད་ཡེ་ཤེས་ཕྱག་རྒྱ་རོལ་པའི་མདོ༔ དབང་བསྐུར་རྒྱལ་པོ་རིག་འཛིན་དྲུག་གི་མདོ༔ ཏིང་འཛིན་མཆོག་མདོ་གསང་སྒོ་འགྲེལ་པའི་མདོ༔ རྡོ་རྗེ་མ་གོལ་སྒྲོལ་མ་བརྩེགས་པའི་མདོ༔ དེ་དག་རྩ་བའི་མདོ་བདུན་འགྱུར་བྱང་ངོ་༔ ལུང་ཆེན་རྩ་བ་ནང་གི་མདོ་བདུན་ནི༔ སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ༔ ཀུན་འདུས་རིག་པ་སེམས་ལུང་ཆེན་མོའི་མདོ༔ ཡེ་ཤེས་རྔམ་གློག་ཁུ་བྱུག་རོལ་པའི་མདོ༔ གལ་པོ་ཆེ་དང་འཇིག་རྟེན་འདས་པའི་མདོ༔ དེ་དག་ལུང་ཆེན་ནང་གི་མདོ་བདུན་ནོ༔ སྐུ་མཆོག་བསྐལ་པ་མེ་ལྟར་འབར་བའི་རྒྱུད༔ གསུང་དབྱངས་ཁྲོ་རྒྱལ་དབང་ཆེན་འདུས་པའི་རྒྱུད༔ ཐུགས་མཆོག་རྣམ་དག་པུཎྜ་རཱི་ཀའི་རྒྱུད༔ ཡོན་ཏན་ལྷུན་རྫོགས་ལྷ་མོ་མ་གོལ་རྒྱུད༔ ཕྲིན་ལས་མཐར་ཕྱིན་སྒོམ་དོན་དྲུག་པའི་རྒྱུད༔ བླ་མེད་དོན་རྫོགས་འདུས་པའི་རྒྱུད་རྣམས་དང་༔ སྤྱི་རྒྱུད་སྟོང་གིས་བརྒྱན་པ་ལ་སོགས་འགྱུར༔ སངས་རྒྱས་ཀུན་གྱི་དགོངས་པ་འདུས་པ་ནི༔ བཀའ་རྣམས་ཀུན་གྱི་དེམས་སུ་བཞག་པ་ཡིན༔ རྫོགས་པ་ཨ་ཏི་ཡོ་གའི་འགྱུར་བྱང་ལ༔ རྩ་རྒྱུད་སྡེ་ལྔ་ཡན་ལག་རྒྱུད་སྡེ་བདུན༔ བཤད་པའི་རྒྱུད་བཞི་ཡན་ལག་བཅས་པ་དང་༔ རྫོགས་པ་ཆེན་པོ་སེམས་སྨད་བཅོ་བརྒྱད་དང་༔ ཀློང་སྡེ་དཀར་ནག་ཁྲ་གསུམ་མ་བུའི་སྐོར༔ མན་ངག་སྡེ་ལ་བཀའ་གཏེར་སྙན་བརྒྱུད་གསུམ༔ དེ་དག་རེ་རེ་ལ་ཡང་སྐོར་ལྔ་ལྔ༔ ཕྱི་སྐོར་ནང་སྐོར་གསང་སྐོར་བླ་མེད་སྐོར༔ ཡང་གསང་ཐིག་ལེའི་སྐོར་ཏེ་སྔ་འགྱུར་ལྔ༔ ཕྱི་འགྱུར་བཅུ་གསུམ་བར་འགྱུར་བཅོ་བརྒྱད་དང་༔ ཡང་འགྱུར་ཉི་ཤུ་ལ་སོགས་མང་དུ་འགྱུར༔ སྤྱི་ཏི་ཡོ་ག་འབྲས་བུའི་མདོ་བདུན་དང་༔ རྫོགས་ཆེན་བཀའ་འདུས་རྒྱུད་བཅུ་ལ་སོགས་བསྒྱུར༔ དེ་དག་རྣམས་ཀྱི་འགྲེལ་བཤད་སྒྲུབ་ཡིག་དང་༔ ཕྱོགས་མཐུན་བསྟན་བཅོས་དཔག་ཏུ་མེད་པའང་འགྱུར༔ རྒྱ་དཔེ་ནཱ་ལེནྡྲ་ཡི་གཙུག་ལག་དང་༔ ལྷ་ཀླུ་གནོད་སྦྱིན་མཁའ་འགྲོའི་གནས་བཞུགས་པ༔ སློབ་དཔོན་རྣམས་ཀྱི་རྫུ་འཕྲུལ་གྱིས་བླངས་ནས༔ ད་ལྟ་བསམ་ཡས་དཀོར་མཛོད་རྣམས་སུ་བཞུགས༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ གསང་སྔགས་ཕྱི་ནང་གི་འགྱུར་བྱང་བསྡུས་པའི་ལེའུ་སྟེ་གྱ་བརྒྱད་པའོ༔ ༔


༨༩། འདུས་བྱས་མི་རྟག་པར་བསྟན་པ།


དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ ཡོ་འབོག་ལྕམ་མེའི་ཐང་ལ་ཁྲི་བཤམས་ནས༔ བཀའ་དྲིན་གསོབ་ཕྱིར་ལོ་པཎ་གྲལ་ལ་བཀོད༔ གསོལ་ཟས་ན་བཟའ་ལུས་གང་འཐེབ་རེ་ཕུལ༔ ཕོ་མཛོ་མོ་མཛོ་རྟ་རེ་དྲེའུ་རེ༔ གསེར་ཕྱེ་བྲེ་རེ་གསེར་གྱི་པ་ཏྲ་རེ༔ ཇ་རེ་ཁྲབ་རེ་གོས་ཡུག་དར་ཡུག་རེ༔ ཕྲུག་ཆེན་དོས་རེ་ཐེར་སྲབ་དོས་རེ་ཕུལ༔ རྒྱལ་པོའི་མངའ་འོག་བློན་འབངས་ཐམས་ཅད་ཀྱིས༔ ཆེ་འབྱོར་ཆུང་འབྱོར་ནོར་སྤུས་དག་པར་ཕུལ༔ ལོ་ཙཱ་རྣམས་ལ་ཆོས་རྩིས་བྱར་དགའ་གནང་༔ གཙུག་གི་ནོར་བུར་གྱུར་པའི་བླ་མར་བཏོན༔ རྒྱལ་པོས་སྐུ་དྲིན་ཆེ་བའི་ལོ་རྒྱུས་གསུངས༔ པཎ་ཆེན་བརྒྱ་རྩ་བརྒྱད་ཀྱི་མཆོག་གྱུར་པ༔ སློབ་དཔོན་པདྨས་གཏམ་ལན་མདོ་བསྔོ་གསུངས༔ དེ་གོང་གཏམ་མེད་དེ་ནས་གཏམ་གཏོང་བྱུང་༔ ཡས་གཏམ་མས་གཏམ་གཉིས་ཀ་དེ་ནས་དར༔ བི་མ་མི་ཏྲ་རྒྱ་ནག་ཡུལ་དུ་བཞུད༔ རྒྱ་གར་པཎྜི་ཏ་རྣམས་རང་ཡུལ་གཤེགས༔ གཞན་ཡང་པཎྜི་ཏ་རྣམས་རང་ཡུལ་ལ༔ ལོ་ཙཱ་བ་དང་འབངས་ཀྱིས་སོ་སོར་བསྐྱལ༔ རྒྱ་གར་ཆོས་མི་སྡོམ་པར་བཀའ་བཀྲོལ་ཕུལ༔ སངས་རྒྱས་གཉིས་པ་སློབ་དཔོན་པདྨ་དང་༔ བྱང་ཆུབ་སེམས་དཔའ་བོ་དྷི་ས་ཏྭ་གཉིས༔ སྐྱེ་བ་སྔ་མའི་ལས་འབྲེལ་སྤུན་ཡིན་པས༔ བཞུད་པར་མ་གནང་བཞུགས་པར་ཞལ་གྱིས་བཞེས༔ མཁན་ཆེན་བྱང་ཆུབ་གླིང་དུ་དགོངས་པར་བཞུགས༔ སློབ་དཔོན་བསམ་ཡས་མཆིམས་ཕུར་དགོངས་པར་བཞུགས༔ དེ་ནས་རྒྱལ་པོས་ཆོས་ལ་ཉམས་ལེན་ཞུས༔ བྱིན་བས་བརྒྱུད་པ་མ་ཆད་ལོ་རྒྱུས་དང་༔ དབང་བསྐུར་ཆུ་བོ་མ་ནུབ་བསྐུར་བའི་ཐབས༔ གདམས་ངག་གཟར་ཁ་མ་ལོག་ཁྲིགས་ཆགས་དང་༔ སྲིད་སྡེ་དགྲ་ལ་མ་ཤོར་ཉམས་ལེན་གནད༔ སྤོ་ང་ཕུགས་ནས་མ་ལངས་ཆོས་ཀྱི་བདག༔ ལྷ་འདྲེ་འདྲེ་རུ་མི་གནོད་བསྟན་པའི་དབྱེ༔ སློབ་དཔོན་བདུད་དུ་མ་བབས་ལུང་དུ་བསྟན༔ སྨན་འཐུངས་དུག་ཏུ་མ་སོང་སྒྲུབ་པའི་ཐབས༔ བློ་ཁེལ་ངེས་པ་མང་པོ་རྒྱལ་པོར་གསུངས༔ སྒྲ་བསྒྱུར་ཕུལ་ཕྱིན་བཻ་རོ་ཙ་ན་དང་༔ ཡིག་རིགས་ཉེར་གཅིག་ཤེས་པའི་ལེགས་སྦྱིན་ཉི༔ ཡིག་སྐྱེན་མཐར་ཕྱིན་ལྡན་མ་རྩེ་མང་དང་༔ ནམ་མཁའི་སྙིང་པོ་ཨཱ་ཙར་ཡེ་ཤེས་དབྱངས༔ སྙིང་སྟོབས་དང་ལྡན་རྒྱས་བསྡུས་མང་ཞིག་བསྒྱུར༔ སྨན་རྩིས་ཕོ་མདོས་མོ་མདོས་ཀླུ་ཆོག་དང་༔ བསྲུང་བའི་ཡན་ལག་བརྒྱ་དང་རྩ་བརྒྱད་བསྒྱུར༔ དེ་དུས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ ཚོགས་འཁོར་བརྒྱ་དང་རྩ་བརྒྱད་བྱས་པའི་དུས༔ རྒྱལ་པོའི་སྲས་མོ་པདྨ་གསལ་ན་སྟེ༔ ནང་དགུང་རྒྱལ་པོ་གདན་འདྲེན་ཕོ་ཉ་བྱུང་༔ རྒྱལ་པོས་བྱོན་པས་སྲིན་ནད་ཕོ་ལང་འདུག༔ བྱིན་བས་ཞུ་དགོངས་རྒོད་མ་དཀར་མོར་བཀལ༔ གུ་རུའི་དྲུང་དུ་བྱིན་བས་ཞུ་རུ་འོངས༔ དེ་དུས་ཡེ་ཤེས་མཚོ་རྒྱལ་སྒོམ་བྱེད་པའི༔ མཁུར་ཚོས་གཡས་པར་ཁུ་འཕངས་འཇའ་འོད་ཕོག༔ ལུས་པོ་འདར་ཡེང་བྱུང་ནས་བསྒོམ་བཤིག་བལྟས༔ རྣ་བར་རྟ་གཉིས་ཁྲོག་ཁྲོག་སོང་བ་ཐོས༔ མཉམ་གཞག་ལྟ་སྟངས་བྱས་ནས་བསྒོམས་པའི་དུས༔ གསེར་སྦྲམ་རྡོག་པོ་མགོ་ལ་ཕོག་ནས་བྱུང་༔ སློབ་དཔོན་དྲུང་གི་མཎྜལ་རྒྱན་དེར་འདུག༔ ང་ལ་ཤོག་གསུངས་ཡིན་འདུག་སྙམ་ནས་ཕྱིན༔ ཕུག་པའི་སྒོ་འགྲམ་གཡས་གཡོན་རྟ་རེ་བཏགས༔ སློབ་དཔོན་དྲུང་ན་ལྷ་ལྕམ་པདྨ་གསལ༔ དགུང་ལོ་བརྒྱད་ལོན་པ་དེ་ཤི་ནས་འདུག༔ དེ་ན་རྒྱལ་པོ་ཉིད་ཀྱང་བརྒྱལ་འདུག་པས༔ བློ་དམན་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས༔ ནད་གདོན་ཉེན་ནམ་ཡབ་སྲས་ཅི་བྱུང་ཞུས༔ སློབ་དཔོན་ཞལ་ནས་དེ་ཙམ་མི་འོང་བར༔ མངའ་བདག་རྒྱལ་པོ་ཡར་ལ་སློང་དང་གསུངས༔ མཚོ་རྒྱལ་དར་དཀར་སླེ་འུས་དབུ་ནས་བསླངས༔ རྗེ་ལགས་བཞེངས་དང་ཞེས་པས་ཐུགས་གསོས་སོ༔ རྒྱལ་པོ་བརྒྱལ་སངས་ལྷ་ལྕམ་རོ་ལ་གཟིགས༔ མཆི་མས་གདོང་དག་བཤུམ་ཞིང་སྨྲེ་སྔགས་འདོན༔ སློབ་དཔོན་རྒྱལ་པོ་ཉིད་ལ་བཀའ་སྩལ་པ༔ འདུས་བྱས་རྟག་པ་མ་ཡིན་རྐྱེན་གྱིས་འཇིག༔ སྐྱེས་པའི་མཐའ་མཆི་འདུས་པའི་མཐའ་མ་འབྲལ༔ ས་སྟེང་འདུས་བྱས་ཐམས་ཅད་འདི་དང་འདྲ༔ ཉམས་ལེན་རང་ཐོག་དྲན་པ་གསལ་ཐོབ་མཛོད༔ སང་རེད་རྒྱལ་པོ་ཉིད་ཀྱང་གཤེགས་ན་གསུངས༔ དེ་ནས་རྒྱལ་པོས་ཨམ་གཙིགས་བསྡམས་ནས་བཞེངས༔ གསེར་སྐྱོགས་གཡུས་བཀང་སློབ་དཔོན་ཕྱག་ཏུ་ཕུལ༔ ཕྱག་ནི་དབུ་ཐོད་བུད་བུད་བཙལ་ནས་ཞུས༔ ཀྱེ་མ་རིག་འཛིན་སློབ་དཔོན་ཆེན་པོ་ལགས༔ འདུས་བྱས་ཆོས་རྣམས་ཐམས་ཅད་མི་རྟག་ན༔ བསྟན་གཞི་གཙུག་ལག་ཁང་ནི་ཇི་ལྟ་བུ༔ སྡུག་བསྔལ་འབྱུང་ཁུངས་རྒྱལ་ས་སུ་ཡིས་འཛིན༔ ང་ཡི་བུ་མོ་ལྷ་ལྕམ་པདྨ་གསལ༔ ཚེ་སྔོན་བསོད་ནམས་བསགས་ཏེ་ང་དང་འཕྲད༔ ཉིད་སོགས་ལོ་པཎ་མཁས་གྲུབ་རྣམ་དང་མཇལ༔ མ་བསགས་ཚེ་མཐར་མ་ཕྱིན་འགྲོགས་ཡུན་ཐུང་༔ ཚེ་དུས་བྱེད་པའི་རྒྱུ་རྐྱེན་ཅི་ལས་བྱུང་༔ ང་དང་ཕ་སྤད་ལས་འབྲེལ་ཇིལྟར་ལགས༔ ཕྱི་མའི་དུས་ན་སྐྱེ་བ་གང་དུ་ལེན༔ མཐོ་རིས་བྱང་ཆུབ་སྐབས་ནི་མཆིས་མ་མཆིས༔ མ་ཧཱ་གུ་རུ་རཏྣས་གསུང་བར་ཞུ༔ སློབ་དཔོན་དར་ཅིག་ཅི་ཡང་མི་གསུང་བཞུགས༔ དེ་ནས་མངའ་བདག་རྒྱལ་པོ་གསོན་ཅིག་གསུངས༔ རྒྱལ་པོས་བཞེངས་པའི་གཙུག་ལག་ཁང་འདི་ལ༔ ཞིག་རལ་བདག་ཏུ་འཛིན་པ་མང་དུ་འབྱུང་༔ དགག་སྒྲུབ་སྡུག་བསྔལ་མ་མཛད་ཡལ་དུ་ཆུག༔ མངའ་བདག་རྒྱལ་པོ་ཉིད་ཀྱི་རྒྱལ་ས་ཡང་༔ ད་ནས་གདུང་བརྒྱུད་མི་རབས་གཉིས་སོང་ནས༔ བོད་ཁམས་ཡོངས་ཀྱི་བསོད་ནམས་ཟད་པ་དང་༔ སྔོན་གྱི་གནོད་སྦྱིན་སྤུན་གསུམ་ཚེ་འཕོས་ནས༔ རྒྱལ་པོ་སེང་གེའི་མགོ་ཅན་དུད་འགྲོའི་མིང་༔ བློན་པོ་ཐེའུ་རང་སྤྲུལ་པ་སྤྲེའུ་མགོ་ཅན༔ ཞང་བློན་ཁྲ་ཡི་མགོ་ཅན་ཕུང་གསུམ་འབྱུང་༔ གཅེན་བཀྲོངས་གཅུང་སྤྱུག་དམ་པའི་ལྷ་ཆོས་བསྣུབས༔ ཆོས་པ་རབ་གསོད་འབྲིང་སྤྱུག་ཐ་མ་འཁོལ༔ གཙུག་ལག་ཁང་ཀུན་ཤ་ཁྲག་དམར་ལོང་འགེངས༔ ལྷ་ཡི་ཕྱག་ལ་པགས་པ་ནང་ཆ་འགེལ༔ བཟང་པོའི་སྤྱོད་ལམ་ན་བུན་བཞིན་དུ་ཡལ༔ ངན་པའི་སྤྱོད་ལམ་འཚུབ་མ་བཞིན་དུ་ལངས༔ རྒྱལ་ཁྲིམས་མདང་གི་རྨི་ལམ་བཞིན་དུ་སད༔ སྤྱི་གཅེས་དཀོན་ཅོག་མི་རོ་བཞིན་དུ་བོར༔ སྒོས་གཅེས་ཕ་མ་གྲི་མདུང་རྩེ་ལ་བསྐྱོན༔ སྤྱོད་ངན་རང་གིས་བྱས་ནས་དུས་ངན་ཟེར༔ རྗེ་ཡིས་བཞེངས་པའི་ཆོས་འཁོར་ཐམས་ཅད་འཇིག༔ མ་ཉེས་པ་ལ་སྐྱོན་འབེབས་མི་དགེ་སྤྱོད༔ མི་མགོ་བྲན་བྱེད་ཇག་ཆོམ་རྐུན་མ་དར༔ རི་ཀླུང་མེད་པའི་སེམས་ཅན་མི་སྐྱིད་སྡུག༔ སྐྱིད་མེད་གཤེད་མ་སྲོག་གི་སག་བདར་འབྱུང་༔ བདུད་ཀྱི་རྒྱལ་པོས་རྒྱལ་སྲིད་ལོ་ཟླ་གཅིག༔ བྱང་ཆུབ་སེམས་དཔས་ཐུགས་བསྐྱེད་གྲི་རུ་བཀུམས༔ གདུང་བརྒྱད་འོད་སྲུངས་ཡུམ་བརྟན་གྲགས་པ་འབྱུང་༔ གཅེན་ལ་མི་འཆམ་དབུ་རུ་གཡུ་རུ་འཁྲུག༔ ཉིན་འཁྲུག་མཚན་འཁྲུག་ལོ་ནི་བཅུ་གཉིས་འཁྲུག༔ མི་ལ་བསད་ཤི་གཉིས་ལས་མེད་པ་འབྱུང་༔ ཅེན་དགུ་ཡུམ་བརྟན་ཁྱེར་ཏེ་འབངས་རྣམས་འཁོལ༔ རྒྱལ་པོའི་གདུང་རབས་དགུ་བཅུ་གོ་བརྒྱད་ན༔ བསོད་ནམས་ཟད་པའི་རྒྱལ་པོ་ཞིག་ཀྱང་འབྱུང་༔ འབངས་རྣམས་ཁེངས་ལོག་རྗེ་ཡི་ལ་ཡོགས་འབྱུང་༔ སྟེང་ན་རྗེ་མེད་འོག་ན་འབངས་མེད་པ༔ མཐའ་ཤོར་དཀྱིལ་རྡོལ་འགྲིམ་འགྲུལ་སྐྱེལ་མ་དགོས༔ ལོ་ནི་བརྒྱའམ་བདུན་ཅུ་རྩ་ལྷག་འབྱུང་༔ ཁ་བ་ཅན་གྱི་བོད་ཡུལ་རྒྱལ་ཁམས་འདིར༔ གདུང་རབས་དྲུག་ཏུ་དམ་ཆོས་སྒྲ་མི་གྲག༔ ད་ལྟ་བསྒྱུར་བའི་མདོ་སྔགས་ཆོས་སོ་ཅོག༔ བརྒྱ་ཚར་སྟོང་ཚར་མང་པོ་བཞེངས་བྱས་ནས༔ ལ་ལ་གཏེར་སྦས་ལ་ལ་མཐའ་ལ་སྤྱུགས༔ དེ་ལྟར་མཛད་ན་ཕྱི་རབས་ཕན་ཆེར་ཐོགས༔ ལན་ཅིག་དམ་ཆོས་འདུལ་བའི་བསྟན་པ་ནི༔ མེ་རོ་ཙམ་ཞིག་མདོ་ཁམས་སྨད་ནས་འབྱུང་༔ འབྲས་བུ་གསང་སྔགས་ཆོས་ཀྱི་བསྟན་པ་ནི༔ གཞུ་རྒྱུད་ཙམ་ཞིག་སྟོད་ཀྱི་ཕྱོགས་ནས་འབྱུང་༔ དེ་ནས་མདོ་སྔགས་གཉིས་ཀྱི་བསྟན་པ་ནི༔ མ་ནུབ་ཙམ་ཞིག་མཐའ་ནས་དབུས་སུ་འབྱུང་༔ རྗེ་ཡི་གདུང་བརྒྱུད་མི་རབས་བརྒྱ་སོང་ནས༔ མངའ་རིས་སྐོར་གསུམ་མང་ཡུལ་སྤུ་རངས་སུ༔ གདུང་བརྒྱུད་རྒྱལ་པོ་མགོན་གསུམ་ཞེས་བྱ་འབྱུང་༔ དེ་འདས་ཕན་ཆད་རྒྱལ་ཁམས་མི་བདེ་སྟེ༔ རྩི་ཤིང་ནགས་བསྐམས་མི་ཡི་ཟ་ཐང་བྲི༔ བཅུད་རྣམས་སས་འཐུངས་སྨན་རྣམས་ནུས་པ་ཡལ༔ འབྲས་བུ་མི་སྨིན་ཆར་ཆུ་དུས་མི་འབབ༔ སྐྱེ་ཁུངས་ཞན་ཅིང་ཕྱུགས་རྣམས་ཞོ་ཤེ་ཆུང་༔ ནད་མང་ཚེ་ཐུང་མུ་གེ་སྐབས་སུ་འབྱུང་༔ དེ་ནས་མི་རབས་བདུན་བརྒྱད་ཚུན་ཆད་དུ༔ མེས་དབོན་རྣམ་གསུམ་བཞེངས་པའི་གཙུག་ལག་ཁང་༔ མཐའ་ཉམས་དབུས་ཀྱི་ལྟེ་བ་ལུས་པ་ལ༔ མངའ་ཐང་ཉམས་པས་ལྷ་ཁང་ཕུག་རོན་འཛིན༔ ལྷ་ཁང་ནང་དུ་བྱ་བྲུན་མང་པོ་འབྱུང་༔ ལྷ་ལ་ཕུག་རོན་ཚང་འཆའ་བྱ་སྐྱག་འབྱུག༔ སྐབས་ཤིག་གཙུག་ལག་ཁང་སྒོ་བརྩིགས་པ་འབྱུང་༔ སྐབས་འགར་སྤྲང་པོའི་ཚང་བཅས་འཛིན་པ་དང་༔ ལྷ་ཡི་ཕྱག་ལ་སྤྲང་པོའི་ཟོ་བ་འདོགས༔ ཆོས་ལ་སྤྲང་སྤྲུག་ཤོག་འབག་བྱེད་པ་འབྱུང་༔ གཙུག་ལག་ཁང་ལ་ཞབས་ཏོག་མེད་པ་ཡིས༔ དཀར་པོའི་ཕྱོགས་ཕམ་ནག་པོ་རྒྱལ་གྱུར་པས༔ ཧོར་ཡུལ་ཤིན་ཁུན་ཏའི་ཏུར་གྲགས་པ་འབྱུང་༔ གནམ་ཐེའུ་དཀར་པོའི་སྤྲུལ་པའི་རྒྱལ་པོ་ཞིག༔ ལྕགས་པོ་ཁྱི་ལ་འགོང་པོའི་སྤྲུལ་པ་འགྱེད༔ བོད་ཡུལ་མི་བདེ་མཚོན་གྱི་ཆར་པ་འབབ༔ བོད་རྣམས་ཀྱེ་མ་ཀྱི་ཧུད་སྙིང་རེ་རྗེ༔ བཅུ་ལོན་ཡན་ཆད་མགོ་མེད་ཇ་སིག་འདྲ༔ རྨོས་བརྐོ་ཐོང་མཁན་མི་རྙེད་མོ་གླིང་འདྲ༔ ཤ་མཁར་བརྩིག་ཅིང་ཁྲག་གི་རྫིང་བུ་བསྐྱིལ༔ ན་ཆུང་སྤྱོད་ཅིང་བུད་མེད་བྲན་དུ་བཀོལ༔ མཐའ་མི་དབུས་རྡིབ་བོད་ཁམས་སིལ་བུར་འགྲོ༔ དབུས་གཙང་ཁམས་གསུམ་ཐམས་ཅད་ཧོར་ཚང་འཆའ༔ གསེར་ཡིག་དངུལ་ཡིག་ཁ་བྱང་བཏབ་ནས་འགྲོ༔ དེར་ནི་རྒྱལ་པོ་ཐུགས་མུག་མང་དུ་བཤུམས༔ སློབ་དཔོན་སེམས་ཅན་ལས་ཡིན་མ་བཤུམས་གསུངས༔ མངའ་བདག་རྒྱལ་པོས་ཕྱག་བཙལ་ཞུས་པ་ནི༔ ཧོར་ཁྲིམས་ཙམ་གནས་ཇི་ཙམ་ན་འཇིག་ཞུས༔ སློབ་དཔོན་པདྨའི་ཞལ་ནས་རྒྱལ་པོ་ལགས༔ ཧོར་ཁྲིམས་བརྒྱ་དང་ཉི་ཤུ་རྩ་ལྷག་གནས༔ ཇིང་གིར་རྒྱལ་པོའི་ཁྲིམས་ཞེས་ཡུན་རིང་འབྱུང་༔ ཇིང་ནང་གྲུམ་ནས་རྒྱ་ནག་ཡུལ་ནས་འཇིག༔ སྨན་གྱི་ཡུལ་ནས་འཇམ་དཔལ་སྤྲུལ་པ་འབྱུང་༔ ས་ནང་གྲུམ་ནས་ཕག་གིས་ས་སློག་འཇིག༔ ཡར་ཀླུངས་ནང་ནས་ཕྱག་རྡོར་སྤྲུལ་པ་འབྱུང་༔ ལྕགས་ཕོ་ཁྱི་ལ་ཧོར་དམག་བོད་དུ་འོང་༔ མདོ་སྟོད་མདོ་སྨད་སོག་ཆུ་རི་བྲག་སོགས༔ ཞིབ་པར་མི་བཀོད་སྐྱོ་བ་སྐྱེ་བའི་རྒྱུ༔ ཡུལ་གྲུ་བཅུ་དྲུག་བཅོམ་ནས་ཅུང་ཟད་བདེ༔ ཏའི་ཤིའི་ཕོ་བྲང་འབྱུང་བཞིའི་འཇིགས་པས་འཇོམས༔ མི་ལ་ཚེ་མེད་སོས་ཀའི་སྦྲང་མ་འདྲ༔ ནོར་ལ་བདག་མེད་ཚོང་དུས་མགྲོན་ཁང་འདྲ༔ ད་ལྟ་བཞིན་དུ་ཧོར་རྣམས་བོད་འོག་འཁོལ༔ མི་རབས་བཅོ་བརྒྱད་བར་དུ་བརྟན་པར་འགྱུར༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ འདུས་བྱས་མི་རྟག་པར་བསྟན་པའི་ལེའུ་སྟེ་གྱ་དགུ་པའོ༔ ༔









བྱམས་བརྩེའི་འོད་ཁྱིམ་འཕྲིན་སྟེགས།





〖1〗༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གིས་ལྗགས་ཁྲིད་མཛད་པའི་མདོ་སྡེ་མཛངས་བླུན་སྒྲ་『ཆ་ཚང་།』


〖2〗འདན་སྲས་གཡུ་འོད་འབུམ་མེའི་རྟོགས་བརྗོད།སྒྲུང་པ་སྐལ་བཟང་གྲགས་པ།〖ཆ་ཚང་།〗


〖3〗༄༅། །འཛམ་གླིང་སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས་བསྡུས་པ་ལུག་རྫི་རྒན་པོའི་ཀི་སྒྲ་ཞེས་བྱ་བ་བཞུགས་སོ། །༸མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད།སྐུ་ཉིད་ཀྱིས་ལྗགས་ཁྲིད་གནང་བའི་སྒྲ་〖ཆ་ཚང་།〗


མཁན་འཆི་མེད་རིག་འཛིན་གྱིས་གསུང་བའི་བདེ་ཆེན་ཞིང་གི་སྨོན་ལམ།【ཚ་ཚང】


ང་ཚོ་འགྲོ་བ་མི་ཡིན་པ་དང་སྤྱི་ཚོགས་ལ་བརྟེན་ནས་གནས་ཡོད་པས།   མི་རེ་རེར་སྤྱི་ཚོགས་དང་འགྲོ་མིའི་བདེ་སྐྱིད་ཀྱི་ཆེད་དུ་ཡང་དག་པའི་བྱ་བ་བྱེད་རྒྱུའི་འགན་ཡོད།   གང་ཞེ་ན།   འབྱུང་གྱུར་གྱི་མིའི་རང་གཤིས་བཟང་པོ་ཞི་བདེའི་ཚོར་སྣང་ལྡན་པ་ཞིག་བྱུང་ན་ཚང་མ་ལ་ཁེ་བཟང་ཆེ་བ་སྨོས་མི་དགོས་མོད།  དེའི་ཕྱིར་ངེད་༼བྱམས་བརྩེའི་འོད་ཁྱིམ་༽གྱིས་བརླན་པའི་འཇིག་རྟེན་གསར་པའི་འཕྲིན་སྟེགས་ནང་(དུས་རབས་ཀྱི་ཅོང་བརྡས་)ཞིང་འབྲོག་གཉིད་ལས་སློང་ངེས་ན་འདིར་ཕེབས་པར་དགའ་བསུ་དང་གུས་འདུད་གྲངས་མེད་ཞུ་བཞིན་ཡོད།


གསལ་བཤད།


སྤྱི་སྟེགས་འདིར་རིན་ཐང་ཆེ་བའི་གཏམ་བཤད་དང་། ལོ་རྒྱུས་ངོ་སྤྲོད། གསོ་རིག་ལས་འཕྲོས་པའི་གལ་ཆེའི་འཕྲོད་བསྟེན་ཤེས་བྱ།  ཡུལ་ལུང་གོམས་སྤྱོད་ངོ་སྤྲོད།   ཡུལ་སྐོར་ཟིན་ཐོ། ཡ་མཚར་དངོས་བྱུང་སྐོར། ནང་ཆོས་དང་མཚན་རིག་ལས་འཕྲོས་པའི་ཀུན་སྤྱོད་དང་ལྟ་གྲུབ་སྐོར།  ད་དུང་འཆད་ཁྲིད་གལ་ཆེན་སོགས་འགོད་ཀྱིན་ཡོད་པས་རིན་ཐང་ཅན་རེ་ཡིས་རྒྱབ་སྐྱོར་ཡོང་བར་བཀའ་དྲིན་སྙིང་ནས་ཞུ།



འཕྲིན་སྟེགས་གཙོ་སྐྱོང་པས།




སྤྱི་སྟེགས་སུ་མི་སྒེར་དང་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ།  མྱུར་དུ་ང་ཚོར་འབྲེལ་གཏུགས་གྱིས་དང་དྲྭ་ངོས་ནས་བསུབ་ངེས་ཡིན།

版权为原著所有,著有侵犯到您的权益,请您与我们联系,我们将立即删除


སྤེལ་ཟིན་པ་དག་ལ་གཟིགས་འདོད་ན།⬇️

རྒྱལ་སྲས་ལག་ལེན། ༧ཆོས་རྗེ་བླ་མའི་གསུངས། སྒྲ།【ཆ་ཚང་།】

ཆོས་རྗེ་བླ་མས་ཁེ་ན་ཏ་ན་གསུངས་བའི་ནང་པའི་ཆོས་ལུགས་དང་མཐུན་པའི་བཀའ་སློབ་མདོར་བསྡུས།༼བརྙན་ཆ་ཚང་།༽

ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་དགོངས་པ་ཆོས་དབྱིངས་སུ་མ་རྫོགས་གོང་བླ་རུང་ཞིང་སྒྲུབ་ཀྱི་རྣམ་པ་དང་སྐྱབས་རྗེ་བླ་མའི་བཀའ་སློབ་དང་ཞིང་དབང་བསྐུར་བའི་བརྙན།

ངེས་ཤེས་སྒྲོན་མེ། འཆད་ཁྲིད་པ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།༼ཆ་ཚང་།

ཡི་གེ་བརྒྱ་པའི་བཀླག་ཐབས་གོ་དོན་སྒྲུབ་ཚུལ་ཕན་ཡོན་བཅས་པ།『ཆ་ཚང་།

རྗེ་བཙུན་ཏཱ་ར་ནཱ་ཐའི་ལྟུང་བཤགས་འགྲེལ་བའི་འཆད་ཁྲིད།༼སྒྲ་ཆ་ཚང་ཡོད།

སྙིང་རྗེ་དང་དཀར་ཟས། བླ་མའི་གསུང་། ༼བརྙན་ཆ་ཚང་།༽

ཚེ་སྲོག་གི་རིན་ཐང་། བླ་མའི་གསུང་། ༼བརྙན་ཆ་ཚང་།༽

སྐྱེ་བ་སྔ་ཕྱི་རྣམ་བཞག༼བརྙན་ཆ་ཚང་།༽

འཛམ་གླིང་འཕྲོད་བརྟེན་ཉིན་མོར་བླ་རུང་པདྨ་མཁའ་འགྲོའི་འདུ་གླིང་གི་བདེ་སྲུང་ཚན་ཆུང་གི་བགྲོ་གླེང་ཐེངས་གཉིས་པའི་སྐབས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་གནང་བའི་བཀའ་སློབ།

མང་ཚོགས་ལ་གནང་བའི་བསླབ་བྱ།༼ཆ་ཚང་།༽ མཁན་ཆེན་མཆོག་གིས་བཀའ་སློབ། 

རྣམ་པར་རྒྱལ་བའི་དུས་གཏམ་ལྷའི་རྔ་སྒྲ།『སྒྲ་ཆ་ཚང་།』འཆད་ཁྲིད་པ།མཁན་ཆེ་ཚུལ་ཁྲིམས་བློ་གྲོས།

སྙིང་གཏམ་སུམ་ཅུ་པའི་བཀའ་ཆོས།【ཆ་ཚང་།】མཁན་ཆོས་དབྱིངས་ཁྱབ་བརྡལ།

བློ་ལྡོག་རྣམ་བཞི། མཁན་ཆེན་བསོད་ནམས་དར་རྒྱས་ཀྱིས་གསུང་བརྙན༼ཆ་ཚང་༽

དྲང་སྲོང་ལུང་གི་ཉི་མའི་བཀའ་ཁྲིད་ཟིན་བྲིས།བསྟན་འཛིན་ནོར་བུ༼ཆ་ཚང་༽

བདེ་ཆེན་ཞིང་ཁྲིད། མཁན་ཆེན་ཆོས་ཐོའི་འཆད་ཁྲིད་གསར་པ།『སྒྲ་ཆ་ཚང་།』

དུས་འཁོར་ཆོས་འབྱུང་། སྒྲ། ༼ཆ་ཚང་།༽ལྡོང་ཡོན་ཏན་རྒྱ་མཚོ་མཆོག

མ་ཎི་དང་མ་ཎི་འཁོར་ལོའི་ཕན་ཡོན། མཁན་ཀུན་ཕན་ནོར་བུའི་གསུང་།

འདན་སྲས་འཁྲབ་སྟོན། ༼བརྙན་ཆ་ཚང་།༽

རྗེ་བཙུན་མི་ལ་རས་པའི་རྣམ་ཐར།༼གློག་བརྙན་ཆ་ཚང་།༽

སྙིང་གཏམ་སྤྲིན་གྱི་རོལ་མོ། ཀློག་འདོན་པ། གངས་ལྷ་སྲས།【ཆ་ཚང་།】

འཕོ་ལུང་། སྒྲ། ཆོས་རྗེ་བླ་མ་དང་མཁན་ཆེན་རྣམ་གཉིས་ཀྱིས་གསུང་།

གྲུབ་བསྡུས་གནད་ཀྱི་སྒྲོན་མེ། མཁན་པོ་ཀུན་བཟང་།༼སྒྲ་ཆ་ཚང་།༽






    您可能也对以下帖子感兴趣

    文章有问题?点此查看未经处理的缓存