查看原文
其他

སོལ་རླངས་ཀྱི་དབུཊ་རིལ་འབར་གས་བྱུང་བའི་དོན་རྐྱེན1བརྡ་ཁྱབ་བཏང་འདུག

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ་བདེ་འཇགས་ཐོན་སྐྱེད་ལས་དོན་ཐད་ཉེན་ཁ་སྣ་ཚོགས་འཕྲད་བཞིན་ཡོད།

    ཉེ་ཆར། ལྷ་ས་གྲོང་ཁྱེར་དུ་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་དོན་རྐྱེན་ཁག་གཅིག་ཐོན་ཡོད་པ་དང་། འདིར་དོན་རྐྱེན་གཅིག་གི་འབྱུང་ལུགས་འབྱུང་སྟངས་བརྗོད་རྒྱུ་གཤམ་གསལ།

 རབ་གསལ་སྡེ་ཁུལ་གྱི་དབང་འདུས་ཟ་ཁང་དུ་དབུགས་རིལ་ནས་རང་བྱུང་སོལ་རླངས་དོན་ཏེ་འབར་གས་བྱུང་བའི་དོན་རྐྱེན།

    དོན་རྐྱེན་གྱི་བརྒྱུད་རིམ། 2024ལོའི་ཟླ་1ཚེས་13ཉིན་གྱི་དགོང་མོའི་ཆུ་ཚོད་21དང་སྐར་མ་5ཙམ་ལ། རབ་གསལ་སྡེ་ཁུལ་གྱི་དབང་འདུས་ཟ་ཁང་དུ་དབུགས་རིལ་ནས་རང་བྱུང་སོལ་རླངས་དོན་ཏེ་འབར་གས་ཀྱི་དོན་རྐྱེན་ཞིག་ཐོན་པ་དང་། དོན་རྐྱེན་ཐོན་རྗེས། ཁྲེང་ཀོན་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་འཕྲལ་མར་དོན་རྐྱེན་ཐོན་ཡུལ་དུ་བསྐྱོད་དེ་སྐར་མ་4ཙམ་ནང་མེ་བསད་པ་དང་གྲལ་བཤེར་གྱི་ལས་དོན་སྤེལ་བ་རེད།


    དོན་རྐྱེན་འབྱུང་རྐྱེན། ཟ་ཁང་གི་ལས་མིས་བཀོལ་སྤྱོད་བྱེད་སྟངས་མ་འགྲིག་པར་སོལ་རླངས་དབུགས་རིལ་ཁ་སྦུབ་སློག་སྐབས་སྟེམ་སྒོ་ཆགས་ནས་སོལ་རླངས་དོན་པ་དང་། སྐབས་དེ་དུས་ཐབ་ཚང་དུ་མེ་གཏོང་བཞིན་ཡོད་པས་འབར་གས་བྱུང་བ་གཏན་འཁེལ་རགས་ཙམ་བྱུང་ཡོད།


    དོན་རྐྱེན་ཐོན་རྗེས། དོན་རྐྱེན་དེའི་ཁྲོད་སྒེའུ་ཁུང་གི་ཤེལ་སྒོ་ཆག་ནས་ཤེལ་ཧྲུག་ཐོར་ཏེ་མི་8ལ་རྨ་བཟོས་པ་དང་། རྨས་མ་དེ་དག་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་ཅིང་། ཚང་མར་རྨས་སྐྱོན་ཆེན་པོ་ཕོག་མེད་པས། ཉིན་དེའི་དགོང་མོར་སྨན་ཁང་ནས་དོན་ཡོད། སླད་མར་མེ་ཟོན་སྡེ་ཚན་གྱིས་ས་གནས་ས་ཐོག་ཏུ་གསལ་འབྱེད་བྱས་པའི་སྙན་ཞུར་གཞིགས་ནས་བསྐྱར་ཞིབ་དང་ཐག་གཅོད་བྱ་རྒྱུ་རེད།

    བདེ་འཇགས་ནི་དོན་ཆེན་ཡིན་པས། རྒྱ་ཆེའི་གྲོང་མི་དང་མང་ཚོགས་ཚོས་བདེ་འཇགས་ཀྱི་རྩ་བ་དམ་པོར་བཟུང་ནས། སོལ་རླངས་དང་གློག་གཏོང་སྐབས་བདེ་འཇགས་ལ་དོ་སྣང་བྱེད་པ་དང་། སོལ་རླངས་དབུགས་རིལ་སྐྱེལ་བ་དང་། བརྗེ་བ། བསྒར་བ་བཅས་བྱེད་སྐབས་ངེས་པར་དུ་ཆེད་ལས་མི་སྣས་བཀོལ་སྤྱོད་བྱེད་དགོས། གལ་ཏེ་རྒྱ་ཆེའི་གྲོང་མི་མང་ཚོགས་ཀྱིས་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་གྱི་ཁུངས་སྣེ་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་12350རམ་ཡང་ན་12345ལ་ཁ་པར་བརྒྱབ་ནས་སྙན་སེང་ཞུ་ཆོག



འོས་སྦྱོར།

གཟའ་འཁོར་འདིར་བོད་ཀྱི་ས་ཆ་མང་ཆེ་བར་གངས་འབབ་རྒྱུ་རེད་འདུག

ལྷ་ས་དང་ལྷོ་ཁའི་བར་མེ་འཁོར་གཏོང་ཐེངས་མང་དུ་བཏང་འདུག

སྒོར་ཁྲི་15.5ཟིན་པའི“ཨ་རག་གྲགས་ཅན”ཤེལ་དམ་186བཙན་ཉར་བྱས་པ་མ་ཟད་……




རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།འགན་འཁུར་རྩོམ་སྒྲིག་པ། ཆོས་བཟང་།ལག་བསྟར་རྩོམ་སྒྲིག་པ། ཚེ་རྡོར།


རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།xzrbzwmt@163.com

继续滑动看下一个

སོལ་རླངས་ཀྱི་དབུཊ་རིལ་འབར་གས་བྱུང་བའི་དོན་རྐྱེན1བརྡ་ཁྱབ་བཏང་འདུག

向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存