查看原文
其他

གཟའ་འཁོར་འདིར་རང་ལྗོངས་ཀྱི་ས་ཆ་འདི་དག་ལ་གངས་འབབ་རྒྱུ་རེད་འདུག

    ཟླ་2ཚེས་25ཉིན། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ་བཏང་འདུག
    སྔོན་དཔག་བྱས་ན། གཟའ་འཁོར་འདིའི་ནང་རང་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་ནུབ་རྒྱུད་དུ་གངས་སམ་ཆར་པ་ཅུང་ཡང་ཡང་འབབ་རྒྱུ་དང་། དུས་མཚམས་ཁག་གཅིག་ལ་གངས་སམ་ཆར་པ་ཆེ་ཙམ་བབས་ནས་དྲོད་ཚད་འཕར་ཆག་ཆེན་པོ་ཡོད།     གཟའ་འཁོར་འདིའི་ཆར་ཆུ་འབབ་ཚད། མངའ་རིས་དང་གཞིས་རྩེའི་ནུབ་རྒྱུད་དུ་གངས་སམ་ཆར་པ་ཅུང་མང་བ་འབབ་རྒྱུ་དང་ས་ཆ་གཞན་དུ་ཅུང་ཉུང་བ་འབབ་རྒྱུ།
    གཟའ་འཁོར་འདིའི་ཆ་སྙོམས་དྲོད་ཚད། མངའ་རིས་ཀྱི་ནུབ་རྒྱུད་དང་ལྷོ་རྒྱུད་དུ་དྲོད་ཚད་ཅུང་དམའ་བ་ཡོད་པ་དང་། ས་ཆ་གཞན་དུ་རྒྱུན་གཏན་ལྟར་ཡིན་པ་རེད།
གནམ་གཤིས་གཙོ་བོ་སྟོན་ཚུལ།    ཟླ་2ཚེས་26ནས་28ཉིན་བར། ཉིང་ཁྲི་དང་། གཞིས་རྩེའི་ལྷོ་རྒྱུད། མངའ་རིས་ཀྱི་ནུབ་རྒྱུད་དང་ལྷོ་རྒྱུད་བཅས་སུ་གངས(ཆར་པ)ཆུང་བ་འབབ་རྒྱུ་དང་། ས་ཆ་ཁ་ཤས་སུ་གངས་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། ལྷོ་ཁའི་ལྷོ་རྒྱུད་དང་། ཆབ་མདོའི་བྱང་རྒྱུད། གཞིས་རྩེའི་ནུབ་རྒྱུད། ནག་ཆུའི་ཤར་རྒྱུད་དང་དབུས་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་། ས་ཆ་ཁ་ཤས་སུ་གངས་ཆུང་བ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་པར་གནམ་དྭངས་ནས་སྤྲིན་པ་མང་པོ་འཁོར་རྒྱུ། གངས་བབས་རྗེས་ནུབ་ནས་ཤར་དུ་དྲོད་ཚད་ཧྲི་ཧྲེ་ཏུའུ་3ནས་6བར་ཆག་རྒྱུ།
    ཟླ་2ཚེས་29ནས་ཟླ་3ཚེས་1ཉིན་བར། ཉིང་ཁྲིར་གནམ་འཐིབས་ནས་གངས་ཆུང་བ་འབབ་རྒྱུ་དང་ས་ཆ་ཁ་ཤས་སུ་གངས་འབྲིང་བ་འབབ་རྒྱུ། ལྷོ་ཁའི་ལྷོ་རྒྱུད་དང་ཆབ་མདོའི་ལྷོ་རྒྱུད། མངའ་རིས་ཀྱི་ལྷོ་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁ་ཤས་སུ་གངས་ཆུང་བ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་པར་སྤྲིན་པ་ཉུང་བ་ནས་མང་བའི་བར་འཁོར་རྒྱུ།
    ཟླ་3ཚེས་2ནས་ཚེས་3ཉིན་བར། ཉིང་ཁྲི་དང་། གཞིས་རྩེའི་ལྷོ་རྒྱུད། མངའ་རིས་ཀྱི་ནུབ་རྒྱུད་དང་ལྷོ་རྒྱུད་བཅས་སུ་གངས(ཆར་པ)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། ས་ཆ་ཁ་ཤས་སུ་གངས་ཆེ་བ་འབབ་རྒྱུ། ལྷོ་ཁའི་ལྷོ་རྒྱུད་དང་། ནག་ཆུའི་ཤར་རྒྱུད། གཞིས་རྩེའི་ནུབ་རྒྱུད་དང་བྱང་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁ་ཤས་སུ་གངས་ཆུང་བ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་པར་སྤྲིན་ཉུང་བ་ནས་མང་བའི་བར་འཁོར་རྒྱུ་རེད་འདུག


འོས་སྦྱོར།

ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་དགོས།

རོལ་དབྱངས་དང་འགྲོགས་པའི་རྡོ་རྗེ་དོན་གྲུབ་ཀྱི་མི་ཚེའི་གཏམ་རྒྱུད།

མཐའ་མཁར་དགོན་པ་དང་ཆ་དཀར་མཆོད་རྟེན་སོགས་ནས་རྐུ་ཤོར་བའི་རིག་དངོས……




རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཞོན་པ།ལག་བསྟར་རྩོམ་སྒྲིག་པ། ཚེ་རྡོར།


རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།xzrbzwmt@163.com

继续滑动看下一个

གཟའ་འཁོར་འདིར་རང་ལྗོངས་ཀྱི་ས་ཆ་འདི་དག་ལ་གངས་འབབ་རྒྱུ་རེད་འདུག

向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存