查看原文
其他

བླ་མ་ཐུབ་བསྟན་དཔལ་ལྡན་གྱི་དངོས་བྱུང་གཏམ་རྒྱུད་དང་ལོ་རྒྱུས།

藏家韵味 2023-06-06



༄༅། །གསེར་ཐལ་ཞོ་རོགས་བླ་མ་སྔོ་པོའམ་སོག་སྤྲུལ་ཐུབ་བསྟན་

དཔལ་ལྡན་ལགས་དང་གསེར་དམ་ཅན་མགར་

ནག་གཉིས་ཀྱི་བར་གྱི་དངོས་བྱུང་

གཏམ་རྒྱུད།

 

བླ་མ་བཀའ་དྲིན་ཅན་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་བགྱིའོ།།


       བླ་མ་སྔོ་པོ་འམ་སོག་སྤྲུལ་ཐུབ་བསྟན་དཔལ་ལྡན་ལགས་ནི། གསེར་ཐལ་ཞོ་རོགས་སྡེ་བ་ནས་སྐུ་འཁྲུངས་ཤིང་དགུང་ལོ་ཉེར་བདུན་ཐོག་ཆོས་རྗེ་ཡིད་བཞིན་ནོར་བུའི་མདུན་ནས་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་ཞུས་ཏེ་བསྟན་པར་ཞུགས། རིམ་གྱིས་གྲྭ་བ་བྱས་ནས་བླ་རུང་ཆོས་སྒར་ལ་བྱོན་ནས་རབ་ཏུ་བྱུང་སྟེ། གནས་དེར་ལོ་ཉི་ཤུ་ལྷག་ལ་བཞུགས་ནས་སྐྱབས་རྗེ་བླ་མའི་མདུན་ནས་མདོ་དང་སྔགས་ནས་མན་ངག་རྫོགས་པ་ཆེན་པོའི་བར་གྱི་ཟབ་ཆོས་རྣམས་ཐུགས་ཉམས་སུ་བཞེས་པར་མཛད་ཅིང་། བྱ་བ་ལས་ཀྱི་འཁོར་ལོ་འམ་བསྟན་གཞི་གཙུག་ལག་ཁང་སོགས་ཀྱི་ལས་ཀའི་གཙོ་འགན་བཞེས། མ་ཟད་ཆོས་རྗེ་ཡིད་བཞིན་ནོར་བུ་མཆོག་གིས་བཀའ་གསུང་དང་ཐུགས་བཀོད་བཞིན་དུ་སྤྱན་རས་གཟིགས་དངོས་མ་ཎི་བླ་མའི་ཆོས་གསུང་གནས་གསེར་དམ་ཅན་རྔ་རྩིག་ཐང་དུ་གསེར་མཁར་མཐོང་བ་རང་གྲོལ་བཞེངས། ཕྱི་ལོ་༡༩༤༢ལོ་སོག་ཡུལ་བསྟན་པའི་བདག་པོ་ཁྲི་རིན་པོ་ཆེ་སྐུ་ཕྲེང་བཞི་པ་བློ་བཟང་བསྟན་པ་རྒྱ་མཚོའི་མ་འོངས་ཡང་སྤྲུལ་ལུང་བསྟན་ལས།

ང་ཡི་སྤྲུལ་པ་གངས་ཅན་བོད་ལ་འཁྲུངས། །མདོ་ཁམས་གསེར་ལུང་པདྨའི་ཟེའུ་འབྲུ་ལ། །གནས་བཟང་དུས་བཟང་ཕ་བཟང་ཡག་པོ་འདུག །རང་ལོ་དུས་སུ་ཕ་མེས་བསྟན་ལ་བྱོན། །འཁྲུལ་མེད་ཡ་མཚན་རྟགས་ནི་ཨེ་མ་ཧོ། །ནུབ་གནས་རྟ་མཆོག་ཞེ་དགུ་ཐུབ་བསྟན་མཚན། །རྗེ་ཡི་ལྔ་མཆོད་དུས་བཟང་དཔལ་དང་ལྡན། །བསླབ་གསུམ་རྒྱན་ཅན་ཀུན་བཟང་ཐུགས་ཀྱི་སྲས། །གསུང་རབ་བསྣམས་ནས་ཡང་དག་ཁྲི་ལ་བཞུགས། །བསྟན་འགྲོའི་མཛད་ཕྲིན་ཕྱོགས་བཅུ་ཀུན་ལ་ཁྱབ། །ཅེས་སོགས་དམ་པ་མང་པོས་འཁྲུལ་མེད་ཀྱི་གཏེར་ལུང་གིས་ཟིན་པ་བཞིན་དུ་ཁོང་ལ་སོག་ཡུལ་བསྟན་པའི་བདག་པོ་ཁྲི་ཆེན་སྐུ་ཕྲེང་ལྔ་པའི་མཚན་གསོལ་ཏེ། བཀྲ་ཤིས་ཆོས་གླིང་། འཇམ་དབྱངས་དགོན། བྱམས་ཆེན་དགོན་བཅས་ཀྱི་སོག་ཡུལ་དད་ལྡན་སེར་སྐྱ་མང་པོས་གསེར་ཁྲི་ལ་མངའ་གསོལ་དང་ཁྲི་འདོན་བྱས། དུས་དེ་ནས་བཟུང་སོག་པོའི་ཡུལ་དུ་བསྟན་དང་འགྲོ་བའི་མཛད་འཕྲིན་ཕྱོགས་མེད་དུ་རྒྱས་ཏེ། འགྲོ་བ་མང་པོའི་བློ་སྣེ་ལེགས་ལམ་ལ་དྲངས་ཤིང་། སྐུ་སྐྱེ་སྔ་མའི་བཅའ་དངོས་དང་བསྟན་གཞིའི་དགོན་ཤུལ་སོགས་ཀྱང་ཁོང་གིས་གསལ་བོར་ངོས་འཛིན་མཛད་ཅིང་། དགོན་དེའི་རྟེན་དང་བརྟེན་པ་སླར་གསོ་གནང་ནས་དེར་ཆོས་རྗེ་བླ་མ་མཆོག་གིས་ཀྱང་བླ་རུང་འཇིགས་མེད་ཐུབ་བསྟན་ཆོས་གླིང་ཞེས་པའི་མཚན་བྱང་གནང་། གཞན་སོག་པོའི་ཡུལ་གྲུ་ཀུན་ལ་དད་པའི་ཞིང་ས་རུ་དམིགས་ཏེ་རྒྱ་ཆེ་ཞིང་དཔང་མཐོ་བའི་རྟེན་གསུམ་མཆོད་སྡོང་གིས་འགེང་བར་མཛད་ཅིང་། དེ་རྗེས་སྟོན་པ་སངས་རྒྱས་ཀྱི་ལུང་གིས་བསྔགས་པའི་འཕགས་བོད་དང་འཛམ་གླིང་གི་གནས་ཆེན་མང་པོར་ཞབས་ཀྱིས་བཅག་ནས་བསྟན་འགྲོའི་ཆེད་དུ་ཐུགས་སྨོན་རྒྱ་ཆེར་གནང་། ད་སྐབས་ཡང་སོག་ཡུལ་དང་རྒྱ་བོད་ཀྱི་སྒྲུབ་གནས་མང་པོར་བྱོན་ནས་བསྟན་འགྲོའི་དོན་ལ་བརྩོན་ཞིང་སྐུ་འཚོ་གཞེས་སུ་བཞུགས་པ་ནི་ཁོང་གི་རྣམ་ཐར་མདོར་བསྡུས་ཙམ་སྟེ་དངོས་བྱུང་གཏམ་རྒྱུད་འདིའི་ཐོག་མའི་གླེང་བསླང་བའི་ཆེད་དུའོ།།རྒྱས་པར་བལྟ་འདོད་ན་འཇུ་མཁན་པོ་བསྟན་སྐྱོང་གིས་མཛད་པའི་ཁོང་གི་རྣམ་ཐར་ཅུང་རྒྱས་པ་དེ་རུ་གཟིགས་འཚལ།དངོས་བྱུང་གཏམ་རྒྱུད་འདི་ནི་ཁོང་ལོ་ན་ཉེར་བདུན་ཏེ།༡༩༨༠བསྐལ་པ་ལྕགས་སྤྲེལ་ལོའི་བོད་ཟླ་བཞི་པའི་ཚེས་བདུན་གྱི་ནུབ་མོ་དངོས་སུ་བྱུང་བ་ཞིག་རེད།ད་སྐབས་ཁོང་དགུང་གྲངས་དྲུག་ཅུ་རེ་བརྒྱད་ལ་སླེབ་ཡོད་ཅིང་གཏམ་རྒྱུད་འདི་ཡང་བྱུང་ནས་མི་ལོ་ཞེ་གཅིག་འགོར་འདུགདེ་ཡང་གསེར་དམ་ཅན་རྡོ་རྗེ་ལེགས་པའི་གནས་རི་དང་འབྲེལ་བའི་དངོས་བྱུང་གཏམ་རྒྱུད་འདི་ནི་ཆོས་དང་འཇིག་རྟེན་གཉིས་ཀའི་ངོས་ནས་ཤིན་ཏུ་ཕྲ་བའི་གནས་གསང་བ་ལྐོག་གྱུར་གྱི་གནད་མང་པོ་ཞིག་དང་འབྲེལ་བ་ཡོད་པའི་ལོ་རྒྱུས་ཤིག་རེད་འདུགདེའི་སྟབས་ཀྱིས་ཁོ་བོས་ལོ་རྒྱུས་འདི་ངག་རྒྱུན་ཁྲོད་ནས་ཉམས་འགྲོ་བར་དོགས་ནས་ཐེངས་དུ་མར་ཞིབ་འཚོལ་གྱིས་ངལ་བ་དང་ལེན་བྱས་པ་ཞིག་ཡིན།སྤྱིར་གཏམ་རྒྱུད་འདི་ནི་ལོ་མང་པོའི་ཡར་སྔོན་ནས་གཞན་གྱི་ངག་ནས་ཐོས་མྱོང་ཡང་། གཏམ་རྒྱུད་འདི་བྱུང་ཡུལ་གྱི་མི་སྣ་དངོས་དང་འཕྲད་ནས་ཞིབ་འཇུག་མ་བྱས་ཚེ་མི་མང་གི་ངག་སྒོ་ན་འདིའི་བཤད་སྟངས་ཀྱི་གོ་རིམ་དང་། ཐ་ན་སྐད་ཆའི་སྦྱོར་སྟངས་ཚུན་ཆད་ལ་མི་འདྲ་བའི་ཁྱད་པར་མང་པོ་བྱུང་གི་འདུག དེ་བས་ང་རང་ཆེད་དུ་ཁོང་དངོས་ལ་བཅར་འདྲི་བྱེད་སར་སོང་ནས་སྐད་ཆ་དག་སྒྲ་བླངས་ནས་ཡིག་ཐོག་ཏུ་བཀོད་པ་ཡིན། དེ་ཡང་ཁོང་གི་སྐད་ཆ་དེ་དག་ལ་ཡར་སྒྲོ་བཏགས་ནས་མི་སྣོན། མར་སྐུར་འདེབས་ཀྱིས་ཚིག་གཅིག་མི་ཕྲི་བར་ཁོང་གིས་གསུང་པ་དག་ཇི་ལྟ་བ་བཞིན་གཞིར་བཞག་བྱས་ཏེ། ཁ་སྐད་དམ་གྲོང་ཚིག་གི་ལམ་ནས་གོ་བདེ་བར་བརྗོད་ཡོད་པས། འདི་ལ་རྫུན་གྱི་ཆ་ཅུང་ཙམ་ཡང་མེད་པར་ཡིད་ཆེས་བྱེད་ཆོག་པ་ཞིག་རེད་ཡོད།གང་ཞེ་ན། ཁོང་ནི་ད་སྐབས་རྟེན་དགེ་སློང་ཡིན་པས་འདི་འདྲའི་དོན་མེད་ཀྱི་མི་ཆོས་བླ་མའི་རྫུན་གསུང་དོན་མེད་པ་དང་། མ་ཟད་ད་སྐབས་ཁོང་དང་འབྲེལ་འདྲིས་ཆེ་བའི་གསེར་ཡུལ་གྱི་ལོ་ན་རྒན་པའི་མི་སུ་ཞིག་ལ་ཁོང་གི་ལོ་རྒྱུས་དྲིས་ཀྱང་། ཁོང་ནི་མི་གཤིས་ཡག་པོ། བློ་བརྟན་གཞུང་དྲང་གི་མི་ཞིག་ཡིན་ཟེར་མཁན་རྐྱང་རྐྱང་ལས་མི་འདུག་པས། དེ་བས་ང་ཚོས་དངོས་བྱུང་གཏམ་རྒྱུད་འདི་ཡང་ཡིད་ཆེས་པའི་གནས་སུ་འཛིན་རིགས་སོ།།དེ་ཡང་ཁོང་གིས་གཏམ་རྒྱུད་དེ་ཇི་ལྟར་བྱུང་བའི་ཚུལ་དངོས་བརྗོད་པ་ནི། ༈ ཡ་ལགས་སོ། །ད་དེ་རིང་འདི་ནས་ཕྱིར་བརྩིས་པའི་ང་རང་ལོ་ཉེར་བདུན་ཏེ་མི་ལོ་ཞེ་གཅིག་གི་ཡར་སྔོན། ༡༩༨༠བསྐལ་པ་ལྕགས་སྤྲེལ་ལོའི་བོད་ཟླ་བཞི་པའི་ཚེས་བདུན་གྱི་ནུབ་མོ་ང་རང་གསེར་དམ་ཅན་གྱིས་ཁྱེར་ནས་ཆོས་སྐྱོང་ཁོང་གི་བཀའ་བཞིན་དུ་རྡོའི་ཐང་ཡག་མགར་བ་ལ་བཅའ་དངོས་ཞིག་སྐྱེལ་དུ་སོང་ནས་ཚེས་བཅུ་གཉིས་ཉིན་ཏེ་ཉིན་ཞག་བཅུ་འགོར་རྗེས་སླར་རང་ཁྱིམ་དུ་ཐོན་པ་རེད། ལོ་རྒྱུས་འདིའི་གནད་བསྡུས་ན་དེ་རེད།ང་ཞོ་རོགས་སྡེ་བ་ནས་ཡིན། ངའི་ཕའི་མིང་ལ་མུ་ར་བཟང་ལི་ཟེར། མ་ཡི་མིང་ལ་རོང་བཟའ་མགྲོན་མོ་ཟེར། ངའི་ཆུང་མིང་ལ་མགོན་པོ་ཟེར་ཞིང་། ཕ་མའི་གཅེས་མིང་ལ་སྔོ་པོ་ཡང་ཟེར། ངའི་དགེ་ཚུལ་གྱི་མིང་ལ་ཐུབ་བསྟན་དཔལ་ལྡན་ཟེར། ངའི་དགེ་སློང་གི་མིང་ལ་བློ་བཟང་ཐུབ་བསྟན་རྒྱ་མཚོ་ཟེར་ཞིང་། ཕྱིས་སུ་ཆོས་རྗེ་ཡིད་བཞིན་ནོར་བུ་ལགས་ཀྱིས་ཞལ་མཚར་དུ་ངའི་མིང་ལ་མི་ལ་རས་པ་ཞེས་ཀྱང་འབོད་དར། དེང་དུས་ཡོངས་གྲགས་སུ་ཐུབ་བསྟན་དཔལ་ལྡན་ཞེས་འབོད་ཀྱིན་ཡོད། ང་རང་ལོ་ཉེར་བདུན་ཏེ་མི་སྐྱ་ཡིན་པའི་དུས་སྐབས་དེར་ངེད་ར་ཞོ་རོགས་སྡེ་བ་སྡེ་ཕྱེད་ཙམ་ཞིག་འཛི་ཆུང་མདོ་ཡར་མར་དེ་ན་ཡོད་ཅིང་། སྡེ་ཁག་དེའི་སྡེ་དཔོན་གྱི་མིང་ལ་ཞིས་མུག་ཟེར། སྐབས་དེར་ང་རང་ཚན་ཆུང་དེའི་དྲུང་ཡིག་པ་ཡིན། ངེད་ཚོ་ཚང་མ་མཉམ་ལས་ཞེས་པའི་ལས་འགུལ་ལ་ཞུགས་ཡོད་པའི་དུས་སྐབས་ཤིག་རེད། ལོ་དེར་ཐོན་སྐྱེད་འཆར་གཞི་ཟེར་བའི་སྡེ་བ་གཅིག་གི་མི་ཚང་མ་ལས་ཀར་ཞུགས་དགོས་པའི་ལས་འགུལ་ཞིག་སྤེལ་སོང་། ངེད་རང་གི་ཡུལ་ཚོའི་མིང་ལ་གསེར་ཁོག་ཡུལ་ཚོ་ཟེར་ཞིང་། ཡུལ་དཔོན་གྱི་མིང་ལ་གཟུང་མགོན་དང་བསོད་ནམས་ཚེ་རིང་ཟེར་བ་གཉིས་རེད། ཡུལ་ཚོའི་ལས་བྱེད་པ་དང་སྡེ་བའི་གཞི་རིམ་དག་གིས་ཉིན་འགའ་ལ་འཚོགས་འདུ་ཞིག་བྱས་ནས་མཐར་གྲུབ་དོན་ནི་སྡེ་མི་ཡོངས་ལ་མར་བསྒྲགས་དགོས་པའི་དོན་དག་མང་པོ་ཞིག་འདུག་པས་མྱུར་མོར་འཚོགས་འདུ་ཞིག་བྱེད་དགོས་པས་ཁྱེད་ཚོ་ཆ་སྐྱེལ་དུ་འགྲོ་དགོས་ཟེར།ངེད་རའི་ཚན་ཆུང་དེར་གཞི་རིམ་ལས་བྱེད་པ་བརྒྱད་ཡས་མས་ཤིག་འདུག ངེད་ཚོས་ལས་བགོས་བྱས་ནས་སྡེ་བའི་ཁྲོད་དུ་ཆ་གཏོང་དུ་འགྲོ་རྒྱུ་བྱས་པ་རེད། གཞི་རིམ་ལས་བྱེད་དེ་དག་ལས་འགའ་རེ་ནི་ཡར་མཆོད་རྟེན་སྟེང་དུ་སྐད་གཏོང་གི་སོང་བ་རེད། འགའ་རེ་ནི་ཕར་འཛི་ཆུང་ནང་དུ་ཆ་རྒྱག་སར་སོང་ཐལ། ང་རང་ལ་ཁྱོད་ལོ་ཆུང་བས་ས་ཐག་ཅུང་རིང་ས་ལ་ཆ་སྐྱེལ་དུ་འགྲོ་དགོས་ཀི་ཟེར་ནས་གསེར་ཁོག་བྱམས་མགོན་མདོ་ལ་མར་མངག་པ་རེད། དེ་ནས་ང་རང་མར་གསེར་ཁོག་བྱམས་མགོན་མདོ་ལ་ཡོང་བ་ཡིན། བྱམས་མགོན་ཡ་མཆུའི་གད་ཐོག་ན་ངའི་ཨ་ཁུའི་བུ་ཞིག་སྟེ། མུ་ར་བསོད་རིག་ཚང་འདུག ཁོང་ཚང་གིས་ནོར་ཡན་བཟུང་ནས་དེ་ན་བསྡད་ཡོད། ང་རང་དེར་ཐོན་དུས་ཁོང་ཚང་གིས་ནོར་ལྷས་ནས་ཕུད་དེ་ཉི་མའི་དྲོས་ཆེན་བརྒལ་ཙམ་རེད། དུས་སྐབས་དེར་ཆོས་ལུགས་ཆེན་པོ་ཞིག་དར་ནི་མ་རེད། རིག་ས་ནས་སེར་གོས་གྱོན་རྒྱུ། འཁོར་ལོ་དང་འཕྲེང་བ་འཛིན་རྒྱུའི་སྲོལ་ཙམ་ཡང་ཡོད་ནི་མ་རེད།ཡིན་ཡང་ལྭ་བ་དམར་སྨུག་ཕུ་དུང་ཅན་རེ་ཞོལ་བཅིང་བྱས་ནས་གྱོན་ཡོད་མཁན་ཚོ་ཆོས་པ་བ་རེ་ཡིན་རྒྱུའི་ཆགས་འཇོག་གི་ཡོད་པ་རེད།རྒྱལ་ཁབ་ཀྱིས་ཀྱང་ཆོས་ལུགས་ཐད་ཛ་དྲག་གིས་བཀག་སྡོམ་ཡང་བྱེད་ཀི་མེད་པའི་དུས་སྐབས་ཤིག་རེད། ཡང་ཡོངས་གྲགས་ཀྱིས་ཆོས་ལུགས་འདོན་པ་སོགས་ཀྱང་བྱེད་མི་ཕོད་པའི་དུས་སྐབས་ཤིག་རེད་ཡོད། ཁོང་ཚང་གིས་གྲྭ་བ་གཉིས་གསུམ་ཞིག་མངག་ནས་སྣང་ཞི་ཞིག་འདོན་གི་འདུགདེ་ནས་ཁོང་ཚང་གི་རྒན་མོ་ཡང་སྒོ་ཕྱི་ནང་གི་ལས་ཀ་ཚང་མ་ལས་གྲུབ་ནས་ངེད་ཅག་ཚང་མས་མཉམ་པོར་ཇ་འཐུང་བ་ཡིན། སྐབས་དེར་ངས་ཇ་འཐུང་ཞོར་དུ་གོང་རིམ་གྱི་བརྡ་ཁྱབ་བཞིན་དུ་སང་ཉིན་ཁྱེད་ཚང་འཚོགས་འདུ་ལ་ཡོང་དགོས་ཚུལ། ལོ་གཅིག་གི་འཆར་གཞི་མར་བསྒྲགས་རྒྱུ་ཡོད་རབས་སོགས་བཤད་པ་ཡིན། དེའི་ཅུང་ཙམ་ནས་གནམ་ངོ་འཁྲུགས་ཏེ་ཐོག་འབྲུག་གློག་གསུམ་བྱས་ནས་སེར་བ་དྲག་པོ་ཞིག་བརྒྱབ་ཐལ། ཁོང་ཚང་གི་སྦྲ་ཡང་རླུང་སྐོར་འཚུབ་མས་འཁྱེར་འགྲོ་བའི་ཚད་ཅིག་བྱས་ཐལ། ཡིན་ཡང་ཡོན་མཆོད་གཉིས་ཀ་སྦྲ་འདབས་ལ་འཐམ་ནས་སྐྱོན་ཆེན་པོ་བྱུང་མ་སོང་།དེའི་ཅུང་ཙམ་ནས་སེར་བ་འབབ་མཚམས་བཞག་ཐལ། དེ་རྗེས་ངེད་ཚོ་སྦྲ་སྒོ་ལ་བུད་ནས་བལྟས་ཚེ་སེར་བ་དེ་ཁོང་ཚང་གི་མཐའ་འཁོར་གྱི་སྤྱི་ལེ་གཅིག་ཚུན་ཆད་ཙམ་མ་གཏོགས་ས་གཞན་པར་བབས་མི་འདུག དེའི་ཅུང་ཙམ་ནས་ངའི་སྣང་བ་ཞིག་ལ། རང་གི་ཁམས་མི་དྭངས་ཤིང་། ལུས་སེམས་གཉིས་ཀ་ཐང་ཆད་ནས་ཉོབ་མོ་འདྲ་ཞིག་ལ་གྱུར་པའི་སྣང་ཚོར་ཞིག་བྱུང་སྟེ། ག་ཤེད་ཅིག་ནས་ཅུང་ཙམ་ལ་གཉིད་དགོས་ཀི་འདུག་བསམ་པ་ཞིག་བྱུང་། ངས་བསམ་པར། ཁྱིམ་ཚང་འདི་པ་ཚང་ངའི་ཤ་ཉེའི་ཁྱིམ་ཡིན་པས་འདི་ནས་གཉིད་རུང་མི་འཚམ་པ་ཆེན་པོ་མེད་ཀྱང་། ཡང་ཁོང་ཚང་ལ་གྲྭ་བ་རྣམས་ཀྱིས་རིམ་འགྲོ་སྒྲུབ་ནས་མི་མང་ཙམ་འདུག་པས། དེ་ཙམ་སྟབས་བདེ་ཞིག་ཀྱང་མིན་པ་འདྲ་བས། ད་རུང་གསེར་ཆུའི་ཕར་ནང་གི་རུ་བ་དག་ལ་ཆ་ཡང་གཏོང་དགོས་པར་འདུག་པས་དེར་སོང་ན་དགའ་སྙམ་པ་ཞིག་བྱུང་སྟེ། ངས་ཁོང་ཚོ་ལ། དཱ་ང་རང་འགྲོ་བ་ཡིན། ད་རུང་གསེར་ཆུའི་ཕར་ནང་གི་གཅུང་ཤུལ་འཇམ་དཔལ་ཚང་སོགས་ཁོང་ཁྱིམ་ཁག་རྣམས་ལའང་ཆ་གཏོང་དགོས་པ་རེད་ཅེས་བཤད།ཁོང་ཚོས་ད་དུང་ཁྱོད་མ་འགྲོ། འུ་ཚོས་ཤ་བཙོ། ཇ་འཐུང་ནས་ག་ལེར་གྱིས་སོང་དང་ཁོང་ཚོ་ལ་ཆ་གཏོང་དགོས་རུང་ཐག་ཉེ་བོ་རེད་ཟེར།ཡིན་ཡང་ང་རང་དུས་སྐབས་དེར་གཏན་ནས་སྡོད་མི་ཐུབ་པའི་གཉིད་དུབ་མོ་ཞིག་བྱུང་ནས་རང་དབང་མི་འདུག་པས།ངས་དཱ་ང་རང་འགྲོ་བ་ཡིན་ཞེས་བཤད་ནས་བུད་ཡོང་བ་ཡིན། དེ་ནས་གསེར་ཆུ་བརྒལ་ནས་ཕར་རོག་ཤུལ་ཐང་ལ་ཐོན། དེ་དུས་རོག་ཤུལ་ཐང་དུ་རྡོ་དང་སྤོ་ཐོས་བརྩིགས་པའི་རྩྭ་ར་ཞིག་བསྐོར་ནས་ཡོད། དེའི་ནང་ནས་ཕར་འགྲོ་སྐབས་ཀྱང་ལུས་སེམས་གཉིས་ངལ་དུབ་བྱུང་ནས་འགྲོ་མི་ཐུབ་པ་ཞིག་བྱུང་སོང་བས་ས་དེ་ནས་མར་ཙོག་པུར་ཅུང་ཙམ་བསྡད་པ་ཡིན་མོད། དེས་ཀྱང་མ་བདེ་བའི་སྣང་བ་ཞིག་བྱུང་གིན་འདུག་པས་གན་སྐྱལ་དུ་ལོག་ནས་བསྡད་པས་ཅུང་ཙམ་གཉིད་མ་སད་འདྲ་ཞིག་གི་ངང་དུ་ཡོད་པ་ལ། ཡ་གིའི་གསེར་ཁོག་ཐང་ནས་མར་རྟ་བྲ་བྲ་ཅན་གྱི་སྐྱ་མི་ཞིག་ང་ཡོད་སར་གཏད་ནས་ཡོང་གིན་འདུགཕར་བལྟས་ཚོད་ལ། རྟ་ཡི་ཆེ་ཆུང་ཡང་འུ་ཅག་གི་རྟ་ཞིག་ལས་སུམ་འགྱུར་གྱི་ཆེ་བ་ཞིག་རེད། མི་དེ་ཡང་ལྭ་བ་ནག་སྨུག་ཕྲུག་ལྭ་འདྲ་བ་གྱོན་ཡོད་པ་ཞིག་རེད། ཁོ་ངའི་འགྲམ་དུ་ཐོན་ཚེ་རྟ་ལས་བབས་ནས།འོ། ཁྱོད་འདི་ན་ཡོད་ཟིག་ཨཱ།ངས་ཁྱོད་མངག་ས་ཞིག་ཡོད། དོ་ནུབ་མཚན་མོ་ང་ཁྱོད་བསུ་སར་ཐོན་ཡོང་ཟེར། སྐབས་དེར་ངས་བསམ་པར།མི་འདི་ཅི་ཡིན་ནམ། གཞི་བདག་ཟེར་བ་དེ་ཡིན་ནམ། ཡང་ན་འདྲེ་དང་སྨན་མོ་ཟེར་བ་དེ་ཡིན་ནམ། གང་ཡིན་སྙམ་ནས།ངས་ཁྱོད་ལ་རོགས་བྱེད་ཐུབ་པ་མ་རེད། ངའི་ཁྱིམ་ན་མ་རྒན་ལོ་ལོན་རྒ་རྒས་ཤིག་ཡོད། དོ་ནུབ་ཡར་ཁྱིམ་དུའང་འགྲོ་དགོསཞེས་བཤད། ཡིན་ཡང་ཁོས་བཤད་རྒྱུར། འོ།རོགས་བྱེད་ཐུབ་ནི་རེད། ཁྱོད་མ་གཏོགས་མི་གཞན་སུ་གཅིག་གིས་ཀྱང་རོགས་བྱེད་ཐུབ་ནི་མ་རེད། ཁྱོད་ང་ལ་མ་སྐྲག་དང་། ང་དམ་ཅན་ཡིན།ཁྱོད་ཀྱི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས་ཡོད། ད་ཕན་ཆོད་ངས་ཁྱོད་ལ་མཐུན་རྐྱེན་རོགས་དན་ཅི་འགྲུབ་བྱེད་ངེས་ཡིན། ཡིན་གཅིག་མིན་གཉིས་ད་ཐེངས་བྱ་བ་དེ་ཁྱོད་ཀྱིས་ང་ལ་སྒྲུབ་རོགས་བྱེད་དགོས་ཀི་འདུག་ཟེར། མཚམས་དེར་ཡང་སེར་ཤག་ཅིག་བརྒྱབ་སོང་། དེར་ང་རང་གཉིད་ལས་སད་ཅིང་མགོ་བཀྱག་ནས་བལྟས་པས་ངའི་ཉེ་འཁོར་གྱི་ཡར་མར་ཀུན་ལ་ལག་རྡོས་འཕང་ན་སླེབ་ཐུབ་ས་ཚུན་ཆོད་ལ་སེར་བ་ཆགས་ནས་འདུགས་གཞན་ལ་བབས་མི་འདུགདེར་ངས་བསམ་པར། སྐྱ་མི་དེ་གང་དུ་བུད་སོང་བ་རེད་ཀོ་བསམ་ནས་ཡར་མར་ཀུན་ལ་བལྟས་ཀྱང་། མར་གྱི་དུང་རྣ་ཡན་ཆད་དང་། ཡར་གྱི་འཛི་ཆུང་མདོ་མན་ཆད་མཐོང་འདུག་མོད། ཁོ་གར་སོང་ཆ་མེད་དུ་གྱུར་ནས་རིག་ རྒྱུ་མི་འདུག དེར་ངས་ཨ་མཚར་བོ། ང་རང་གི་རྨི་ལམ་ཡིན་པ་རེད་ཨང་སྙམ་ནས་སོང་། དེ་ནས་ང་རང་ཕར་གཅུང་འཇམ་ཚང་ལ་སོང་བ་ཡིན། ཁོང་ཚང་གིས་ང་ལ་ཇ་བླུད་ཅིང་ངེད་ཚོས་མཉམ་པོར་ཁ་བརྡ་བྱས་ནས་བསྡད། ངས་ཡང་ད་ལོའི་ཐོན་སྐྱེད་ཀྱི་ལས་ཀའི་འཚོགས་འདུ་སང་ཉིན་འཚོགས་རན་པས་ཁྱེད་ཚང་ཡང་འཚོགས་འདུའི་ཐོག་ཡོང་དགོས་པ་རེད། ང་ཆ་གཏོང་བར་མངག་པ་ཡིན་ཞེས་བཤད། མཚམས་དེར་ཁོང་ཚང་གི་བྱིས་པ་ཁག་ཅིག་ཁྱིམ་དུ་འོང་ནས་བཤད་རྒྱུར། དོ་ནུབ་མ་གིའི་ལམ་ལས་ནང་དུ་གློག་བརྙན་གཏོང་རྒྱུ་རེད་ཟེར། སྐྱིད་དཱ། དེར་ལྟ་སར་འགྲོ་དགོས་སོགས་ཟེར་གིདེ་ནས་གཅུང་འཇམ་གཟའ་མི་གཉིས་ཀྱིས་ཀྱང་ང་རང་ལ་ཁྱོད་ཀྱང་དོ་ནུབ་འདིར་སྡོད་དང་གློག་བརྙན་ལྟ་རྒྱུ་ཡོད་པ་རེད། ནང་མོར་འུ་ཚོ་འགྲོགས་ནས་འཚོགས་འདུ་ལ་འགྲོ་ཟེར། ངས་ཀྱང་འགྲིག་གི་སྙམ་ནས་བསྡད་བཞག ནུབ་མོ་ངེད་ཚོ་ལམ་ལས་ཚང་གི་ནང་དུ་གློག་བརྙན་ལ་ལྟ་སར་སོང་བ་ཡིན། གློག་བརྙན་ལྟ་སར་རྒྱ་མི་ལམ་ལས་པ་མང་པོ་ཞིག་འདུག ད་དུང་ཡར་མར་གྱི་ཞོ་རོགས་དང་རྒྱལ་ཕྱུག་སྡེ་བའི་མི་ཡང་མང་པོ་ཐོན་འདུགགློག་བརྙན་འཁོར་ལོ་ཁག་ལྔ་ཅན་ཞིག་བཤམས་ཐལ།གློག་བརྙན་གྱི་ནང་དོན་ནི་བོས་དོ་ཅེན་དཔའ་{五朵金花}ཟེར་བའི་བརྩེ་དུང་གི་གཏམ་རྒྱུད་ཅིག་རེད། བརྙན་འཁོར་ཁག་ལྔ་པོ་ལ་བལྟས་པ་ཡིན་མོད། དེང་ཐོག་རས་གཞིའི་ངོས་ལ་གཟུགས་རིས་ཡག་པོ་མཐོང་ཐུབ་ཅིང་སྒྲ་ཡང་གསལ་བོར་གོ་ཐུབ་ཀྱིན་འདུག་མོད། མཚམས་ཤིག་ནས་གཟུགས་སྒྲ་གཉིས་པོ་རབ་རིབ་ཞིག་ལས་གསལ་བོ་ཞིག་ཚོར་མི་ཐུབ་པར་གྱུར་ཐལ།ངས་བསམ་པར། འོ་དེ་རིང་ཉིན་དཀྱིལ་ང་སྐྱ་མི་ཞིག་བསུ་སར་ཡོང་རྒྱུ་ཡིན་དཱ། དེ་ངས་ཅི་ཞིག་རེད་ཐལ་གོ་བསམ་ཚེ། ལྷག་ཏུ་གློག་བརྙན་གྱི་གཟུགས་དང་སྒྲ་སོགས་མཐོང་ཐོས་མི་ཐུབ་པ་ལྟ་བུར་གྱུར་འགྲོ་བའི་སྣང་བ་བྱུང་། དེ་རྗེས་གློག་བརྙན་མཇུག་གྲོལ་ནས་མི་ཚང་མ་མར་སྒོ་ལ་བུད་ནས་འགྲོ་སྐབས།ང་སྔོན་མ་བོ་ཡང་མིན། རྗེས་མ་བོ་ཡང་མིན། མཚམས་ཤིག་ནས་འགྲོ་གིན་ཡོད་པས་མར་སྒོ་ལ་སླེབས་སྐབས། ལམ་ལས་ཁང་གི་སྒོ་ཆེན་འགྲམ་ན་ཤིང་གི་གློག་གདུང་བཅུ་གྲངས་ཤིག་བརྩིགས་ནས་བཞག་འདུག དེའི་འགྲམ་ན་དེ་རིང་ཉིན་དཀྱིལ་ངའི་རྨི་ལམ་དུ་རྨིས་པའི་སྐྱ་མི་རྟ་བྲ་བྲ་ཅན་དེས་ང་དངོས་སུ་བསྒུག་ནས་བསྡད་འདུགཁོས་ང་ལ་བཤད་རྒྱུར། ཁྱེད་རང་ཁང་པ་འདིའི་ནང་དུ་འཛུལ་ཐལ་བསམ་ནས་ངས་ཡུན་རིང་ཙམ་ལ་བསྒུག་པ་ཡིན། ད་འུ་གཉིས་འགྲོ་ཟེར་ནས་ཁོས་རྟའི་གོང་ནས་མར་ལག་གཡས་ཀྱིས་གོང་བརྙབས་ཤིག་བྱས་ནས་ང་བཀྱག་སྟེ། རྟའི་མགོ་ཐོག་ནས་ཕར་བསྐོར་ནས་རྟ་འཕོང་ལ་བསྐྱོན་སོང་། སྐབས་དེར་ང་རང་ཧ་ཅང་སྐྲག་སོང་། སྐྲག་རུང་དགོས་པ་ཅི་ཞིག་ཡོད་དེ། ཁོས་ང་བྱེའུ་ཕྲུག་གླག་གིས་འཁྱེར་འཁྱེར་བྱས་ནས་བཟུང་སོང་བ་རེད།དེ་ནས་མར་ལམ་དུ་སོང་བ་ན་དེའི་ནུབ་མོ་ཚེས་བདུན་གྱི་ཟླ་འོད་གསལ་ལ་མི་གསལ་བ་ཞིག་འདུག་པས། འགྲོ་ལམ་ནས་གློག་བརྙན་ལྟ་སར་ཡོང་བའི་མི་རྣམས་དང་། ལམ་བར་ནའང་རྒྱལ་ཕྱུག་གི་ཁྱིམ་ཚང་རྣམས་ཡོད་པ་རབ་རིབ་ཙམ་ཞིག་མིག་ལམ་ལ་བརྒྱུད་ནས་མཐོང་གི་འདུག རླངས་འཁོར་གྱི་གཞུང་ལམ་ཡང་སྐྱ་ཤར་རེར་མཐོང་ཐུབ་ཀི་འདུག ཡིན་ཡང་ངེད་གཉིས་ཀྱི་རྟ་ལ་རྨིག་སྒྲ་ནི་མི་འདུག ལམ་ནང་གི་མི་རྣམས་ཀྱི་སྟེང་ནས་མར་འགྲོ་གི་ཡོད་པ་འདྲ་ཡང་། ཁོང་ཚོ་ལ་ནི་གནོད་པ་གང་ཡང་བྱུང་གི་མི་འདུག ཕལ་ཆེར་བར་སྣང་ཁམས་ནས་འགྲོ་གི་ཡོད་པ་འདྲ་སྟེ། ས་ལ་ཐུག་རེག་དང་འགུལ་བསྐྱོད་སོགས་ནི་གང་ཡང་མི་འདུག ཡང་ལམ་བར་ནས་འདི་དུང་རྣའི་གནས་རི་རེད་སྙམ་པ་ཞིག་ཀྱང་མིག་ལམ་ལ་བརྒྱུད་ཙམ་མཐོང་སོང་། དེ་འདྲ་བྱས་ནས་སོང་སྟེ། མཐར་དམ་ཅན་རྔ་རྩིག་ཐང་གི་ད་སྐབས་གསེར་མཁར་ཡོད་ས་དེ་ནས་ཕར་གསེར་ཆུ་བརྒལ་ཏེ་མགར་བའི་གནས་འདབས་སུ་འབྱོར་སོང་། ཡིན་ཡང་ཆུ་ལ་བརྒལ་སྐབས་རྟའི་རྨིག་པ་ཆུར་རེག་པའི་ཤག་སྒྲ་སོགས་ནི་གང་ཡང་མེད་པར་འཇམ་ཐང་ཐང་གིས་ཕ་རིར་ཐོན་སོང་བ་རེད།དེ་ནས་མགར་བའི་གནས་འདབས་སུ་འབྱོར་ཚེ་དེ་ན་བྲག་ཕུག་ཅིག་འདུག དེར་ངེད་གཉིས་རྟ་ལས་མར་བབས་རྗེས་ཁོས་ངའི་ལུས་ཀྱི་མགོ་མཇུག་བར་གསུམ་ལ་གཟབ་ནན་གྱིས་ཞིབ་བལྟ་ཡང་ཡང་བྱས་ཤིང་། ད་དུང་ངའི་སྐ་རགས་བཀྲོལ་ཏེ་ཕྱི་ལྟ་ནང་མྱང་ཞིག་བྱས་རྗེས། འོ་ཡག་གིང་ལ་མཁོ་རྒྱུའི་མི་དེ་ཁྱོད་རེད་འདུག ངས་མ་འཆུག་ཟིགརེད་འདུག ད་ཁྱོད་རང་ཉིན་ཞག་འགར་ཕུག་པ་འདིའི་ནང་ནས་ཉོལ་སྡོད། ཉིན་ཞག་འགའི་རྗེས་ནས་ངས་ཁྱོད་རང་མངག་ས་ཞིག་ཡོད། དེའི་ཉིན་ངའི་བྱ་བ་དེ་ཁྱོད་ཀྱིས་བསྒྲུབ་དགོས་ཟེར། ཕུག་པའི་ནང་ནི་ནག་ངམ་མེ་བ་ཞིག་ལས་བཅའ་དངོས་དེ་འདྲ་ནི་གང་ཡང་མཐོང་རྒྱུ་མི་འདུག དེ་རུ་ཉིན་ཞག་བཞི་ལ་ཉལ་བཅུག་སྣང་སྐྱེས་སོང་། ང་རང་གི་སེམས་ཞིག་ལ་ཕུག་པ་དེ་ནི་དམ་ཅན་མགར་བའི་མགར་ཚང་ཨེ་ཡིན་སྙམ་སོང་། རྗེས་སོར་བལྟས་ཡོང་ན་ས་དེ་ན་ཕུག་པ་དེ་འདྲ་ཞིག་ཕལ་ཆེར་མཐོང་རྒྱུ་མེད་པ་འདྲ། དམ་ཅན་ཡིན་ཟེར་བའི་མི་དེ་ནི་ཕྲུག་ལྭ་སྨུག་པོ་གྱོན་ཡོད་པ། ཞལ་ངོ་ཆེ་ཞིང་། སྨྲ་ར་རིང་པོ་བྲང་མདོར་སླེབས་པ། འགྲམ་པའི་ངོས་ན་སྤུ་འཁྱིལ་འཐུག་པོ་སྐྱེས་ཡོད་པ།ཞལ་མདངས་ནག་ཞད་ཅན། དབུ་སྐྲ་རིང་པོ་རྒྱབ་ཏུ་འཁྱིལ་བ་འུ་ཚོ་ཁམས་པའི་སྐྱེས་པ་དང་འདྲ་བའི་ཕོ་སྟོབས་དེ་འདྲ་ཞིག་རེད།དེ་ནས་ཉིན་ཞག་འགའ་ལ་ང་རང་ཕུག་པ་དེར་ཉལ་ནས་བསྡད་ཀྱང་འཁྱག་ལྟོག་བྱུང་བ་ལྟ་ཅི། བཟའ་བཏུང་ཞིག་ཡིད་ལ་དྲན་རྒྱུ་ཙམ་ཡང་མི་འདུགཉིན་ཞག་བཞི་སོང་བའི་ནང་མོར་ཕུག་པའི་ནང་ཐམས་ཅད་གསལ་གྱི་ལེར་སོང་སྣང་ཤར། མཚམས་དེར་ཁ་སང་ཁོ་དམ་ཅན་ཡིན་ཟེར་བའི་མི་དེ་ང་ཡོད་སའི་ཕུག་པའི་སྒོ་འགྲམ་དེར་སླེབས་བྱུང་། དེའི་ཉིན་ཁོས་བེར་འདྲ་ཞིག་གྱོན་འདུག ཞྭ་གྱོན་ཡོད་མེད་མི་དྲན་གི ཁོས་སྒམ་ཆུང་ཕྱོགས་གང་ནས་འཇལ་ཡང་སོར་ལྔ། བཞི་སྐོར་དུ་ཡོད་པ་མདོག་དམར་པོ་ཅན་ཞིག་ངའི་ལག་ཏུ་གཏད་དེ་འདི་ཁྱོད་ཀྱིས་ཐང་ཡག་མགར་བ་ལ་འཕྲོད་དགོས། ཁྱོད་མིན་པ་གཞན་སུས་ཀྱང་མི་འཕྲོད། འདི་བཅའ་ལག་རྩ་ཆེན་ཞིག་ཡིན། འགྲོ་ལམ་ནས་ཁྱོས་སྒམ་འདིའི་ཁ་ཕྱེ་ཡང་མི་ཐུབ་སྟེ། འབྱེད་ཀྱང་མི་རུང་ཟེར། ངས་བསམ་པར་ང་སྔོན་ཆད་འགྲོ་མ་མྱོང་ཡང་ཐང་ཡག་མགར་བ་ནི་གནས་འདིའི་ཐག་ཉེ་ས་ཞིག་གམ་གྲོང་རོགས་ཁྱིམ་མཚེས་ལྟ་བུ་ཞིག་ན་ཡོད་སྣང་ཤར་སོང་། ངས་འོ་ལགས་སོ།།ཞུས་ཏེ་སྒམ་ཆུང་དེ་ཁྱེར་ནས་ཕར་གསེར་ཆུ་བརྒལ་ནས་སོང་། ཡིན་ཡང་ངའི་ལྷམ་ཕུད་དགོས་སྣང་དང་རྐང་པ་ཆུ་ལ་རེག་པའི་ཚོར་བ་དང་།དེ་ན་ས་ཁུག་ཁུག་དང་། རྡོ་འབུར་འབུར་མང་པོ་འདུག་ཀྱང་དེ་དག་བརྒལ་དགོས་པའི་དཀའ་སྣང་དང་ཚེགས་སྣང་དེ་འདྲ་ནི་གང་ཡང་མེད་པར།སེམས་ཤིག་ལ་ང་རང་ནམ་མཁའ་དང་ས་གཞིའི་བར་མཚམས་ནས་ཐོགས་མེད་དུ་འགྲོ་བའི་སྣང་ཚོར་ཞིག་གིས་ཆུའི་ཕ་རིར་ཐོན་སོང་སྣང་ཤར། དེ་ནས་གསེར་ཁོག་གི་གཞུང་ལམ་བརྒྱུད་ནས་ཡར་སོང་སྟེ། འཛི་ཆུང་ལུང་པའི་ནང་ནས་ཡར་འགྲོ་དུས་ནམ་གསལ་སོང་། ཕར་བལྟས་ནོ།ངེད་ར་སྡེ་བའི་ཁྱིམ་ཚང་འགའ་རེས་མེ་ཁ་གསོས་ཏེ་དུ་བ་ནམ་མཁར་འགྲོ་ཞིང་། ནོར་ལྷས་ནས་ལྕི་བ་ཕུད་བཞིན་འདུགད་དུང་ངེད་ཚང་གིས་མེ་འབུད་ཅིང་།ཨ་མ་ཡང་ཁང་སྒོ་ན་འགྲོ་གྱིན་ཡོད་པ་ངས་གསལ་བོར་མཐོང་འདུག་གི ཡིན་ཡང་ང་ཨ་མ་ལ་ཐུག་འདོད་དང་། མ་བུའི་བརྩེ་གདུང་། ང་རང་ཕར་ཁྱིམ་དུ་འགྲོ་དགོས་སྙམ་པའི་སེམས་ཚོར་དེ་འདྲ་ནི་གང་ཡང་མི་འདུགངས་ཕར་བལྟས་ན་ཁོང་ཚོ་ཚང་མ་རིག་ཐུབ་པར་མ་ཟད། ཕལ་ཆེར་མི་སུ་ཡིན་ཡང་རེ་རེ་བཞིན་ངོས་ཟིན་ཐུབ་པ་ཞིག་རེད། ཡིན་ཡང་ཁོང་ཚོ་མི་རྣམས་དང་ཁྱི་སོགས་ཀྱིས་ནི་ང་མཐོང་ཐུབ་ཀྱིན་མེད་པ་འདྲ་སྟེ། གོ་མེད་ཚོར་མེད་དང་འཇམ་ཐིང་ཐིང་རེད།དེ་ནས་ཡར་ཡར་འགྲོ་དུས་ཁང་མ་ཆར་ཞིག་ཀྱང་བབས་ནས་ས་ལ་ཆགས་འདུགཡ་མཚན་པ་ཞིག་ལ། ཁ་བའི་ནང་དུ་ངའི་རྐང་རྗེས་ཁྱོན་ནས་མི་འདུགངའི་སེམས་ནང་དུ་སྔོན་རྒ་རྒས་རྣམས་ཀྱིས་བཤད་སྲོལ་ལ་མི་ཤི་སོང་དུས་རྐང་རྗེས་ཡོད་པ་མ་རེད། རང་གི་ཕོར་བུའང་གཟའ་མིའི་ཕོར་བུའི་གྲས་སུ་ཡོད་པ་མ་རེད་ཟེར་དར་གིང་ཤི་སོང་བ་ཨེ་ཡིན་ནམ། ཡང་ན་ང་དམ་ཅན་དང་ཆོས་སྐྱོང་ཞིག་གིས་ཁྱེར་སོང་བ་ཨེ་ཡིན་ནམ།འདི་གཞི་བདག་གི་ཆོ་འཕྲུལ་ཞིག་ཨེ་ཡིན་སོགས་སེམས་སུ་མི་དྲན་དགུ་དྲན་མང་པོ་ཞིག་ཤར་སོང་། ང་ཁ་བའི་ནང་དུ་མཆོང་ལྡིང་དང་། འགྲེ་ལྡོག་བརྒྱབ་པ་དེ་འདྲ་ཐེངས་མང་པོར་བྱས་ཀྱང་ངའི་ལུས་དང་རྐང་པའི་རྗེས་ཁྱོན་ནས་དོད་རྒྱུ་མི་འདུག ཡིན་ཡང་དེའི་སྟབས་ཀྱིས་ངའི་སེམས་སུ་སྐྲག་སྣང་དང་འཚེར་སྣང་དེ་འདྲ་ནི་གང་ཡང་ཡོང་གི་མི་འདུག དེ་ནས་ཡར་སོང་བས་འཛི་ཆུང་ལུང་པའི་སྐེད་སོ་དེང་སང་སྐྱ་རིས་རྡོ་ཁ་ཡོད་ས་དེ་ནས་ཡར་འགྲོ་དུས་ངེད་ར་སྡེ་བའི་ཁྱིམ་ཚང་རྣམས་ཀྱིས་ཟོག་ལྷས་ནས་ཕུད་དེ་ཡར་རི་ངོས་ལ་དེད་ནས་འགྲོ་གིན་འདུགས་དེ་ན་ཕ་རི་དང་ཚུར་རིའི་ལམ་གཉིས་ཀའི་བར་ཐག་ཧ་ཅང་གིས་ཉེ་བོ་ཡོད་ཀྱང་ཁོང་ཚོ་མི་ཁྱི་གཉིས་ཀས་ང་གཏན་ནས་མཐོང་གི་མི་འདུགངས་ཕར་ཁོང་ཚོ་རིག་འདུག་གི དེ་ནས་སྐྱ་རིས་རྡོ་ཁའི་ཡར་ནང་དེར་འགྲོ་སྐབས། དེ་ན་རྒད་པོ་སྐྱ་མི་གཉིས་ཡར་འགྲོ་གིན་འདུགང་ཡང་ཁོང་གཉིས་ལ་འགྲོགས་ནས་སོང་བ་ཡིན། རྗེས་སུ་བལྟས་ཡོང་དུས་ཁོང་གཉིས་ནི་པདྨ་རྫོང་གྲུབ་ཆེན་ཡུལ་ཚོ་བླ་རྒྱ་སྡེ་བའི་མི་གཉིས་ཡིན་ཟིགཁོང་གཉིས་ནི་གསེར་ཐལ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་བླ་སྤྲུལ་འགའ་རེའི་མདུན་ལ་ཕྱག་མོ་ལུང་བསྟན་རེ་ཞུ་སར་ཡོང་བ་ཡིན་ཟིགཞོར་ནས་བཅའ་ལག་ཙག་ཙིག་རེ་ཡང་ཉོ་རུ་ཡོང་བ་ཡིན་ས་རེད། ཁོང་གཉིས་ནི་ཕ་བུ་ཡིན་ཞིང་ཕའི་མིང་ལ་བླ་རྒྱའི་བ་ཐོ་ཟེར་བ་ཡིན་འདུག རྟ་རྒྱབ་ལ་བཅའ་ལག་བསྡུ་སྣོད་ཀྱི་ཏ་ལེན་ཆེན་པོ་རེ་ཡང་འཕང་འདུག ཁོང་གཉིས་ཀྱིས་ང་མཐོང་ཐུབ་ཀི་མི་འདུགངས་ནི་ཁོང་གཉིས་ཕར་མཐོང་ཐུབ་པར་མ་ཟད་སྐད་ཆ་ཡང་རེ་རེ་བཞིན་དུ་ཚོར་ཐུབ་ཅིང་ནང་དོན་ཡང་གསལ་བོར་གོ་ཐུབ་པ་དེ་འདྲ་ཞིག་རེད། ལོས་ཡིན་ཏེ་ཁོང་གཉིས་ནི་མི་ངོ་མ་འདྲ་བོ་རེད། རྟ་ཡང་ཁ་བའི་ནང་དུ་འགྲོ་དུས་ཁང་རྡུལ་གྱི་རྨིག་རིལ་འཕེན་པ་དང་། དཀའ་ངལ་གྱིས་རྟའི་ཐོང་ཁ་ནས་དངུལ་ཆུའི་རླངས་པ་མཆེད་བཞིན་འགྲོ་བའང་ངས་མཐོང་འདུག་གི ཁོང་གཉིས་སྐད་ཆ་བཤད་ཞོར་དུ་འགྲོ་གིན་འདུག རྒད་པོས་རང་གི་བུ་ལ་ཁོ་སྔོན་ཆད་བོའུ་བ་འགྲན་མེད་ཅིག་ཡིན་རབས། ཁོ་རི་དྭགས་རྔོན་དུ་འགྲོ་སྐབས་ཐོག་མར་ཁོས་བོའུ་སྐད་ཅིག་བྱས་རྗེས་རི་དྭགས་རྣམས་འདྲོགས་བཅུག་པ་ཡིན། དེ་ནས་རི་དྭགས་རྣམས་ཤིང་རྩེ་ནས་ལྡིང་མཆོང་བྱས་ནས་འགྲོ་སྐབས་ཁོས་ད་གཟོད་བོའུ་ཁ་གཏད་ནས་གསོད་པ་རེད་མ་གཏོགས། མི་ཚོར་བར་ལྐོག་འཇབ་བྱས་ནས་རི་དྭགས་བརྔོན་བྱེད་པ་དེ་འདྲ་མ་རེད་སོགས་ཟེར། ད་དུང་ཁོས་བཤད་རྒྱུར། ཁོ་ལོ་ཆུང་ཡིན་དུས་རྐུ་བྱས་རབས། མ་གའི་རྡོ་བ་ཚང་ལ་རྐུ་བྱས་རབས། བདག་པོ་ངོ་ཐོག་ལ་ཐོན་རུང་ཁོས་ཁས་མ་བླངས་རབས། མནའ་ཟོས་ནས་ངོ་འགྲན་བྱས་རབས།རྗེས་སུ་དཔོན་ཚང་གིས་གྱོད་བཤད་ནས་ལམ་ལ་བཞག་རབས་སོགས་ལམ་ནས་སྐད་ཆ་འདྲ་མིན་མང་པོ་བཤད་ནས་ཡོང་གི་འདུགང་ནི་ཁོང་གཉིས་ཀྱི་འགྲམ་ཏག་ཏག་ལ་བཅར་ནས་ཡོང་གི་ཡོད་མོད། ཡིན་ཡང་ཁོང་གཉིས་ཀྱིས་ནི་ང་གཏན་ནས་མཐོང་ཐུབ་ཀི་མི་འདུག དེ་ལྟར་ངེད་ཚོ་འགྲོགས་ནས་འཛི་ཆུང་ལུང་པའི་ལུང་སྟོད་ཅིག་ལ་ཐོན་དུས་བུས་བཤད་རྒྱུར། ཨ་ཕ། ད་འུ་གཉིས་འདི་ནས་གུང་ཇ་བསྐོལ་ན་འགྲིག་གི་མོ།ས་འདི་ཞོ་རོགས་ཀྱི་དབྱར་ས་རེད། རྟ་གཉིས་ལ་རྩྭ་ཆུ་ཡང་འཛོམས་པོ་འདུག་ཟེར། ཕས་བཤད་རྒྱུར། ད་དྲག་གི་འོ།བུད་འགྲོ། རིའི་ཕར་རྒྱབ་ལ་སོང་ན་དེ་རུ་རྡོ་བ་ཤུགས་འབྱུང་ཚང་གི་རུ་ཡང་ཡོད་ནི་རེད། རུ་ནང་ལ་སོང་ནས་འུ་གཉིས་ཇ་འཐུང་ན་དེ་འགྲིག་གི་ཡཱ། འདི་ནས་ཐབ་ཀ་འཛིན་དགོས་དོན་མི་འདུག་སོགས་ཟེར་ནས་མུ་མཐུད་ནས་ལམ་ལ་ཆས་སོང་། དེ་ནས་ངེད་ཚོ་འགྲོགས་ནས་འཛི་ཆུ་གོང་གསེང་ལ་ཐོན་ཐལ། ས་དེའི་མིང་ལ་ངེད་ཚོ་སྡེ་བས་གྲི་བརྡར་ཁའི་ཐོག་ཅེས་འབོད་དར། དེར་ཐོན་དུས་ངའི་བསམ་བློའི་ནང་དུ་འདི་འདྲ་ཞིག་འཁོར་གི་འདུག འདིའི་གྲི་བརྡར་ཁའི་ཐོག་གི་ཆུ་འདི་འཛི་ཆུང་ལུང་པ་བརྒྱུད་ནས་གསེར་ཆུའི་ནང་དུ་འབབ་གི་ཡོད་པ་རེད།ལ་འདིའི་རྒྱབ་ཀྱི་ཆུ་དེ་ཕར་ཤར་ཕྱོགས་སུ་བབས་ནས་རྡོ་ཆུའི་ནང་དུ་འདྲེས་ནས་མར་བཞུར་ནས་འགྲོ་གི་ཡོད་པ་རེད། ཆུ་འདི་གཉིས་ཀ་འགྲོ་ས་ཁ་ཁ་ཡིན་པ་རེད་འདྲ་བ་ཞིག་སེམས་ལ་བསམ་ནས་ངས་ས་དེ་རུ་ངལ་ཅུང་ཙམ་གསོས་ནས་འདུག་འདོད་བྱུང་སོང་། དེའི་ཡུན་ལ་ཁོང་གཉིས་སྔོན་དུ་བུད་ཐལ། ས་དེ་ལས་ཕར་ཅུང་ཙམ་སོང་བ་ན་རྡོའི་ཐང་ཡག་ཡར་ག་དང་། མར་ག་ཟེར་བའི་ལུང་པ་གཉིས་ཀྱི་འདུས་མདོ་ལ་ཐུག་ཡོད་པ་རེད། ཁོང་གཉིས་རྡོའི་ཐང་ཡག་ཡར་ག་ལ་བུད་སོང་ཟིགང་རང་ཐང་ཡག་མར་ག་ལ་གཏད་ནས་སོང་བ་ཡིན། ས་དེ་ནི་རོང་ས་ལྟ་བུ་ཡིན་པས་རྩྭ་འཐུག་པོ་སྐྱེས་ཡོད་ཅིང་། སོས་ཡག་པོ་བུད་འདུག བྱི་བའང་མང་པོ་ཡར་མར་ལ་འགྲོ་གི་འདུག ང་བྱི་བ་རྣམས་ཀྱི་ཐག་ཉེ་སར་སོང་ནས་ལག་པས་བཟུང་རུང་འཛིན་ཐུབ་པའི་སར་བཅར་ཡང་ཁོང་ཚོས་ང་མཐོང་གི་མི་འདུག དེ་ལྟར་མར་སོང་བས་ཐང་ཡག་སུམ་མདོ་ལ་ཐོན་སོང་། ཐང་ཡག་སུམ་མདོའི་མར་ནང་གི་རི་ངོས་དེ་ན་རྡོ་བའི་ཁྱིམ་ཚང་ཞིག་འདུག དེ་ནི་རྒྱ་བསོ་ཚེ་ཚང་ཟེར་བ་དེ་རེད་འདུག ཁོ་གསལ་བཤད་བྱས་ན་ཚང་མས་ངོ་ཤེས་རྒྱུ་ཞིག་རེད།རྒྱ་བསོ་ཚེ་ཟེར་བ་དེ་ནི་སྔོན་ཆད་ཆོས་རྗེ་ཡིད་བཞིན་ནོར་བུ་ཞལ་བཞུགས་པའི་དུས་སུ་སྨོན་ལམ་ལ་ཁ་ནས་བླ་རུང་རྩེད་ཆེན་དུས་སུ་བཞད་གར་རྩེད་མོ་རྩེད་སྐབས་སུ་རང་གི་མ་ནེ་རང་གི་ཁ་ནང་དུ་འཐེན་ཐུབ་མཁན་གྱི་གྲྭ་རྒན་ཞིག་ཡོད་པ་དེ་རེད་འདུག དེ་ཚང་གིས་སྦྲ་ནག་སྒོ་དར་དང་ཕུག་དར་ཅན་ཞིག་ཕུབ་འདུག རྒྱ་བསོ་ཚེ་ཟེར་བ་དེ་སྔོན་ཆད་ངེད་ར་སྡེ་བའི་ནང་དུ་ཐེངས་མང་པོར་ཡོང་མྱོང་། ངས་ཀྱང་དེའི་ཉིན་ཕར་བལྟས་ནོ་ཁོང་ཚང་ཡིན་པ་ཤེས་ཐུབ་ཀི ཁོ་སྒོ་ལ་བུད་ནས་སྦྲའི་སྒོ་དར་ཕུག་དར་གཅུས་རིལ་སོང་ཡོད་པ་དག་བཤིགཡང་མཚམས་ཤིག་ནས་ཁོ་ཁོང་ཚང་གི་རི་ངོས་ཐོད་ལུང་ནང་དུ་ཡར་བལྟས་ནས་རྟ་ནོར་སོགས་ལ་ཚང་རྩིས་དང་རྒྱང་འཚོལ་བྱས་པ་སོགས་ཀྱང་ངས་གསལ་བོར་མཐོང་འདུག་གིདེ་ནས་མར་སོང་བས་མཐར་ཐང་ཡག་མགར་བའི་གནས་མདུན་ལ་ཐོན་སོང་། སྐབས་དེར་ངས་བསམ་པར། དཱ་དེ་རིང་ཕྱི་དྲོ་རེད། ནོར་རྫི་རྣམས་ཀྱང་ཁྱིམ་དུ་ལོག་རན་པའི་དུས་སྐབས་ལ་ཐོན་འདུགང་ཡང་ཐང་ཡག་མགར་བ་ཡོད་སར་དེ་རིང་མི་འགྲོ།དོ་ནུབ་ས་འདི་ནས་འདུག་དགོས་ཀི་དེ་འདྲ་ཞིག་སེམས་ལ་དྲན།ཡང་ངས་བསམ་པར། སྒམ་ཆུང་འདི་ནི་རྩོག་འགྲོ་བའི་ཉེན་ཁ་འདུག་པས་ས་གཙང་སར་ཞིག་ཏུ་འཇོག་དགོས་སྙམ་ནས་ནགས་རྒན་དེའི་ཤིང་གི་རྩེ་མོ་འམ་ཡང་རྩེའི་ཐོག་ལ་ངས་ལག་པ་བསྲིང་ནས་དེར་བཞག་པ་ཡིན། ད་སྐབས་བསམ་ན་དེ་མི་སྲིད་པ་ལྟ་བུ་ཞིག་ཡིན་མོད། ང་ཡང་དེའི་སྐབས་སུ་མཚམས་རེར་རང་བཞིན་གྱི་མིའི་ལུས་ཚད་དང་འདྲ་བ་ཞིག་དང་། སྐབས་ལན་རེར་ནགས་རི་དང་རིང་ཐུང་མེད་པའི་མི་ཆེན་པོ་དེ་འདྲ་ཞིག་རེད། སྒམ་ཆུང་དེ་ཡང་ཐེངས་རེ་ནི་དབྱིབས་གྲུ་བཞི་དང་། ལན་རེར་ནི་ཟླ་གམ་དང་། རིལ་རིལ་སོགས་མ་ངེས་པར་འགྱུར་ནས་འགྲོ་བ་ཞིག་དང་།དེའི་ཕྱི་ཐུམ་གྱི་རས་ཀྱི་ཁ་ཏོག་ཀྱང་དཀར་སེར་དམར་ལྗང་དུ་འགྱུར་འགྲོ་བ་དེ་འདྲ་ཡ་མཚན་ཞིག་རེད། དེའི་ནུབ་མོ་ང་ནགས་རྒན་དེའི་རྩ་རུ་ཉལ་བཞག་པ་ཡིན། ཕྱིར་ཉིན་ཉི་མ་ཤར་བའི་དུས་སུ་ང་ཡར་ལངས་པ་ཡིན། ངས་ཉིན་ཞག་མང་པོ་ཞིག་ལ་བཟའ་བཏུང་གཉིས་ཀ་ཁར་རེག་མེད་ཀྱང་འཁྱག་ལྟོག་སྐོམ་གསུམ་དང་། དཀའ་ངལ་དེ་འདྲའི་སྣང་བ་གཞི་ནས་མི་འདུགདེ་ནས་ཡང་འགྲོ་རན་ཁར་ནགས་རྩེ་རུ་ཡོད་པའི་སྒམ་ཆུང་དེ་ཡང་མར་བླངས་ནས་ཆུའི་ཕ་རི་ལ་བུད་བཞག ཕ་རི་དེ་ན་བྲག་སྒོ་ཆེན་པོ་ཞིག་འདུགང་བྲག་སྒོ་དེའི་ནང་དུ་འཛུལ་ནས་སོང་བ་ན། དེ་ན་རྒན་མོ་བགྲེས་པོ་ངོ་གཉེར་མས་གང་བ། སྐྲ་དཀར་པོ་ངང་དུང་དུང་ཅན་འུ་ཚོ་འབྲོག་པའི་བུད་མེད་རྣམས་ཀྱི་སྐྲ་འཇོག་སྟངས་ལྟར་ལན་བུ་སུམ་བསླས་བྱས་ནས་སྣེ་མོར་སྐྲ་མདུད་བཞག་ཅིང་དེའི་ངོར་ཕྲ་རྒྱན་འཛེར་ཡོད་པ་དེ་འདྲ་ཞིག་མར་ཡོང་གི་འདུག ངེད་གཉིས་གདོང་ཐུག་ཚེ།ངས་མོ་ལཁྱོད་སུ་ཡིན་དྲིས་པ་ན། མོཐང་ཡག་མགར་བའི་མ་རྒན་ཡིན་ཟེར། ངས་ཐང་ཡག་མགར་བ་ཡུལ་ན་འདུག་ཨེ་ཡོད་དྲིས་པ་ན། མོསབསྡད་ཡོད་ཟེར། དེར་ངས་མོར་ང་ལ་ཁོ་འབོད་རོགས་ཤིག་ཨེ་བྱེད་ཅེས་བཤད། མོས། འོ་ཡ་འོ་ཡ་ཟེར་ནས་ཁ་ཕར་འཁོར་ཏེ། ཨཱ་མགར་བ། མགར་བ། ཞེས་ཐེངས་གསུམ་ཙམ་ཞིག་བོས་སོང་། མཚམས་དེ་ནས་མོ་གར་སོང་ཆ་མེད་པར་གྱུར་ཐལ། དེ་དང་མཉམ་དུ་ངས་ཕར་བལྟས་པ་ན། ཐང་ཡག་མགར་བའི་རི་དེ་ནི་ཧ་ཅང་གི་མཐོན་པོ་ཞིག་རེད།དཔེར་ན་གསེར་ཁོག་གི་དམ་ཅན་དུང་རྣ་ལས་ཀྱང་མཐོ་བ་དེ་འདྲ་ཞིག་རེད། དེ་མ་ཐག་ཐང་ཡག་མགར་བའི་རི་དེ་ནི་ང་ཡོད་སར་ཚུར་ཚུར་ནུད་ཡོང་སྣང་འདྲ་ཞིག་སྐྱེས་སོང་། དེ་མུར་རི་ངོས་ཀྱི་ནགས་དང་ཤུག་པ་ས་རྡོ་རྩི་ཤིང་ཆུ་སོགས་ཀྱང་ལྤགས་པ་བསྐྱུར་བ་བཞིན་དུ་མར་ཞིག་པའམ་ནུད་ནས་འཐོར་བ་དེ་འདྲ་ཞིག་བྱས་ནས་སོང་འཕྲལ།འོ་ཧོ་ཧོ། དེའི་ནང་ནས་མི་ཆེན་པོ་རི་དང་མཉམ་པ། ཞལ་ངོ་ནག་པོ། རྣ་བའང་ཧ་ཅང་ཆེ་བ། ཁ་སྣ་སོགས་ཀྱང་ཧ་ཅང་གི་རགས་པ། མགོའི་གཡས་གཡོན་གྱི་སྐྲ་གྱེན་དུ་གཟིངས་ཤིང་། གཙུག་སྐྲ་བྱི་ནས་ཀླད་དམར་དུ་སོང་ཡོད་པ། སྨྲ་ར་དང་ཨག་ཚོམ་ནག་པོ་བྲང་མདོར་སླེབས་ཡོད་པ། འགྲམ་ངོས་རེ་ན་སྤུ་འཁྱིལ་དྲུག་བདུན་ཙམ་རེ་སྐྱེས་ཡོད་པའི་ཧ་ཅང་གི་ཕོ་སྟོབས་གདོང་ལ་བལྟ་མི་ཕོད་པ་དེ་འདྲ་ཞིག་རེད། ཁོའི་གྱོན་གོས་དང་ཆ་ལུགས་ནི། འུ་ཅག་གི་ལྭ་བ་ལྟར་ཕུ་དུང་དང་། གློ་གསོས།ཐུ་བ་ཅན་དེ་འདྲ་ཞིག་མིན་པར། རྒྱ་གར་དང་བལ་བོའི་གྱོན་གོས་ལྟར་གོས་ཡུག་འཕེན་བྱས་ཏེ་དཀྲིས་ནས་གྱོན་ཡོད་པ་དེ་འདྲ་ཞིག་རེད། ཁོའི་ལག་པ་ནི་སྦོམ་ཞིང་ཁ་མདོག་ཀྱང་སོལ་བ་ལྟ་བུའི་ནག་པོ་ཞིག་ཡིན་སྣང་སྐྱེས་སོང་།དེ་ནས་ངས་སྒམ་ཆུང་དེ་ཁོང་གི་ཕྱག་ཏུ་ཡར་ཕུལ་ནས་འདི་གསེར་དམ་ཅན་གྱིས་ཁྱེད་ལ་བསྐུར་བ་རེད་ཅེས་ཞུས་པ་ན། ཁོང་གིས་འོ་ཡ་ཟེར།དེར་ངས་ཡར་ཁོང་ལ་བལྟས་པ་ན། ཁོང་གི་ལུས་ཚད་ནི་གནམ་ལ་ཟུག་པ་ལྟ་བུའི་མཐོན་པོ་ཞིག་ཡིན་ཡང་། ང་ཡང་སྐབས་དེར་རང་གི་སྣང་བ་ཞིག་ལ་སྤྱིར་བཏང་གི་མིའི་ལུས་ཚད་དང་མི་འདྲ་བ་ཞིག་ཏུ་གྱུར་སོང་སྣང་སྐྱེས།ངས་མགོ་བསྒྱུར་ནས་མར་བལྟས་ན། རི་དང་ལུང་པ།ནགས་དང་རྩི་ཤིང་སོགས་ངའི་རྐང་པའི་སྒྱིད་མཚམས་ཤིག་ན་ས་འབར་འབུར་དང་། ཕྱེ་མ་འབར་འབུར་ཙམ་ལས་མེད་པ་དེ་འདྲ་ཞིག་རེད། ནགས་རིང་པོ་རྣམས་ཀྱང་ངའི་རྐང་པའི་སྒྱིད་སོ་ཡར་ལ་ཐོན་མེད་པས་ང་ཡང་དེ་འདྲའི་མི་ཆེན་པོ་ཞིག་ཏུ་གྱུར་འདུགཡིན་ཡང་ཁོང་ནི་དེ་ལས་ཀྱང་ཆེ་བ་ཞིག་རེད། ངས་སྒམ་ཆུང་དེ་ཡར་ཕུལ་སྐབས། ཁོང་གིས་དེ་ཕྱག་ཏུ་བསྣམས་ནས་འུ་ཚོས་ཡི་གེའི་དཔེ་ཐུམ་ཁ་ཕྱེ་བ་ནང་བཞིན་རས་དམར་པོ་དེ་ཕར་བཀྲོལ་ནས་སྒམ་དེའི་ཁ་ཕྱེས་པ་ན།དེའི་ནང་ན་རིལ་བུ་ཆུང་ཆུང་མདོག་སྨུག་ནག་ཅན་གང་བཞག་འདུགརིལ་བུའི་ཆེ་ཆུང་ཡང་ལུག་གི་རིལ་མ་ཙམ་རེད། དེའི་ནང་ནས་ཁོང་གིས་རིལ་བུ་དྲུག་ཚུར་བླངས་ནས་ང་ལ་གཏད་དེ། འདི་གཙོའུ་སྙིང་པོ་རི་ཟེར་བའི་གཞི་བདག་ཅིག་ཡོད།ཁྱོད་དེར་སོང་ནས་རིལ་བུ་དེ་མཆོད་ཞོགཁྱོད་གཙོའུ་སྙིང་པོ་རིའི་མདུན་དངོས་ལ་འགྲོ་མི་དགོས།ཕྱག་ལའང་འཇོག་མི་དགོས། ཁོང་རིག་ས་མཐོང་ས་ནས་ཡར་མཆོད་ཞོག་དང་ཁོང་གིས་ཁྱེར་འགྲོ་བ་རེད་ཟེར། ངས་འོ་ཡ་ལགས་སོ་ཞུས། ཡང་ངས་བསམ་པར་གཙོའུ་སྙིང་པོ་རི་ཟེར་བ་དེ་ཡང་ཐང་ཡག་མགར་བའི་གྲོང་རོགས་ཁྱིམ་མཚེས་ལྟ་བུའི་ཐག་ཉེ་ས་ཞིག་ན་ཡོད་སྣང་ཤར་སོང་།ད་སྐབས་བལྟས་ན་དེ་ཡང་ཅུང་ས་ཐག་ལམ་ཐག་རིང་ས་ཞིག་ཏུ་ཡོད་པ་ཡིན་འདུག དེ་ནས་ངས་རིལ་བུ་དྲུག་པོ་ལག་ཏུ་བསྣམས་ནས་ཐང་ཡག་མདོ་ལ་མར་བུད་སོང་། མདོ་སྒོར་ཐོན་པ་དང་དེ་ན་བུད་མེད་ལོ་ཆུང་འགའ་ཞིག་འགྲོ་གི་འདུགངས་བསམ་པར་ཁོང་ཚོ་ལ་རྩེད་མཚར་རམ་ཞེ་གནག་ཅིག་བྱེད་དགོས་སྙམ་ནས་རིལ་བུ་དྲུག་པོ་དེ་སྔར་བཞིན་ནགས་ཀྱི་རྩེའི་གཙང་ས་ཞིག་ཏུ་བཞག་སྟེ།ང་ཚུར་ལུང་འོབ་ཏུ་བབས་ནས་དེ་ན་དབྱུགས་པ་ཞིག་འདུགདེ་ལག་ཏུ་བཟུང་། རང་གི་གྱོན་གོས་ཟི་ཚར་དེ་ཕྱི་ནང་བརྗེས་ནས་དབྱུགས་པའི་མགོ་ནས་ཆུར་ཕར་ལྡིང་ཚུར་ལྡིང་བྱས་ནས་བསྡད། བུད་མེད་དེ་ཚོས་དེང་ཐོག་ང་མཐོང་སྐབས་ཁོང་ཚོ་སྐྲག་གི་མི་འདུག་གམ་སྙམ་པའི་སྣང་བ་ཞིག་བྱུང་། དེ་རྗེས་དེའི་ནང་གི་བུད་མེད་གཅིག་གིས་ང་ལ། ཨ་ལེ། ཟོག་འགའ་རེ་མཐོང་སོང་ངམ་ཟེར་ནས་དྲིས་བྱུང་།ངས་ལན་ཅི་ཡང་མ་བཏབ་པར་སྔར་བཞིན་སློག་པ་ཕྱི་ནང་བརྗེ་བ་དེ་གྱོན་ནས་ཆུར་ལྡིང་ཁུལ་བྱས་ནས་བསྡད།ཡིན་ཡང་ཁོང་ཚོས་ཅི་ཡང་མ་བཤད་ནས་དེ་ནས་ཡང་སྔར་བཞིན་རིལ་བུ་རྣམས་ནགས་རྩེ་ནས་མར་བླངས་ཏེ། ཟི་ཚར་གྱོན། སྐ་རགས་བཅིང་ནས་ཡར་ཅུང་ཙམ་སོང་ནས་རི་སྒང་དེར་ཐོན་པ་ན། བུད་མེད་དེ་ཚོ་གར་སོང་འདིར་སོང་ཙམ་ཡང་མི་འདུག སྐབས་དེར་ངའི་སེམས་ལ་སྐྲག་སྣང་ཞིག་ཀྱང་བྱུང་། ཡིན་ཡང་ཁོང་ཚོ་ནི་མི་དངོས་མ་དེ་ཡིན་འདུག དེ་དུས་ཁོང་ཚོས་ཚུར་ང་ཕལ་ཆེར་མཐོང་གི་ཡོད་པ་འདྲ། ས་དེའི་མར་ནང་དེ་ན་བླ་རྒྱའི་རུ་ཁར་ཁེར་ཞིག་ཀྱང་འདུགདེ་ནས་ཡར་སོང་བས་རྡོ་ཁོག་དང་གཙོའུ་གཉིས་ཀྱི་བར་དེ་ན་གཙོའུ་ལ་ཉག་ཟེར་བ་ཞིག་འདུག ས་དེ་རུ་ཆར་ཧ་ཅང་བབས་ནས་ས་འདམ་ཆེ་ཞིང་།ལམ་ཕྲ་བས་གལ་ཏེ་སྟབས་མ་ལེགས་པར་ཞུད་ཤོར་ན་རྡོ་ཆུའི་ནང་དུ་ལྷུང་འགྲོ་ངེས་རེད།ཡིན་ཡང་ངས་ལམ་དེ་བརྒྱུད་ནས་གཙོའུ་ནང་ལ་ཡར་སོང་བ་ཡིན། དེའི་ལུང་པའི་ནང་དུའང་འབྲོག་པ་མང་པོ་འདུག དེ་ཡང་བླ་རྒྱ་དང་ཡག་ཤུལ་སྡེ་བ་ཡིན་འདུགངས་རུ་སྡེ་དེ་བརྒྱུད་ནས་ཡར་སོང་བ་ཡིན། སྐབས་དེ་དུས་ནི་ཡང་ཁོང་ཚོས་ང་མཐོང་ཐུབ་ཀི་མེད་པ་འདྲ། མི་ཟོག་སྒོ་ཁྱི་སོགས་ཀྱི་འགྲམ་ལ་བཅར་ནས་སོང་ནའང་ཁོང་ཚོས་མ་རིག་ཁུལ་བྱས་ནས་འགྲོ་གིན་འདུག མཐར་སོང་སོང་མཐར། གཙོའུ་གཞོང་རྐོ་གོང་འགབ་ཞིག་ལ་ཐོན་སོང་། ས་དེ་ལས་ཡར་བལྟས་ནི་སྟོད་དེ་ན་གཙོའུ་སྙིང་པོ་རི་ཡིན་ས་རེད་སྙམ་པའི་རི་ཞིག་འདུག རི་དེ་རིག་ས་མཐོང་ས་དེ་ནས་ངས་རིལ་བུ་རྣམས་དེའི་ཕྱོགས་ལ་ཡར་ནམ་མཁར་མཆོད་བཞག་པ་ཡིན། དེ་ནས་རིལ་བུ་རྣམས་ཁོང་གིས་ཁྱེར་སོང་བ་ངས་མ་གོ་ས་ལ་ལྷུང་སོང་བའང་ཅང་མ་རིགདེ་རྗེས་ངས་ཕྱིར་ལམ་བསྙེགས་ནས་བུད་ཡོང་བ་ཡིན།སྤྱིར་ཡིན་ན་གཙོའུ་གཞོང་རྐོའི་ཁར་བུད་ནས་ཐད་ཀར་སོང་ན་འཛི་ཆུང་ལུང་པའི་ཁ་སྒང་ལ་ལམ་དེ་བརྒྱབ་ཡོད་པས་ལམ་ཐག་དེས་ཉེ་བ་རེད་ཡོད། ང་དེ་ལྟར་མ་སོང་བར་ཕྱིར་རྗེས་བསྙེགས་ནས་བུད་ཡོང་བ་རེད། མཚམས་དེ་འདྲ་ཞིག་ནས་ངའི་སེམས་ཁམས་ལ་མི་བདེ་བའི་ཚོར་སྣང་དང་། དཀའ་སྣང་། ན་སྣང་། ལྟོགས་སྣང་། སྐོམ་སྣང་སོགས་ཀྱི་ཚོར་བ་ཤུགས་དྲག་པོ་འབྱུང་གི་འདུག མར་རིམ་བཞིན་ཡོང་བས་བླ་རྒྱའི་ཁྱིམ་ཚང་དག་གི་ཟུར་ནས་འགྲོ་སྐབས། མི་རྣམས་ཀྱིས་ཀྱང་ང་མཐོང་གི་འདུག མ་ཟད་ཁྱི་རྣམས་ཀྱིས་ཀྱང་ང་རིག་ན་འདྲེ་རིག་ནི་དང་འདྲ་བར་ངའི་ཐོག་ལ་ཟུག་ནས་ལྕགས་ཐགས་སྐོར་འཐེན་བྱེད་ཀིཅི་ཡིན་མི་ཤེས་རྟ་ཟོག་རྣམས་ཀྱིས་ང་རིག་ནའང་འདྲོག་ནས་འགྲོ་ཀི དེ་ལྟར་གཙོའུ་ལ་ཉག་སྒང་ལ་བུད་ནས་ཐོན་དུས།ནམ་ཟླ་ཕྱི་དྲོ་འདྲ་ཞིག་ལ་སླེབས་འདུག ངས་ཕར་བལྟས་ནོ་ད་ནངས་བུད་མེད་འགའ་ཞིག་དང་ངོ་ཐུག་སའི་ལ་ཐོག་དེ་ན་རྒད་པོ་འགའ་བསྡད་འདུག ང་ཁོང་ཚོ་ལ་གཏད་ནས་སོང་བས། རྒད་པོ་རྣམས་ནི་སྡོད་མི་ཚུགས་པ་འདྲ་བྱུང་ནས། ཡར་ལངས་ནས་ཅུང་ཙམ་རེ་བལྟས། ཡང་མར་ཅུང་ཙམ་རེ་བསྡད། དེ་འདྲ་བྱེད་ཀི་འདུགདེ་ནས་ང་ཁོང་ཚོའི་ཐད་སོར་སླེབས་དུས། རྒད་པོ་ཞིག་གིས། ཨ་ལེ། ཁྱོད་སུ་ཞིག་ཡིན། གང་དུ་སོང་བ་ཡིན། གང་ནས་ཡོང་བ་ཡིན། ཅི་ཞིག་བྱེད་ཀི་ཡོད་ཟེར། ངས་ང་ཞོ་རོགས་སྡེ་བ་ནས་ཡིན། ད་ནངས་ཐང་ཡག་མགར་བའི་ནང་ནས་ཡོང་ནི་ཡིན། གཙོའུ་སྙིང་པོ་རིའི་ནང་ཞིག་ལ་སོང་བ་ཡིན། ད་རང་ཡུལ་དུ་འགྲོ་བ་ཡིན་ཞེས་བཤད། ཁོང་ཚོས་ཡུད་ཙམ་ལ་ཕན་ཚུན་གཅིག་གིས་གཅིག་གི་ངོ་ལ་བལྟས་རྗེས། ཡ་ཡ། ཁྱོད་ད་ནངས་འདི་ན་འགྲོ་གི་ཡ་ཁུ་ཟེར་གིངེད་རའི་ཟོག་བཙལ་བ་འགའ་རེས་རིག་ཟིག གཙོའུ་ལ་ཉག་ཁ་ན་ཁྱོད་ཀྱི་རྐང་རྗེས་ནི་མི་འདུག་ཡ་མཚན་ཟེར། དེར་ངས་ལོ་རྒྱུས་མགོ་ནས་མཇུག་བར་ཆ་ཚང་བར་བཤད་པས་ཁོང་ཚོས་སེམས་ཅུང་ཙམ་ལྷོད་པའི་ཉམས་དང་བཅས་ཏེ། ཁྱོད་ཞོ་རོགས་ཅི་འདྲ་བྱས་ནས་ཡིན་པ་རེད་ཟེར།ངས་ང་ཞོ་རོགས་དང་པོ་ཚང་གི་དྲུང་ཡིག་པ་ཡིན།མིང་ལ་སྔོ་པོ་ཟེར་བ་ཡིན་སོགས་བཤད་པས། ཁོང་ཚོས་ཕན་ཚུན་ལ་འོ་རེད་རེད། དེ་འདྲ་ཟེར་བའི་མི་ཞིག་ཡོད་པ་རེད་སོགས་བཤད།ཡང་ཁོང་ཚོས། ཁྱོད་དོ་ནུབ་ཕར་གསེར་ཁོག་ལ་ཐོན་མི་ཐུབ་པས་ཅི་བྱེད་རྒྱུ་ཡིན་ཟེར། ངས་འོ། ཐོན་ཐུབ་ནི་མ་རེད། ང་ནི་ཉིན་ཞག་མང་པོ་ཞིག་ལ་བོར་སོང་བ་ཡིན་པ་རེད། སྤྱིར་ན་ང་ལ་མཚོན་ན་སྔོན་ཆད་མི་རྣམས་ཀྱིས་བཙོག་ལྟ་ས། འདྲེ་གནས་ཟེར་ས། དེ་འདྲ་ཞིག་མིན། སུ་ཡིན་རུང་མིག་ལ་འགྲོ་རྒྱུའི་ཁ་དགེ་བཀྲ་ཤིས། མི་ལས་ཡོད་ལམ་ཡོད་ཅིག་ཡིན་ཟེར་ས་དེ་འདྲ་ཞིག་ཡིན་མོད།ད་ཐེངས་དམ་ཅན་གྱིས་ཁྱེར་ནས་ཐང་ཡག་མགར་བ་ལ་རིལ་བུ་ཞིག་སྐྱེལ་སར་མངགས་ནས་གློ་བུར་དུ་འདི་འདྲ་ཞིག་བྱུང་སོང་བ་རེད་ཅེས་བཤད། ད་དུང་ངས་ཁྱེད་ར་སྡེ་བ་སུ་ར་རེད་ཅེས་དྲིས། ཁོང་ཚོས་ངེད་ར་བོ་ཆུང་བླ་རྒྱ་ཟེར་བ་དེ་རེད། མཚོ་སྔོན་ཞིང་ཆེན་གྱི་མངའ་ཁུངས་རེད། རྡོ་ཆུའི་ཕ་རི་ཚུ་རི་ན་ཡོད་པ་ཚང་མ་ངེད་ར་རེད་ཟེར། ངའི་སེམས་ལ།དོ་ནུབ་ཕར་རང་ཡུལ་དུ་འགྲོ་དགོས་ན་ཐང་ཡག་མགར་བའི་སྔུན་སོ་ནས་ཡང་འགྲོ་དགོས་པ་རེད། མུན་རུབ་སོང་ན་ཅུང་ཙམ་སྐྲག་ཀྱང་སྐྲག་གི་བསམ་སོང་།ཡང་ངས་བཤད་པར། ང་ལ་དོ་ནུབ་གནས་ཚང་ཞིག་ཨེ་གཡར་ཞེས་བཤད་མོད། ཁོང་ཚོས་མ་གོ་ཁུལ་བྱས་ནས་ཅི་ཡང་མི་ཟེར་གིཡང་ངས་བཤད་པར། ས་འདི་ཡར་མར་ཞིག་ན་གྲུབ་ཆེན་དགོན་པ་ཟེར་བ་ཞིག་དང་། ཤུགས་འབྱུང་དགོན་པ་ཟེར་བ་ཞིག་ཡོད་པ་ཨེ་རེད། དགོན་དེ་ཚོའི་ནང་ན་བླ་མ་ངག་ནུས་ཅན་རེ་ཡོད་ན། ཁྱེད་ཚོས་ང་ཁོང་ཅག་གི་སྐུ་མདུན་ལ་ཁྲིད་ནས་ཁྲུས་བཀའ་བསྒོ་རེ་དང་། བྱིན་རླབས་སྲུང་བ་རེ་ཞུ་རོགས་ཨེ་བྱེད།ཁ་དྲོ་བླ་བདེ། ཞེས་བཤད། ཁོང་ཚོས་གནའ་ཞིག་ལ་དེ་འདྲའི་དགོན་པ་རེ་ཡོད་མྱོང་བ་ཡིན་མོད།ད་སྐབས་ཁང་ཆག་ཀྱང་རལ་རེའི་ཤུལ་ཙམ་ལས་ཡོད་ནི་མ་རེད། ཁོང་ཚོས་ཁྱོད་ལ་རོགས་བྱེད་ཐུབ་ནི་མ་རེད། ཁྱོད་རང་ཉིད་གང་དུ་འགྲོ་ན་དེར་སོང་ཟེར་གི དེའི་ཅུང་ཙམ་ནས་ཁོང་ཅག་གི་ཁྲོད་ནས་མི་གཅིག་གིས་བཤད་རྒྱུར། འདི་ནས་ཕར་བལྟ་སའི་རྡོ་ཆུའི་ལྕགས་ཟམ་གྱི་གོང་ན་ནགས་རྒན་ཞིག་ཡོད་པ་དེའི་རྩ་རུ་བླ་མ་ཚེ་མཚམས་པ་ཞིག་ཡོད་ནི་རེད། སྔོན་ཆད་གྲུབ་ཆེན་དགོན་པའི་མཁན་པོ་ཞིག་རེད། མཚན་ལ་གནས་མགོའི་བླ་མ་ཆོས་མཐུན་ཟེར་ནི་རེད། སྤྱན་མི་གསལ་ཡང་བླ་མ་ངག་ནུས་ཅན་ཞིག་ཡིན་ནི་རེད། ཁྱེད་རང་དེའི་མདུན་ལ་ཁྲིད་ན་ཨེ་འགྲིག་གི་ཟེར། ངས་ཨ་ཙེ་ལོས་འགྲིགདེའི་ཡན་ཞིག་མི་དགོས་ཀི་ཞེས་བཤད།དེ་ནས་ངེད་ཚོ་ཚང་མ་མཉམ་པོར་རྡོ་ཆུའི་ཟམ་ཁ་རུ་སོང་བ་ཡིན། ཟམ་སྣེ་ལ་ཐོན་སྐབས། ཁོང་ཚོས་ང་ལ་ཁྱོད་ད་དུང་འདི་ན་སྡོད། ངེད་ཅག་ཟམ་གྱི་ཕར་ནང་ལ་སླེབ་མ་ཚར་བར་དུ་ཁྱོད་མ་ཡོང་ཟེར། ངས་ཡ་ཟེར་ནས་བསྒུགངས་བསམ་པར་ང་ཁོང་ཚོ་ལ་གཅར་གི་མི་འཇུག་གི ཁོང་ཚོས་ང་ད་དུང་མི་ངོ་མ་ཞིག་ཡིན་མིན་ལ་ཐེ་ཚོམ་ཟ་གིན་ཡོད་པ་འདྲ། ཁོང་ཚོ་ལ་གནོད་ཨེ་བྱེད་བསམ་ནས་སྐྲག་ནི་ཡིན་པ་རེད་སོགས་སེམས་ལ་དྲན་ནས་བསྡད། ཁོང་ཅག་གིས་ཟམ་པ་བརྒལ་རྗེས་ང་ལ་ཤོག་ཟེར་བའི་ལག་བརྡ་གཏོང་གི་འདུག སྐབས་དེར་ང་ད་གཟོད་སོང་བ་ཡིན། དེ་ནས་ཟམ་པའི་ཕར་ནང་དེར་ཐོན་དུས་ང་དེར་བསྐྱུར་ནས་ཁོང་ཚོ་ཡར་མར་གྱི་རུ་ནང་ལ་བུད་ཐལ། དེའི་ཅུང་ཙམ་ནས་ཁོང་ཚོ་རྒད་པོ་མང་པོ་ཞིག་དང་ལྷན་དུ་ཡང་ང་ཡོད་སར་ཕྱིར་ཡོང་ནས་ཁོང་ཚོས་ངའི་མཐའ་བསྐོར་ནས་མིག་རིག་རིག་བྱེད་བཞིན་ང་ལ་བལྟས་འདུག་གི་ཁོང་ཚོའི་གྲས་ནས་མི་གཅིག་གིས། ཡ་ཁྱོད་ཞོ་རོགས་ཡིན་ཟེར་གི་མོ། ས་འདི་རུ་ནམ་ཡོང་བ་ཡིན། ཅི་འདྲ་བྱས་ནས་ཡོང་བ་ཡིན། དོན་ཅི་ཞིག་ཡོད་སོགས་ཟེར་ནས་མདོར་ན་ཞི་དྲག་གཉིས་ཀའི་སྒོ་ནས་མང་པོ་ཞིག་དྲིས་སོང་།ངས་རེ་རེ་བཞིན་དུ་ལན་བཏབ་ནས་ཞོ་རོགས་ཀྱི་མི་རྣམས་ཀྱི་མིང་དང་། རུས། གཟའ་ཚང་མང་ཉུང་ཚུན་ཆད་ཁ་གསལ་བོའི་སྒོ་ནས་བཤད་བཞག དེ་ནས་ཡང་ཁོང་ཚོའི་གྲས་ཀྱི་ཞི་ལུ་ལོ་ཆུང་རྒྱ་གོས་གྱོན་ཡོད་པ་ཞིག་གིས། ཡ། ཁྱོད་འདི་རུ་ནམ་ཡོང་བ་ཡིནཟེར། ངས་ང་ཁ་རྩང་ཡོང་བ་ཡིན་ཞེས་བཤད། ཡང་ཁོས་ཁ་རྩང་ཁྱོད་ཡོང་ན་ཅི་འདྲ་བྱས་ནས་ཡོང་བ་ཡིན། འཛི་ཆུང་ནང་ནས་ཡར་ཡོང་སྐབས་འགྲོ་འདུག་སོགས་གང་འདྲ་འདུག ཁྱོད་ལམ་ནས་མི་གཞན་པར་ཨེ་ཐུག སོགས་དྲིས་བྱུང་། ངས་ང་འཛི་ཆུང་ནང་ནས་ཡར་ཡོང་སྐབས་རྒད་པོ་ཕ་བུ་གཉིས་དང་འགྲོགས་ནས་ཡོང་བ་ཡིན། ཁོང་གཉིས་རྡོ་ཁོག་འདི་ཡར་མར་ཞིག་ནས་ཡིན་ཚོད་རེད། རྫོང་ཐོག་ལ་སོང་ནས་བླ་སྤྲུལ་རྣམས་ལ་ཕྱག་མོ་ལུང་བསྟན་ཡང་ཞུས་ཡོད་ས་རེད།ལམ་ནས་སྐད་ཆ་མང་པོ་བཤད་ཞོར་ལ་ཡོང་གི རྒད་པོས་བུ་ལ་བཤད་རྒྱུར། ཁོ་སང་ཉིན་ཁ་སང་གི་ཕྱག་མོ་ལུང་བསྟན་བཞིན་རྡོ་ཆུའི་རྒྱུད་ཀྱི་གཞི་བདག་ཅིག་ལ་བསང་གསོལ་བྱེད་དགོས་རབས་དང་ཡང་ཁྱིམ་དུ་གྲྭ་བ་ཁ་ཤས་གདན་ནས་ཅིག་འདོན་དགོས་རབས་དང་ཁྱོས་ཐང་ཡག་མདོ་ནས་སྔར་བཞིན་ནགས་རྡོ་ཆུའི་ཕ་རིར་འདྲུད་རྒྱུ་དང་། འཚོང་རྒྱུ་དགོས་རབས་སོགས་བཤད་ནས་ཁོང་གཉིས་ཀྱིས་ལས་བགོས་མང་པོ་ཞིག་བྱས་སོང་།དེའི་ཉིན་གྱི་ཞི་ལུ་ལོ་ཆུང་དེ་ཁྱོད་ལ་ཧ་ཅང་གི་འདྲ་བོ་འདུག ཁོས་དེའི་ཉིན་ཟི་ཚར་ཞིག་གྱོན་འདུག ལོ་ཚོད་དང་གཟུགས་དབྱིབས་སོགས་ཁྱོད་དང་འདྲ་བོ་འདུག རྟ་ཡང་ཐོ་རུ་སྨུག་སྨུག་ཅིག་ཞོན་འདུག ང་དེའི་ཉིན་དེ་འདྲ་བྱས་ནས་ཡོང་བ་ཡིན་ཞེས་སྐད་ཆ་ཞིབ་མོ་བཤད་པ་ཡིན། སྐབས་དེར་རྒད་པོ་ཚོས་ཕན་ཚུན་གཅིག་གིས་གཅིག་གི་ངོ་ལ་བལྟས་ནས་འདུག་གི ཁོང་ཚོས་ངས་རྒྱ་སྐད་ཤེས་སྣང་སྐྱེ་ཀི་མི་འདུག རྒད་པོ་ཚོས་ཞི་ལུ་ལོ་ཆུང་དེ་ལ་རྒྱ་སྐད་བྱས་ནས་ཅི་འདྲ་འདུག་ཟེརདེར་ཞི་ལུས་ངོ་མ་རེད་འདུག ངེད་གཉིས་བཤད་པའི་སྐད་ཆ་ཚང་མ་ཁོས་གོ་འདུགངས་ནི་དེའི་ཉིན་མི་ཞིག་ངེད་གཉིས་ལ་འགྲོགས་ནས་ཡོང་བ་གཏན་ནས་མ་རིག ཨཱ་ཡ་མཚན།འདི་ཅི་ཡིན་ནམ་ཟེར། སྐབས་དེར་མི་དེར་ཡོད་ཚང་མའི་གདོང་ལ་ཧ་ལས་ཤིང་ཧང་སངས་བའི་རྣམ་འགྱུར་ཞིག་དོད་འདུག ཡང་ངས་ང་མི་ངོ་མ་ཞིག་ཡིན། གཞི་བདག་གིས་ཁྱེར་སོང་བ་རེད།ཁ་སང་ཁས་ཉིན་ནི་ཉིན་ཞག་མང་པོ་འདྲ་ཞིག་སོང་སྣང་སྐྱེས་ཀྱང་། འཁྱག་ལྟོགས་སོགས་ཅུང་ཙམ་ཡང་མི་འདུག ད་སྐབས་གློ་བུར་དུ་ལྟོགས་སྐོམ་བྱུང་ཡོང་གིང་ལ་ཁྱེད་ཚོས་གནས་ཚང་ཞིག་གཡར་རོགས་ཨེ་བྱེད། ཁ་དྲོ་བླ་བདེ་སོགས་བཤད་ཀྱང་། ཁོང་ཚོས་ཕན་ཚུན་ལ་ལྐོག་བཤད་རེ་བྱས་ནས་ངའི་སྐད་ཆ་ལ་ལན་མེད་པར་ཡར་མར་གྱི་རུ་ནང་ལ་གྲམ་ནས་བུད་ཐལ། དེར་ང་ཡང་རེ་ཐག་ཆད་ནས་རྡོ་ཆུའི་ཕ་རི་ལ་བུད་དེ་སོང་བས། ཡར་བལྟས་ནི་རི་ཏེའུ་ཆུང་ཆུང་ཞིག་གི་གདོང་ན་ཁྱིམ་ཚང་ཞིག་འདུག ཁང་ཐོག་ན་དུ་བ་སྔོ་ཕྱུར་ཕྱུར་ཡོང་གི་འདུག ངས་བསམ་པར། ཁོང་ཚང་ད་སྔོན་ང་ལ་ངོ་མ་ཐུག་པ་འདྲ་ཞིག་ཡིན། ངའི་ལོ་རྒྱུས་སོགས་གོ་མེད་པས་ཅིག་ཐང་ན་ང་ལ་གནས་ཚང་ཞིག་གཡར་ཤས་ཆེ། མིན་ཡང་སྤྲང་ཟས་ཤིག་སྟེར་རྒྱུ་རེད་སྙམ་ནས་ཡར་ཡར་སོང་བ་ན། ངའི་རྒྱབ་ཕྱོགས་ནས་རྒད་པོ་ཞིག་གིས། ཨ་ལེ། མྱི་རྡང་ཟེར་ནས་འབོད་ཀི་འདུག ངས་མར་བལྟས་ནོ་ཉེ་ཆར་ངོ་འཕྲད་མ་ཐག་པའི་རྒད་པོ་དག་གི་གྲས་ནས་གཅིག་རེད་འདུགཁོས་བཤད་རྒྱུར། ད་ཁྱོད་གང་ལ་འགྲོ་བ་ཡིན་ཟེར།  ངས་ང་ཁྱེད་ཚོས་ནི་འདུག་མི་བཅུག་གི དྭ་གནས་ཚང་རེ་དང་སྤྲང་ཟས་རེ་ཨེ་ལོན་ལྟ་རུ་འགྲོ་བ་ཡིནཞེས་བཤད། ཁོས་ངའི་མིང་ལ་པད་ལྷུན་ཟེར་བ་ཡིན། ང་སྔོན་ཆད་གསེར་ཐལ་ལ་ཐེངས་མང་པོར་འགྲོ་མྱོང་། ཞོ་རོགས་ནང་ན་ང་ལ་མནའ་ཤག་ཀྱང་མང་པོ་ཞིག་ཡོད། ཞོ་རོགས་ཀྱི་མི་ཕལ་ཆེ་བའི་མིང་ངས་ཤེས་ནི་རེད། ཁྱེད་ཀྱིས་བཤད་པ་ཚང་མ་བདེན་པ་རེད་འདུག ད་དུང་དྲུང་ཡིག་པ་དེ་འདྲ་ཞིག་ཀྱང་ཡོད་རབས་གོ་མྱོང་། ཡ། དཱ་འུ་གཉིས་མ་ར་ངེད་ཚང་ལ་འགྲོ། ངས་ཁོང་ཚོའི་རིག་ས་ནས་ཁྱོད་ལ་སྡོད་ཟེར་མ་ཕོད་པ་ཡིན།རྒད་པོ་དག་གིས་བཤད་ན་འགའ་རེས་ཇག་པ་རེད་ཟེར། འགའ་རེས་རྐུན་མ་རེད་ཟེར། ལ་ལས་སྨྱོན་པ་རེད་ཟེར། ཡང་ཁ་ཅིག་གིས་ནི་གཞི་བདག་གི་ཆོ་འཕྲུལ་རེད་ཟེར་བ་སོགས་འདྲ་མིན་མང་པོ་བཤད་ཀི ཡིན་ཡང་ངས་བལྟས་ན་ཇག་རྐུན་ཞིག་རུ་དཀྱིལ་འདིར་ཡོང་ནས་ཁ་བརླ་དོན་ཡང་མེད་པས་དེ་མིན་ནོ་ཁོ་ཐག་ཆོད་ཀིཡིན་ནའང་། ཐང་ཡག་མགར་བ་དང་གཙོའུ་སྙིང་པོ་རི་སོགས་ལ་སོང་རབས་བཤད་དུས་གཞི་བདག་གིས་རྒྱུད་བརླབས་སོང་བའི་མི་ཞིག་ཡིན་ནོ་ཤེས་ཐུབ་ཀི་བསམ་པ་ཡིན། ཁོང་ཚོ་ལ་ཁག་ཀྱང་ཡོད་པ་མ་རེད། ན་ནིང་ཞིག་ལ་རྡོ་ཁོག་འདི་ནས་ཡར་སྨྱོན་པ་ཞིག་ཡོང་ཐལ། ནུབ་མོ་ངེད་ཚང་གིས་གནས་ཚང་གཡར་བ་ཡིན། ཡིན་ཡང་མཚན་དཀྱིལ་ཙམ་ལ་ཁོ་སྨྱོས་ནས་ངེད་ཚོ་ལ་བརྡུང་ཐལ། རུ་གྲོང་པ་ཚང་མ་ནགས་ནང་ལ་བྲོས་ནས་འགྲོ་དགོས་པ་ཞིག་བྱུང་ཐལ། ད་སྐབས་ཁོང་ཚོས་དེ་འདྲ་ཞིག་ཨེ་ཡིན་བསམ་ནས་སྐྲག་གི་ཡོད་ཚོད་རེད། ཡ་ཡ། འུ་གཉིས་ངེད་ཚང་ལ་འགྲོ་ཟེར་ནས་སོང་བ་ཡིན། ཁོང་ཚང་གིས་ནགས་སྦྲ་ཞིག་ཕུབ་འདུག ཁྱིམ་ན་ཞི་ལུ་ཞིས་མོ་ལྔ་དྲུག་ཅིག་འདུག ཁོང་གཟའ་མི་གཉིས་ཀས་ང་ལ་ཇ་བླུད་ནས་གནས་མགོའི་བླ་མ་ཆོས་མཐུན་གྱི་རྟེན་དམ་རྫས་སོགས་ཁར་བླུད་ཅིང་། ནབ་བཟའ་དང་བདུག་ཤུག་སོགས་བདུག་ནས་བཟང་བཟང་བྱེད་ཀི རྗེས་སུ་བལྟས་ཡོང་དུས་ཁོང་ཚང་གི་རྒན་མོ་དེ་ནི་གནས་མགོའི་བླ་མ་ཆོས་མཐུན་གྱི་མ་ཡུམ་གྱི་སྐྱེ་བ་ཡིན་ཚུལ་སོགས་ཀྱང་བཤད་རྒྱུ་འདུགདེའི་ཅུང་ཙམ་ནས་སྔར་ངེད་ཚོ་འཛི་ཆུང་ནང་ནས་འགྲོགས་ཡོང་བའི་རྒད་པོ་ཕ་བུ་གཉིས་ཅན་གྱི་ཞི་ལུ་དེ་ཡང་དེར་ཐོན་ཐལ།ཁོ་ཡང་ངོ་མཚར་ནས་ང་ལ་བཟང་བཟང་བྱེད་ཀི ཁོས་ཀྱང་བླ་མ་གཞན་པའི་རྟེན་དམ་རྫས་མདུད་པ་སོགས་ཁྱེར་ཡོང་བ་དག་ང་ལ་སྦྱིན་ཐལ། དེ་ནས་ངེད་ཚོས་དེ་རུ་ནུབ་ཇ་འཐུང་ནས་རྩམ་པ་ཟོས། ཇ་འཐུང་བ་ཡིན། ཡིན་ཡང་དེའི་ནུབ་མོ་ང་ལི་སྐྱུག་བྱས་ནས་བཟའ་འཐུང་བྱེད་མི་འཇུག་གི དེའི་ཕྱིར་ཉིན་སྔ་དྲོ་དུས་ཚོད་བཅུ་གཅིག་ཡས་མས་སུ་གནས་མགོའི་བླ་མ་ཆོས་མཐུན་གྱིས་ཐུན་གྲོལ་ནས་ཐུན་དུང་འབུད་ཀི་འདུག དེ་ནས་ཁོང་ཚང་གིས་རྒན་མོས་ང་ཁྲིད་ནས་བླ་མའི་མདུན་ལ་སོང་བ་ཡིན། བླ་མས་གསུང་རྒྱུར། འོ་ཞི་ལུ་སྙིང་རྗེ། ཁྱོད་ཞོ་རོགས་ཀྱི་ཡིན་ཟིག་ཨཱ ངས་ཁྱེད་ར་ཚང་མ་ངོ་ཤེས་ནི་རེད།གསུངས་ནས་མི་ཐོག་གསུམ་ཚུན་ཆད་ཀྱི་མི་རྣམས་ཀྱི་མིང་བཟུང་ནས་གསུང་མཛད་མང་པོ་བྱེད་ཀི སྐབས་ཤིག་ཁོང་གིས་མདུན་འདུག་པ་ལ། ཨ་ལེ། བསྟན་འཛིན། འདིའི་ཞི་ལུ་འདིའི་ཕ་དང་ཁྱེད་ཀྱི་ཕ་གཉིས་ལྷ་ས་ལ་མཉམ་པོར་སོང་བ་རེད། དབུས་ཇོ་བོ་མཇལ་གི་མཇལ་རོགས་རེད་ཀོ ཁྱོས་འདི་ལ་ཇ་ཞིག་བླུད། ཟ་མ་བརྒྱག་ཚད་ཅིག་སྦྱིན་ནས་འདིར་ཁྲིད་ཤོག གསུང་གི དེར་ངས་ཇ་འཐུང་བ་ཡིན།དེའི་ཉིན་ནི་ང་ལི་སྐྱུག་ཀྱང་བྱས་མ་སོང་། ངས་བླ་མའི་ཐུགས་རྗེ་ལོས་ཡིན་བསམ་པ་ཡིན། དེ་ནས་བླ་མའི་མདུན་དུ་སོང་བས། ཁོང་གིས་ང་ལ་ཁྲུས་བཀའ་བསྒོ་དང་། ཚེ་འགུགས་སོགས་གསུངས་སོང་། མ་ཟད་རྟེན་དམ་རྫས་སོགས་བྱིན་བརླབས་སྲུང་བ་ཡང་གནང་ཐལ། ཡང་ཁོང་གིས།དཱ་ཁྱོད་སང་ཉིན་ནས་ཕྱིར་ཕ་ཡུལ་ལ་ཅི་མགྱོག་གང་མགྱོག་གིས་སོང་། ཁོང་ཚོས་སེམས་ཁུར་བྱེད་ཀི་ཡོད་ངེས་རེདསོགས་གསུང་གིངས་ལགས་སོ་ཞུས། དེའི་ནུབ་མོ་ཡང་པད་ལྷུན་ཚང་ནས་བསྡད་བཞག ཕྱིར་ཉིན་ནང་མོ་ནང་ཇ་འཐུང་རྗེས། པད་ལྷུན་གྱིས་རྩམ་པ་ཞིག་བརྫིས་ནས་ཅ་ནེའི་ནང་དུ་བཅག་ གླེབ་བྱས་ནས་ང་ལ་འདི་ཁྱོའི་ལམ་གི་བྲོ་ཁ་ཀྱིས་ཟེར། ངས་དེ་རུམ་ལ་བཅུག་ནས་ཡོང་བ་ཡིན། དེ་ནས་ཕྱིར་ལམ་བསྙེགས་ནས་ཐང་ཡག་དང་འཛི་ཆུང་སོགས་རི་ལུང་མང་པོ་ཞིག་བརྒྱུད་ནས་ཡོང་བ་ཡིན།

རིམ་བཞིན་འཛི་ཆུང་ལུང་པའི་ནང་ནས་མར་སོང་བས་དེ་རུ་ཁྱིམ་ཚང་འགའ་རེས་རུ་གསར་དུ་སྤོས་ནས་ཐོན་འདུགཡང་མར་ཅུང་ཙམ་སོང་བས་ངའི་འགྲོ་ལམ་ཐོག་གི་སུ་རུའི་ཤིང་ནང་ཞིག་ན་སྐྱ་ལོག་གེར་ཅིག་འགུལ་གི་འདུག གཟབ་ལྟ་བྱས་ཚེ་མི་ཞིག་ཡིན་པ་ཤེས་ཐུབ་ཀིཅུང་ཙམ་ནས་ཁོ་ཡར་ལངས་ཏེ། ང་ཡོད་སར་ཐོན་ཡོང་གིདེ་ནི་ངེད་ར་སྡེ་བའི་རྒོད་སྤུས་ཟ་པོ་རེད་འདུག ཁོས་ཨ་ལེ་སྔོ་པོ། ཁྱོད་གང་ལ་སོང་བ་ཡིན།ཁྱོད་རྐང་ཐང་རེད་མོ། ཁྱེད་ཚང་ལ་རྟ་ཡོད་མོ། ཟེར་ནས་མ་གོ་ཁུལ་གྱིས་དོགས་འདྲི་བྱེད་ཀི་དེར་ངས་ཀྱང་ཁ་མཚར་དུ་ང་རྡོ་ཁོག་ཅིག་ལ་སོང་བ་ཡིན། ཕར་ལམ་ཉིན་གཅིགཚུར་ལམ་ཉིན་གཅིག་བྱས་ནས་ཡོང་བ་ཡིན། ཐག་ཉེ་བོ་འདུགསོགས་བཤད་ཁུལ་བྱས།མཐར་ངེད་གཉིས་ཡར་བཤད་མར་བཤད་འགའ་བྱས་རྗེས། ཁོས་ང་སེམས་ཐོག་ན་ཡ་ཁུ་བསམ་གི་འདུག དེ་དུས་ད་གཟོད་ཁོས་ང་ལ་སྐད་ཆ་དྲང་བཤད་བྱེད་ཀིའུ་ར་སྡེ་བས་ཁྱོད་བོར་ནས་རུ་སྡེ་བ་ཡོངས་རྫོགས་ཀྱིས་ཁྱོད་ལ་བཙལ་ལུང་བཙལ་བྱེད་ཀི་ཡོད་ནི་རེད། མི་ཚང་མས་སྔོ་པོ་གཞི་བདག་གིས་ཁྱེར་སོང་བ་རེད། འོ་མ་རེད་སྨན་མོང་གིས་ཁྱེར་སོང་བ་རེད། འདྲེས་ཁྱེར་སོང་བ་རེད། རྗེས་བཅད་ན་ཆོད་ནི་མ་རེད།བཟུང་ན་ཐུབ་ནི་མ་རེད་སོགས་ཟེར་ནས་ཚང་མ་སེམས་ཁུར་གྱི་ཀློང་ན་ཁྱོད་བཙལ་ནས་འགྲོ་གི་ཡོད་པ་རེད།

སྔ་སོར་ཁྱོད་ཚོས་འཚོགས་འདུའི་བརྡ་བརྒྱབ་ནས་ཕྱིར་ཉིན་འཚོགས་འདུ་འཚོགས་ཚེ་ཁྱོད་ཐོན་རྒྱུ་མ་ཡོད་པ་རེད། སྐབས་དེར་ཚང་མས་ཡར་འདྲི་མར་འདྲི་བྱས་ཚེ། གཅུང་འཇམ་ཚང་གིས་མདང་ནུབ་ཁོང་ཚོ་མཉམ་པོར་གློག་བརྙན་ལ་ལྟ་རུ་སོང་བ་ཡིན་ཡང་། ནུབ་མོ་ཁོ་ཕྱིར་ཐོན་མ་ཐལ་ཟེར་ནས་བཤད་ཟིག དེའི་རྗེས་ནས་མི་གཅིག་ལའང་མཐོང་ཐོས་མ་ཡོད་ཟིག དེར་འཚོགས་འདུ་འཚོགས་རྔ་མ་བུད་པར་ཚང་མ་བཙལ་གི་སོང་བ་ན།མི་འགའ་རེ་རྐང་ཐང་རེད། འགའ་རེ་གཡག་བ་རེད། འགའ་རེ་རྟ་བ་རེད། ཚང་མ་ཐོག་དང་པོ་གློག་བརྙན་སྟོན་སའི་ལམ་ལས་ཁང་ནང་དུ་སོང་ནས་ཁོང་ཚང་གི་ཁྱིམ་སློག་ནས་སྐད་ཆ་ཡང་འདྲ་མིན་མང་པོ་བཤད་དགོས་ཐུག་ཡོད་ས་རེད། འགའ་རེས་གསེར་ཆུའི་ནང་དུ་ལྷུང་སོང་བ་ཨེ་ཡིན་ཟེར་ནས་སྦྲའི་ཀ་ར་བཟུང་ནས་ཆུ་ནང་སློག་གི མདོར་ན་ཉིན་ཞག་མང་པོར་དམ་ཅན་མདོ་ཡན་ཆད། མཆོད་རྟེན་ཐང་མན་ཆོད་ལ་བཙལ་རུང་མ་རྙེད་ཐལ།མཐར་ཁོང་ཚོས་རྫོང་ལ་ཡར་ཞུ་བྱེད་དགོས་ཀིའུ་ཚོས་རང་བཞིན་མི་ཞིག་བོར་ཐལ་ཟེར་ནས་བསྐྱུར་འཇོག་རྒྱུ་ཡོད་ནི་མ་རེད་སོགས་ཟེར་གིསྐབས་དེར་གསེར་ཐལ་གྱི་རྫོང་དཔོན་དཀྲུག་དཀྲུག་རེད། དེར་རྫོང་དཔོན་རྣམས་ལ་ཡར་ཞུ་བྱས་ནས་འཚོལ་བརྡའི་ཡི་གེ་རེ་བཀྲམ་རོགས་བྱེད་རྒྱུ་ཡང་བྱས་ཐལ།ད་དུང་གསེར་ཡུལ་གྱི་སེ་ར་ཡང་སྤྲུལ་སོགས་བླ་མ་རྣམས་ལ་ཕྱག་མོ་ལུང་བསྟན་ཞུས་ཐལ། པྲ་བ་རྣམས་ལ་པྲ་ཡང་ཕབས་ཐལ། ཁོང་ཚོས་མོ་དང་པྲ་གང་ཡིན་ཡང་ཡག་པོ་ཞིག་བབས་ཀིཅང་སྐྱོན་ཡོད་ས་མ་རེད་ཀོ་གསུང་འདུག གཞན་ད་དུང་ཁྱེད་ཚང་གི་མག་པ་གཅུང་ཤུལ་རིག་པོ་ཡང་གནུབས་ཟུར་མཁན་པོ་འཇིགས་ཕུན་གྱི་མདུན་ལ་དྲི་སར་སོང་ཟིག ཁོང་ནི་ཉག་བླའི་སྤྲུལ་སྐུ་ཡིན་ནི་རེད། ཁ་གསལ་རེ་གསུང་རྒྱུ་ཨེ་ཡོད་དཱ་ཟེར་ནས་དྲི་སར་སོང་ཟིག དེ་ནི་རྗེས་སོར་མག་པས་བཤད་ཡོང་དུས། ཁོ་གནུབས་ཟུར་མཁན་པོ་འཇིགས་ཕུན་གྱི་མདུན་ལ་སོང་བ་ཡིན། སྐབས་དེར་ཨ་ནེ་མེ་སྒྲོན། མུ་མཚོ་ཁོང་གསུམ་པོ་བཞུགས་འདུག བླ་མས་གང་གི་ཡིན་སོགས་དྲིས་སོང་། ཁོས་ཞོ་རོགས་སྡེ་བ་ནས་ཡིན། མི་ཞིག་བོར་ནས་ཁྱེད་ལ་ཕྱག་མོ་ལུང་བསྟན་ཞུ་སར་ཡོང་བ་ཡིན།ཁྱེད་ནི་ལུང་བསྟན་པ་ཞིག་ཀྱང་ཡིན་ནི་རེད་ཟེར་གིདེ་རིང་ཁྱེད་ཀྱིས་ང་ལ་ཁོ་ཤི་ཡོད་ན། གསོན་པོར་ཡོད་ན། ཅི་ཞིག་ཡིན་རུང་ཁ་གསལ་བོ་ཞིག་གསུང་རོགས་བྱེད་དགོས་ཀིཟེར་ནས་ཞུས་ཟིག བླ་མས། འོ་རྒད་པོ་སྡོད་དཱ། ཨེ་མི་དྲག་ཡ། དཱ་ཇ་ཞིག་འཐུང་དཱ་གསུངས་ནས་ཐུགས་ལྷོད་ལྷོད་བྱས་ནས་བཞུགས་འདུག་གི་ཟེར། ཡང་ཁོང་གིས། ཡ་ཡ། དེ་མིན་ཁྱེད་ར་ཞོ་རོགས་ཀྱིས་ཅི་བྱེད་ཀ་ཁུ། ད་སྐབས་ཞོ་རོགས་ཀྱི་བླ་མ་སུ་ཟེར་བ་དེ་རེད། གྲྭ་བ་རྣམས་ཀྱིས་ད་སྐབས་དགོང་ཞག་གམ་ཤི་བདུན་འདོན་ཆོག་གི་ཨེ་ཡ་ཁུ། རྒྱལ་ཁབ་ཀྱིས་ཅང་ཟེར་གི་ཨེ་ཡ་ཁུ། ཁྱེད་ར་ནང་དུ་ཆོས་ཅི་འདྲ་དར་གི་འདུག་སོགས་སྐབས་འདིའི་དོན་དང་འབྲེལ་བ་གཏན་ནས་མེད་པའི་དྲི་བ་ཏག་ཏག་མཛད་འདུག་གི་ཟེར། དེའི་ཅུང་ཙམ་ནས་ཁོ་འགྲོ་རན་ཁར་གསུང་པ། འོ་རྒད་པོ། ཁྱེད་ཀི་མྱི་རྡང་བདེ་མོ་འཚམ་པོ་བྱས་ནས་བསྡད་ཡོད་ནི་འདྲ་རེད། སེམས་ཁུར་ཅི་ཡང་བྱེད་མི་དགོས་ས་ཞིག་ན་ཡ་ཁུ་བསམ་གིངས་བལྟས་ན་ཉིན་ཞག་བཅུ་ཐམ་པ་ཟེར་ཉིན་དེར་ཁ་གསལ་ཨ་ས་ལེ་བ་ཞིག་འདུག

དེའི་ཉིན་པར་མི་གསོན་པོ་འདི་རེད་ཟེར་རྒྱུ་ཞིག་དང་། ཡང་མིན་ན་ཤི་བོ་རོ་འདི་ན་ཡ་ཁུ་ཟེར་ནས་སྟོན་འཇོག་ནི་ཞིག་ཐོན་རྒྱུ་ཡོད་ས་རེད་སོགས་གསུངས་ནས་ཚིག་ཐག་ཆོད་པའི་གསུང་མཛད་མང་པོ་ཞིག་བྱེད་ཀི་ཟེར། སྐབས་དེར་མག་པའི་ཁོའི་སེམས་སུ་ཁོང་གིས་ཕྱག་མོ་ནི་བཏབ་མ་ཐལ། ཡི་གེ་ནི་ཀློག་མ་ཐལ།རང་བཞིན་སྐད་ཆ་གསུང་ཞོར་ལ་ཕྱག་ཕྲེང་བྱུག་གི་འདུགཅི་ཡིན་ནམ་སེམས་ལ་དྲན་སོང་ཟེར། ཡང་བླ་མས།དཱ་ཉིན་ཞག་བཅུའི་ཉིན་མོ་ཟེར་ཉིན་ཨ་ས་ལེ་བ་ཞིག་ཡོད། དེ་མ་ཐོན་བར་དུ་བདུན་འདོན་མི་དགོས། འགུགས་པ་རྒྱག་མི་ཉན། ཅི་ཡང་འདོན་མི་དགོས། གལ་ཏེ་ཅིག་འདོན་བསམ་ན། སྒྲོལ་མ་ཞིག་དང་། བསམ་ལྷུན་རེ་ཐོན། དེ་གྱིས། གལ་ཏེ་ཉིན་ཞག་བཅུའི་མཚམས་ནས་ཁོ་ཕྱིར་མ་ཐོན་ན་དེའི་ཕྱིའི་ནང་མོ་ནས་ཤི་བདུན་འདོན་ཆས་གྱིས། དེ་འདྲ་གསུང་གི་ཟེར། དེ་རྗེས་མག་པ་ཕྱིར་ཐོན་ནས་ངེད་ཚོ་ལ་སྐད་ཆ་དེ་བཤད་པ་རེད། དཱ་དེ་རིང་ཉིན་ཞག་བཅུའི་ཁ་གང་སོང་བ་རེད། འུ་གཉིས་མར་ཁྱེད་ཚང་ལ་འགྲོ་དང་ད་ཚོད་ཁྱེད་ཚང་གིས་བདུན་མགོ་འཛུགས་ཆས་བྱེད་ཀི་ཡོད་ན་ཐང་ཟེར།དེ་དུས་ཉི་མ་ཕྱེད་མ་ཡོལ་ཙམ་ཞིག་རེད།

དེ་ནས་སྒོ་སྤུས་ཟ་པོ་ངེད་གཉིས་མར་ཡོང་བ་ཡིན། ཁོས་རྟ་ལ་སྒ་སྲབ་བྱས་ནས་ང་མར་ཁྱིམ་དུ་སྐྱེལ་རྒྱུའི་གྲ་སྒྲིག་བྱེད་ཀིསྐབས་དེར་ས་དེ་ན་ཡོད་པའི་ངེད་རའི་དུད་ཚང་རྣམས་ཀྱི་མི་མང་པོ་ཞིག་ང་ལ་ལྟ་རུ་ཐོན་ཐལ། ཅི་ཡིན་མི་ཤེས་མོད། སྐབས་དེ་དུས་ད་རུང་ཁོང་ཚོས་ང་ལན་རེར་མཐོང་གི་ཡོད་ནི་འདྲ་འདྲ། ཡང་སྐབས་རེ་ནི་མཐོང་གི་མེད་ནི་འདྲ་ཞིག་རེད། རྒྱུ་མཚན། རྒོད་སྤུས་ཟ་པོས་ཁོང་ཚོ་ལ་ང་ལོན་རབས། འཛི་ཆུང་ལུང་སྟོད་ཅིག་ནས་ཁོས་ཁྲིད་ཡོང་རབས་སོགས་བཤད་སྐབས། ངེད་ཅག་མཉམ་པོར་ཡོད་རུང་མི་འགའ་རེས་ད་རུང་། སྔོ་པོ་ག་རེ་གང་ན་ཡོང་ག་ཁུ་ཟེར་ནས་ཟུར་དུ་ཡོད་པའི་ང་ལ་མིག་གིས་མི་ལྟ་བར་ཡར་འཛི་ཆུང་ལུང་པའི་ནང་དུ་རྒྱང་ལྟ་བྱེད་ཀིཡང་འགའ་རེས་རྒོད་སྤུས་ཟ་པོ་ངེད་གཉིས་ངོ་ནོར་བྱུང་ནས་ཁོའི་རྟའི་ཁ་ཆིང་ནང་ལ་འབྱར་ཏེ་མིག་ཆུ་ཕྱུངས་ནས། ཞི་ལུ་ཁྱོད་ལོན་ནས་སྐྱིད་དཱ་ཟེར་ནས་ངུས་བྱུང་།དེ་ནས་ངེད་གཉིས་འཛི་ཆུང་མདོར་ཐོན་དུས་ཉི་མ་ཡོལ་ཏེ་རྫི་བོ་རྣམས་ཀྱང་ཁྱིམ་ལ་ལོག་པའི་ཚོད་ཙམ་ཞིག་རེད། དེ་དུས་ང་རང་ཁྱིམ་ལ་ཐོན་པ་རེད། ཨ་མ་ལའང་གསར་དུ་ངོ་ཐུག་པ་རེད། ཉིན་དེར་ཟླ་བ་བཞི་པའི་ཚེས་བཅུ་གཉིས་རེད། ང་དམ་ཅན་གྱིས་ཁྱེར་ནས་ཉིན་དེའི་དགོང་མོ་ནས་ཉིན་ཞག་བཅུའི་ཁ་གང་སོང་བ་ཡིན་ཟིག ཆོས་རྗེ་ཡིད་བཞིན་ནོར་བུས་གསུང་པ་ལྟར་དུས་ཚོད་ཐོག་ལ་ཁྲིགས་སེར་སོང་འདུག ངེད་གཉིས་ཐོན་དུས་མི་འགའ་རེ་ངུ་འུ། ཡང་འགའ་རེ་དགོད་ཀི རྒོད་སྤུས་ཟ་པོས་ཁ་མཚར་རྩེས་ནསཁྱེད་ཚོ་མ་དགོད་མི། ཁོ་དམ་ཅན་གྱིས་ཕྱིར་ཁྲིད་འགྲོ་ན་མི་ཤེས་འོ་ཟེར་ནས་དགོད་ཀིངེད་ཚང་ཁང་པ་ཞིག་གི་ནང་ན་ཡོད། ཁྱིམ་གྱི་ཡ་ལོག་ན་བཞུགས་གདན་བཏང་། མདུན་ཅོག་བཞག ད་དུང་རྩམ་པ་དང།མར་ཆུར་སོགས་གྲ་སྒྲིག་བྱས་ཏེ་སང་ཉིན་ནང་མོ་ནས་བདུན་མགོ་འཛིན་རྒྱུའི་སྟ་གོན་བྱས་ནས་འདུག དེ་ནས་ངེད་ཚོས་མཉམ་པོར་ཇ་ཞིག་འཐུང་ནས་དུས་ཚོད་ཕྱེད་ཡས་མས་ཤིག་སོང་མཚམས་སུ། ངེད་ཀི་རུ་ཡོད་སའི་ཐོད་དེ་ནས་མར་གྲྭ་བ་དྲུག་བདུན་ཞིག་གིས་ཏ་ལེན་ཁུར། ཌ་དྲིལ་དང་ཡི་གེ་བསྣམས་ནས་ཐོས་གྲོལ་འདོན་སར་བྱོན་ནས་ཐོན་ཐལ།དེའི་ནུབ་མོ་ངེད་ཚོས་ཁ་བརྡ་མང་པོ་བྱས་རྗེས་གྲྭ་བ་རྣམས་ཁྱིམ་གྱི་ཡ་ལོག་ནས་གཟིམས་ཐལ། ང་ཁྱིམ་གྱི་བར་སྐེད་ཅིག་ནས་ཉལ་དུ་བཅུག ཁྱིམ་གྱི་མ་ལོག་གམ་སྒེའུ་ཁུང་དང་སྒོ་འགྲམ་ནས་མི་སྐྱ་མང་པོ་ཞིག་ཉལ་བཅུག་ནས་ཁོང་ཚོས་ང་བསྲུང་བའི་ཚུལ་འདྲ་བོ་བྱེད་ཀི་འདུག ད་ཚོད་བསམ་ན་ཁོང་ཚོས་དེ་དུས་ད་དུང་ང་ལ་ཡིད་མ་ཆེས་པའི་བཟོ་ལྟ་འདྲ་བོ་ཡིན་ས་རེད། དེའི་ཕྱིར་ཉིན་ནངས་མོ་ང་དང་ཕ་གཅིག་པའི་མུ་ར་འཇིགས་དབང་ཟེར་བ་དེས་ང་ཁྲིད་ནས་གསེར་ཐལ་རྫོང་ཐོག་ལ་སོང་ནས་སེ་ར་ཡང་སྤྲུལ་དང་། ཤུགས་སྒང་རྨ་སྤྲུལ།ཡར་ལུང་སྤྲུལ་སྐུ། མཁན་པོ་བསོད་ལྡན་སོགས་བླ་སྤྲུལ་མང་པོ་ཞིག་གི་མདུན་དུ་སོང་ནས་ཁྲུས་བཀའ་བསྒོ་དང་། བྱིན་རླབས་སྲུང་བ་སོགས་ཞུས་པ་རེད། དེ་རྗེས་ང་ཆོས་རྗེ་ཡིད་བཞིན་ནོར་བུའི་མདུན་དུ་སོང་བ་ཡིན། ལོ་དེ་ནི་བསྐལ་པ་སྤྲེལ་གྱི་ལོ་རེད། ཁོང་གིས་བླ་རུང་ཆོས་སྒར་ཕྱག་བཏབ་མཛད་པའི་ལོ་དེ་རེད།ང་ཁོང་གི་སྐུ་མདུན་དུ་སོང་བས་ཁོང་ནི་བླ་རུང་ལུང་པ་ན་སྦྲ་ནག་ཞིག་གི་ནང་དུ་བཞུགས་འདུག སྦྲ་ནག་དེའི་གོང་དེ་ན་རྒྱབ་ཤིང་གིས་བཟོས་པའི་གཟིམ་ཁང་ཅིག་ཀྱང་འདུགངས་ཁོང་ལ་གྲྭ་བ་བྱེད་རྒྱུ་ཡིན་ཚུལ་རྣམས་ཞུས་པས།ཁོང་གིས་ཐུགས་བརྩེ་བས་ང་ལ་ཆོས་ཀྱི་ཐོག་མར་སྔོན་འགྲོ་ཐར་ལམ་རབ་གསལ་གྱི་ལུང་ཞིག་དང་། ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་ཞིག་གནང་བར་མ་ཟད། ཁོང་སྐུ་དངོས་ཀྱིས་སྔོན་འགྲོ་དེའི་ཕྱག་དཔེ་ཞིག་ཀྱང་ང་ལ་གནང་སོང་། ཁོང་གིས་གསུང་རྒྱུར་ཁྱོད་ལ་མ་རྒན་རྒས་པ་ཞིག་ཡོད་ན་ད་དུང་ཁྱོད་གྲྭ་བ་མ་བྱས་ཀྱང་ཆོག་གི་རྗེས་སོར་གྲྭ་བ་བྱས་ནས་ཤོག་དང་། སྐབས་དེར་ངའི་ཟུར་ནས་དབང་ལུང་ཁྲིད་གསུམ་ཡོངས་རྫོགས་ཁྱོད་ལ་ཐོབ་ངེས་ཅན་ཡིན་གོ་གསུང་གིདེའི་ལོ་འགའི་རྗེས་སུ་ང་གྲྭ་བ་བྱས་ནས་བླ་རུང་དུ་སོང་པ་ཡིན། ང་དམ་ཅན་གྱིས་ཁྲིད་རབས་ལོ་རྒྱུས་དེ་འདྲ་ཞིག་རེད། ད་ཚོད་བསམ་ན་དེའི་རྗེས་སུ་དམ་ཅན་གྱིས་ང་ལ་ཁ་འཛིན་དང་གདོང་གྲོགས་མང་པོ་མངོན་སུམ་དུ་བྱེད་མྱོང་། ངོ་མ་དངོས་གནས་ཁོང་ང་ལ་བཀའ་དྲིན་ཆེན་པོ་ཡིན།དེ་ང་རང་གི་སེམས་ན་ཁྲིགས་སེ་ཡོད་ནི་རེད། དམ་ཅན་གནས་རི་ཟེར་བ་དེ་ཡང་རང་བཞིན་གྱི་རི་རྒོག་སྟོང་པ་ཞིག་མིན་ནོ་ང་རང་གིས་མངོན་སུམ་དུ་མིག་གིས་མཐོང་སོང་བ་རེད། ངས་གཤོབ་ཅུང་ཙམ་ཡང་བཤད་པ་མེད། གཤོབ་བཤད་དགོས་དོན་ཡང་མི་འདུག ད་སྐབས་ང་དགེ་སློང་ཐབས་ཆག་ཅིག་ཀྱང་རེད། ལོ་ནའང་ཧ་ཅང་རྒས་འུ་དྲུག་ཅུ་རེ་བརྒྱད་ལ་ཐོན་འདུག མིན་ཡང་ངས་གཏམ་རྒྱུད་འདི་བླ་མ་ཡིད་བཞིན་ནོར་བུ་ཚུན་ཆད་ལ་ཞུས་མྱོང་བ་རེད། དོན་ཆུང་འདི་འདྲ་ཞིག་གི་ཆེད་དུ་ངས་བླ་མ་དབུ་སྐོར་རྫུན་ཞུས་དེ་འདྲ་ནམ་ཡང་བྱེད་འདོད་མེད།ངས་ད་སྔོན་མི་མང་པོ་ལ་ལོ་རྒྱུས་འདི་བཤད་མྱོང་བ་རེད། བཤད་སྟངས་རྒྱས་འབྲིང་བསྡུས་གསུམ་གྱིས་ཆ་ནས་མི་འདྲ་ས་ཅུང་ཙམ་རེ་སོང་ཡོད་ན་མི་ཤེས་མ་གཏོགས། རྩ་བའི་ཆ་ནས་གཅིག་པ་རེད་ཡོད། གཏམ་རྒྱུད་འདི་སྔོན་ཆད་རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོས་ཀྱང་ང་ལ་ཞིབ་འདྲི་གནང་ནས་ཡིག་ཐོག་ལ་ཕབས་ཐལ། དེའི་རྗེས་སུ་མཁན་པོ་བསོད་དར་རྒྱས་ཀྱིས་ཀྱང་འདི་ཡིག་ཐོག་ལ་ཕབས་ནས། ཁོང་གི་རྒྱ་ཡིག་གི་བརྩམས་ཆོས་ཚན་རིག་དང་འབྲེལ་བའི་ནང་ཆོས་ཀྱི་དེབ་ཅིག་དང་། ས་སྐྱ་ལེགས་བཤད་ཀྱི་བཤད་འགྲེལ་ཞིག་ཏུའང་དེའི་ལོ་རྒྱུས་དམ་དུམ་རེ་བཀོད་ཡོད་པ་མཇལ་མྱོང་།ངས་ད་བར་དུ་དངོས་བྱུང་གཏམ་རྒྱུད་འདི་སེམས་ལ་བཟུང་ནས་བཤད་དོན། སྤྱིར་ན་ལོ་རྒྱུས་ངག་རྒྱུན་འདི་ཚོ་ལ་དགོས་པ་ཆེན་པོ་ཡོད་ས་རེད། མ་ཟད་གཙོ་ཆེ་ས་ནས་བཤད་ན། དེང་སང་ང་ཚོ་མི་རྣམས་ཀྱི་ནང་ན་རང་གི་མིག་གིས་དངོས་སུ་མ་མཐོང་། རྣ་བས་མ་ཐོས་ན། ལྷ་འདྲེ་སོགས་ཡོད་པར་ཡིད་མི་ཆེས་པ་རེད། དེ་བཞིན་དུ་ལས་རྒྱུ་འབྲས་དང་ཚེ་སྔ་ཕྱི་སོགས་ཀྱང་རང་གིས་ད་ལྟ་ནས་རིག་རྒྱུ་མཐོང་རྒྱུ་མ་ཡོད་ན་མེད་པར་འཛིན་མཁན་གང་མང་མང་རེད་མོད། ངས་བསམ་ན་དེ་ང་ཚོས་ནོར་བ་རེད་འདུག རང་གི་ཤའི་མིག་གིས་མ་མཐོང་བ་ཙམ་གྱིས་མེད་པའི་ངེས་པ་གཏན་ནས་མི་འདུག་བསམ་ནས་གཏམ་རྒྱུད་འདི་ཡང་དེ་འདྲའི་རྒྱུ་མཚན་དང་སྒྲུབ་བྱེད་ཅིག་ལ་ཨེ་འགྲོའི་རེ་བ་བཅངས་ནས་ནན་གྱིས་བཤད་དོན་གཙོ་བོ་དེ་འདྲ་ཞིག་ཡིན་ལགས། ད་ཐེངས་དངོས་བྱུང་གཏམ་རྒྱུད་འདི་ཆ་ཚང་བར་ཁྱེད་ཀྱིས་ཡིག་ཐོག་ལ་ཕབས་པར་ངས་སྙིང་ནས་བཀའ་དྲིན་ཞུས་པ་ཡིན་ལགས།སྐུ་ཚེ་རིང་།

ཞེས་པའང་བོད་ལྕགས་གླང་ལོའི་ཟླ་༥པའི་ཚེས༢༨དང་། སྤྱི་ལོ༢༠༢༡ཟླ༧ཚེས༧ཉིན་རྒྱལ་ཕྱུག་དགོན་པའི་གྲལ་མཐའ་བ་ཆོས་ཀྱི་ཤེས་རབ་ཀྱིས་བྲིས་པའོ།།





བྱམས་བརྩེའི་འོད་ཁྱིམ་འཕྲིན་སྟེགས།





〖1〗༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གིས་ལྗགས་ཁྲིད་མཛད་པའི་མདོ་སྡེ་མཛངས་བླུན་སྒྲ་『ཆ་ཚང་།』


〖2〗འདན་སྲས་གཡུ་འོད་འབུམ་མེའི་རྟོགས་བརྗོད།སྒྲུང་པ་སྐལ་བཟང་གྲགས་པ།〖ཆ་ཚང་།〗


〖3〗༄༅། །འཛམ་གླིང་སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས་བསྡུས་པ་ལུག་རྫི་རྒན་པོའི་ཀི་སྒྲ་ཞེས་བྱ་བ་བཞུགས་སོ། །༸མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད།སྐུ་ཉིད་ཀྱིས་ལྗགས་ཁྲིད་གནང་བའི་སྒྲ་〖ཆ་ཚང་།〗


མཁན་འཆི་མེད་རིག་འཛིན་གྱིས་གསུང་བའི་བདེ་ཆེན་ཞིང་གི་སྨོན་ལམ།【ཚ་ཚང】

སྤྱོད་འཇུག་ཐོགས་འགྲེལ།【ཆ་ཚང་།】མཁན་ཆེན་ཚུལ་ཁྲིམས་བློ་གྲོས།

ཆོས་རྗེ་འཇིགས་མེད་བླ་མའི་རྣམ་ཐར་རྒྱས་པར་བཀོད་པ་ཞེས་བྱ་བ། མཁན་བསྟན་འཛིན་ནོར་བུ། |ཆ་ཚང་།


ང་ཚོ་འགྲོ་བ་མི་ཡིན་པ་དང་སྤྱི་ཚོགས་ལ་བརྟེན་ནས་གནས་ཡོད་པས།   མི་རེ་རེར་སྤྱི་ཚོགས་དང་འགྲོ་མིའི་བདེ་སྐྱིད་ཀྱི་ཆེད་དུ་ཡང་དག་པའི་བྱ་བ་བྱེད་རྒྱུའི་འགན་ཡོད།   གང་ཞེ་ན།   འབྱུང་གྱུར་གྱི་མིའི་རང་གཤིས་བཟང་པོ་ཞི་བདེའི་ཚོར་སྣང་ལྡན་པ་ཞིག་བྱུང་ན་ཚང་མ་ལ་ཁེ་བཟང་ཆེ་བ་སྨོས་མི་དགོས་མོད།  དེའི་ཕྱིར་ངེད་༼བྱམས་བརྩེའི་འོད་ཁྱིམ་༽གྱིས་བརླན་པའི་འཇིག་རྟེན་གསར་པའི་འཕྲིན་སྟེགས་ནང་(དུས་རབས་ཀྱི་ཅོང་བརྡས་)ཞིང་འབྲོག་གཉིད་ལས་སློང་ངེས་ན་འདིར་ཕེབས་པར་དགའ་བསུ་དང་གུས་འདུད་གྲངས་མེད་ཞུ་བཞིན་ཡོད།


གསལ་བཤད།


སྤྱི་སྟེགས་འདིར་རིན་ཐང་ཆེ་བའི་གཏམ་བཤད་དང་། ལོ་རྒྱུས་ངོ་སྤྲོད། གསོ་རིག་ལས་འཕྲོས་པའི་གལ་ཆེའི་འཕྲོད་བསྟེན་ཤེས་བྱ།  ཡུལ་ལུང་གོམས་སྤྱོད་ངོ་སྤྲོད།   ཡུལ་སྐོར་ཟིན་ཐོ། ཡ་མཚར་དངོས་བྱུང་སྐོར། ནང་ཆོས་དང་མཚན་རིག་ལས་འཕྲོས་པའི་ཀུན་སྤྱོད་དང་ལྟ་གྲུབ་སྐོར།  ད་དུང་འཆད་ཁྲིད་གལ་ཆེན་སོགས་འགོད་ཀྱིན་ཡོད་པས་རིན་ཐང་ཅན་རེ་ཡིས་རྒྱབ་སྐྱོར་ཡོང་བར་བཀའ་དྲིན་སྙིང་ནས་ཞུ།



འཕྲིན་སྟེགས་གཙོ་སྐྱོང་པས།




སྤྱི་སྟེགས་སུ་མི་སྒེར་དང་ཚོགས་པ་གང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ།  མྱུར་དུ་ང་ཚོར་འབྲེལ་གཏུགས་གྱིས་དང་དྲྭ་ངོས་ནས་བསུབ་ངེས་ཡིན།

版权为原著所有,著有侵犯到您的权益,请您与我们联系,我们将立即删除

སྤེལ་ཟིན་དག་ལ་གཟིགས་འདོད་ན།⬇️

རྒྱལ་སྲས་ལག་ལེན། ༧ཆོས་རྗེ་བླ་མའི་གསུངས། སྒྲ།【ཆ་ཚང་།】

རྣམ་པར་འཐག་པ་བསྡུས་པའི་མདོ། ཆོས་རྗེ་བླ་མའི་ཞལ་གསུངས། སྒྲ་ཡིག་ཆ་ཚང་།

ཆོས་རྗེ་བླ་མས་ཁེ་ན་ཏ་ན་གསུངས་བའི་ནང་པའི་ཆོས་ལུགས་དང་མཐུན་པའི་བཀའ་སློབ་མདོར་བསྡུས།༼བརྙན་ཆ་ཚང་།༽

ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་དགོངས་པ་ཆོས་དབྱིངས་སུ་མ་རྫོགས་གོང་བླ་རུང་ཞིང་སྒྲུབ་ཀྱི་རྣམ་པ་དང་སྐྱབས་རྗེ་བླ་མའི་བཀའ་སློབ་དང་ཞིང་དབང་བསྐུར་བའི་བརྙན།

ངེས་ཤེས་སྒྲོན་མེ། འཆད་ཁྲིད་པ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།༼ཆ་ཚང་།

འདུལ་བ་མདོ་རྩ། མཁན་ཚུལ་ཁྲིམས་བློ་གྲོས།༼སྒྲ་ཆ་ཚང་།

ས་སྐྱ་ལེགས་བཤད། འཆད་ཁྲིད་པ། མཁན་ཆེན་ཚུལ་ཁྲིམ་བློ་གྲོས།༼ཆ་ཚང་།

༄༅། ། དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་རྣམ་པར་འགྲེལ་བ་བཀྲ་ཤིས་མི་ཟད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། འཆད་ཁྲིད་གསུང་མཁན། ༧བླ་མ་ཚུལ་ཁྲིམས་བློ་གྲོས།

སད་རྨི་རྩོད་པའི་གླུ་སྒྱུ་མའི་རོལ་མོ་དགུ་འགྱུར་ཞེས་བྱ་བ་བཞུགས་སོ། །

མཛད་པ་པོ། ཀུན་མཁྱེན་མི་ཕམ་རྣམ་རྒྱལ་རྒྱ་མཚོ། འཆད་ཁྲིད་པ། མཁས་དབང་ཚུལ་ཁྲིམས་བློ་གྲོས།༼ཆ་ཚང་།༽

སྐུ་གསུང་ཐུགས་རྟེན་ལ་གུས་པར་བྱེད་པའི་ཚུལ་བརྗོད་པ་ལེགས་ལམ་དམ་པའི་གསོས་སྨན་ཞེས་བྱ་བ་བཞུགས་སོ། ། 

མཛད་པ་པོ། དཔལ་སྤྲུལ་རིན་པོ་ཆེ། འཆད་ཁྲིད་པ། མཁས་དབང་ཚུལ་ཁྲིམས་བློ་གྲོས།

༼ཆ་ཚང་།༽

མཁན་ཆེན་མཆོག་གི་༢༠༢༡ལོར་གསུང་བའི་དབྱར་ཆོས་ཆ་ཚང།

2022ལོར་བླ་ལུང་རི་ཁྲོད་དུ་བསྩལ་བའི་བཀའ་ཆོས་ཆ་ཚང་།བླ་མ་ཡིད་བཞིན་ནོར་བུའི་ཞལ་གདམས་ཁག་གསུམ། འཆད་ཁྲིད་པ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས། 

བསླབ་པ་ཀུན་ལས་བཏུས་པའི་ལེའུ་བཅུ་གཅིག་གི་སྒྲ་ཆ་ཚང་།༢༠༢༢ལོར་གསུངས།

ངག་ཆུང་ཟིན་བྲིས་ལས་བྱང་སེམས་བསྒོམ་ཚུལ།༼སྒྲ་ཆ་ཚང་།༽ མཁན་ཆེན་དམ་པ་ཚུལ་ཁྲིམས་བློ་གྲོས་ཀྱིས་གསུངས།

སྐྱེ་བ་སྔ་ཕྱིའི་རྣམ་གཞག་གི་ལྷན་ཐབས། མཁན་ཆེན་མཆོག་གི་གསུངས།『ཆ་ཚང』

བླ་རུང་བདེ་ཆེན་ཞིང་སྒྲུབ་ཀྱི་ཞལ་འདོན་སྒྲ་ཆ་ཚང་། ཞལ་འདོན་པ།ཀུ་པོ།

ཚད་མ་རིག་གཏེར་གྱི་རྩ་བ། འཆད་ཁྲིད་པ། མཁས་དབང་ཚུལ་ཁྲིམས་བློ་གྲོས།༼ཆ་ཚང་༽

སྙིང་གཏམ་སྤྲིན་གྱི་རོལ་མོ། འཆད་ཁྲིད་པ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།༼སྒྲ་ཆ་ཚང་།༽

ཡི་གེ་བརྒྱ་པའི་བཀླག་ཐབས་གོ་དོན་སྒྲུབ་ཚུལ་ཕན་ཡོན་བཅས་པ།『ཆ་ཚང་།

རྗེ་བཙུན་ཏཱ་ར་ནཱ་ཐའི་ལྟུང་བཤགས་འགྲེལ་བའི་འཆད་ཁྲིད།༼སྒྲ་ཆ་ཚང་ཡོད།

སྙིང་རྗེ་དང་དཀར་ཟས། བླ་མའི་གསུང་། ༼བརྙན་ཆ་ཚང་།༽

ཚེ་སྲོག་གི་རིན་ཐང་། བླ་མའི་གསུང་། ༼བརྙན་ཆ་ཚང་།༽

སྐྱེ་བ་སྔ་ཕྱི་རྣམ་བཞག༼བརྙན་ཆ་ཚང་།༽

འཛམ་གླིང་འཕྲོད་བརྟེན་ཉིན་མོར་བླ་རུང་པདྨ་མཁའ་འགྲོའི་འདུ་གླིང་གི་བདེ་སྲུང་ཚན་ཆུང་གི་བགྲོ་གླེང་ཐེངས་གཉིས་པའི་སྐབས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་གནང་བའི་བཀའ་སློབ།

མང་ཚོགས་ལ་གནང་བའི་བསླབ་བྱ།༼ཆ་ཚང་།༽ མཁན་ཆེན་མཆོག་གིས་བཀའ་སློབ། 

ནང་ཆོས་དང་ཚན་རིག མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གི་གསུངས།༼ཆ་ཚང་།

ངེས་སྒྲོན་ཟབ་ཁྲིད་མདོར་བསྡུས། མཁན་ཚུལ་ཁྲིམས་ཀྱི་གསུངས་གསར།

རྣམ་པར་རྒྱལ་བའི་དུས་གཏམ་ལྷའི་རྔ་སྒྲ།『སྒྲ་ཆ་ཚང་།』འཆད་ཁྲིད་པ།མཁན་ཆེ་ཚུལ་ཁྲིམས་བློ་གྲོས།

སྙིང་གཏམ་སུམ་ཅུ་པའི་བཀའ་ཆོས།【ཆ་ཚང་།】མཁན་ཆོས་དབྱིངས་ཁྱབ་བརྡལ།

བློ་ལྡོག་རྣམ་བཞི། མཁན་ཆེན་བསོད་ནམས་དར་རྒྱས་ཀྱིས་གསུང་བརྙན༼ཆ་ཚང་༽

དྲང་སྲོང་ལུང་གི་ཉི་མའི་བཀའ་ཁྲིད་ཟིན་བྲིས།བསྟན་འཛིན་ནོར་བུ༼ཆ་ཚང་༽

བཟང་སྤྱོད་སྨོན་ལམ། འཆད་ཁྲིད་པ། མཁན་རིག་ལྔ།༼སྒྲ་ཆ་ཚང་།༽

དྲང་སྲོང་ལུངགི་ཉི་མའི་བཀའ་ཁྲིད་ཀྱི་ཟིན་བྲིས།[ཆ་ཚང་།]འཆད་ཁྲིད་པ། མཁན་པོ་ཁྱབ་བརྡལ།བཀའ་ཁྲིད་ཀྱི་ཟི【ཆ་ཚང་།

བདེ་ཆེན་ཞིང་ཁྲིད། མཁན་ཆེན་ཆོས་ཐོའི་འཆད་ཁྲིད་གསར་པ།『སྒྲ་ཆ་ཚང་།』

ཨ་གཏེར་བཀའ་བསྡུས། ཞལ་འདོན་པ། མཁན་ཆེན་རིག་འཛིན་དར་རྒྱས།

ཆོས་དབྱིངས་རིན་པོ་ཆེའི་མཛོད་བཞུགས་སོ། ཀློག་འདོན།

༧ཆོས་རྗེ་ཡིད་བཞིན་ནོར་བུའི་རྣམ་ཐར་རྒྱས་པའི་འཆད་ཁྲིད། <སྒྲ་ཆ་ཚང་།

དུས་འཁོར་ཆོས་འབྱུང་། སྒྲ། ༼ཆ་ཚང་།༽ལྡོང་ཡོན་ཏན་རྒྱ་མཚོ་མཆོག

མ་ཎི་དང་མ་ཎི་འཁོར་ལོའི་ཕན་ཡོན། མཁན་ཀུན་ཕན་ནོར་བུའི་གསུང་།

པདྨ་བཀའ་ཐང་། ཞལ་འདོན་པ། མཁན་གང་བསམ་ལྷུན་གྲུབ། ༼སྒྲ་ཆ་ཚང་རྫོཊ་སོ།

འདན་སྲས་འཁྲབ་སྟོན། ༼བརྙན་ཆ་ཚང་།༽

རྗེ་བཙུན་མི་ལ་རས་པའི་རྣམ་ཐར།༼གློག་བརྙན་ཆ་ཚང་།༽

སྙིང་གཏམ་སྤྲིན་གྱི་རོལ་མོ། ཀློག་འདོན་པ། གངས་ལྷ་སྲས།【ཆ་ཚང་།】

འཕོ་ལུང་། སྒྲ། ཆོས་རྗེ་བླ་མ་དང་མཁན་ཆེན་རྣམ་གཉིས་ཀྱིས་གསུང་།

བླ་རུང་གསོལ་ཁ་རྒྱས་པ། 喇荣护法诵ཞལ་འདོན་པ།མཁན་ཆོས་དབྱིངས་ཉི་མ།༼ཆ་ཚང་།

༄༅། །དག་སྣང་ཆོས་སྐོར་ལས་དགྲ་བླ་འབོད་པའི་གད་རྒྱངས་བཞུགས་སོ། 

གྲུབ་བསྡུས་གནད་ཀྱི་སྒྲོན་མེ། མཁན་པོ་ཀུན་བཟང་།༼སྒྲ་ཆ་ཚང་།༽



您可能也对以下帖子感兴趣

文章有问题?点此查看未经处理的缓存