查看原文
其他

མི་འདི་དག་གི་ཐོབ་ཆ་སླར་ཡང་སྤར་རྒྱུ་རེད་འདུག



    བོད་ཀྱིས་འདི་ལོ་མ་དངུལ་སྒོར་དུང་ཕྱུར་121.4བཏང་ནས་དམངས་འཚོའི་བྱ་བ་དངོས་21དོན་འཁྱོལ་བྱ་རྒྱུ་ཡིན་ཞིང་། གྲོང་ཚོའི་ལས་བྱེད་པའི་གཞི་རྩའི་ཐོབ་ཆ་དང་ལས་རྗེས་དཔྱད་ཞིབ་ཀྱི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་རྒྱུ་འདི་དེའི་གྲས་ཤིག་རེད། དེ་ནི་2005ལོ་ནས་བཟུང་རང་ལྗོངས་ཀྱི་གྲོང་ཚོའི་ལས་བྱེད་པའི་ཐོབ་ཐང་ལེགས་སུ་གཏོང་ཐེངས་བཅོ་ལྔ་པ་དེ་ཡིན་པ་དང་། གྲོང་ཚོའི་ལས་བྱེད་པའི་དཔུང་ཁག་བརྟན་པོ་ཡོང་བ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་འཐབ་ནུས་ཆེ་རུ་གཏོང་བ། ཤང་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་བ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བཅས་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།




    ཆུ་ཤུར་རྫོང་མཉེས་ཐང་ཤང་རྭ་སྟོད་གྲོང་ཚོ་དར་རྒྱས་གོང་འཕེལ་བྱུང་བ་དེ་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ཚན་ཁག་གི་སྣེ་ཁྲིད་དང་ཁ་འབྲལ་ཐབས་མེད་ཅིང་། གྲོང་ཚོའི་ལས་བྱེད་པ་ཚོའི་ངོས་ནས་བརྗོད་ན། སྲིད་གཞུང་གིས་ཁོང་ཚོར་སྤྲད་པའི་ཁ་གསབ་དེ་ལོ་འདི་དག་ནང་བརྟན་པོའི་ངང་མཐོ་རུ་འགྲོ་བཞིན་ཡོད། དེར་བརྟེན་གྲོང་ཚོའི་མཉམ་སྡེབ་ལས་དོན་ལ་གཞོལ་བཞིན་པའི་ཁོང་ཚོའི་ཐོབ་ཆའི་ཐད་ཀྱི་སེམས་ཁྲལ་མེད་པར་གྱུར་ཡོད།
    ཆུ་ཤུར་རྫོང་མཉེས་ཐང་ཤང་རྭ་སྟོད་གྲོང་ཚོའི་ཏང་གི་སྤྱི་ཁྱབ་ཀྲི་པུའི་རྩ་འཛུགས་ཨུ་ཡོན་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀུན་བཟང་གིས་ངོ་སྤྲོད་བྱས་པར། གྲོང་ཚོའི་ལས་བྱེད་པའི་གཞི་རྩའི་བྱང་ཚད་དང་ཆུ་ཚད་གཉིས་ཀ་མཐོ་རུ་ཕྱིན་ཡོད་ལ་གླ་ཆ་ཡང་མཐོ་རུ་ཕྱིན་ཡོད་པས། ལོ་ལྟར་སྤྱིར་ན་གླ་ཆ་སྒོར་ཁྲི་4ཙམ་རག་གི་ཡོད།
    རུ་ཐོག་རྫོང་རི་གསུམ་ཤང་སྡེ་རུབ་གྲོང་ཚོའི་བུད་མེད་ཀྲུའུ་རེན་བདེ་སྐྱིད་གཡང་འཛོམས་ཀྱིས་ངོ་སྤྲོད་བྱས་པར། དམངས་འཚོའི་བྱ་བ་དངོས་21ནང་གྲོང་ཚོའི་ལས་བྱེད་པའི་གཞི་རྩའི་གླ་ཆ་དང་ལས་རྗེས་དཔྱད་ཞིབ་ཁ་གསབ་ཀྱི་ཚད་གཞི་མཐོ་རུ་གཏོང་རྒྱུའི་སྲིད་ཇུས་བཏོན་ཡོད་པས། རུ་ཐོག་རྫོང་རི་གསུམ་ཤང་སྡེ་རུབ་གྲོང་ཚོའི་ལས་བྱེད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། དེས་ཁོང་ཚོས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་སྒུལ་ཤུགས་ཆེ་རུ་ཕྱིན་ཡོད་ལ། ཏང་དང་རྒྱལ་ཁབ་ཀྱིས་གཞི་རིམ་ལས་བྱེད་པར་ཐུགས་ཁུར་གནང་ལུགས་ཀྱང་ཚོར་ཐུབ་ཡོད།



འོས་སྦྱོར།

ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་དགོས།

རོལ་དབྱངས་དང་འགྲོགས་པའི་རྡོ་རྗེ་དོན་གྲུབ་ཀྱི་མི་ཚེའི་གཏམ་རྒྱུད།

མཐའ་མཁར་དགོན་པ་དང་ཆ་དཀར་མཆོད་རྟེན་སོགས་ནས་རྐུ་ཤོར་བའི་རིག་དངོས……




རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཞོན་པ།ལག་བསྟར་རྩོམ་སྒྲིག་པ། ཚེ་རྡོར།


རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།xzrbzwmt@163.com

继续滑动看下一个

མི་འདི་དག་གི་ཐོབ་ཆ་སླར་ཡང་སྤར་རྒྱུ་རེད་འདུག

向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存