查看原文
其他

གཏམ་བཟང་རང་རེད། སླར་ཡང་ལུས་རྩལ་སྤྱི་གླིང་17སྐྲུན་རྩིས་འདུག


    ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2023ལོར་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་སྒོར་དུང་ཕྱུར་3.45བཏང་ནས། སྡེ་ཁུལ་དང་ཤང་དང་གྲོང་རྡལ་གནས་ཡུལ་གྱི་སྤྱི་པའི་ལུས་རྩལ་སྒྲིག་བཀོད་འཛུགས་སྐྲུན་ལ་གཙོ་གནད་ཐོག་སྐུལ་འདེད་དང་། མཐའ་མཚམས་ཀྱི་འཐབ་ས་དང་པོ་དང་། ས་བབ་མཐོ་བའི་ས་ཁུལ། ཐག་རིང་ལུང་ཁུག་གི་ཞིང་འབྲོག་ཁུལ་བཅས་ལ་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བས། ལུས་རྩལ་ལུས་སྦྱོང་སྒྲིག་བཀོད་ཀྱི་གྲངས་འབོར་རྒྱུན་མཐུད་ངང་མང་དུ་ཕྱིན་ཡོད། 2024ལོར་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་ལུས་རྩལ་སྤྱི་གླིང་གི་རྣམ་གྲངས་འཛུགས་སྐྲུན་དོན་འཁྱོལ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས། 2024ལོ་དང་2025ལོར་ལུས་རྩལ་སྤྱི་གླིང་17སྐྲུན་རྒྱུའི་དམིགས་ཚད་ལས་འགན་ཚད་བརྒལ་ངང་ལེགས་སྒྲུབ་བྱེད་རྒྱུ་ཡིན་པ་མ་ཟད། སྤྱི་པའི་ལུས་རྩལ་ཁང་སྤྱི་ཚོགས་ལ་རིན་པ་མི་དགོས་པའམ་ཡང་ན་རིན་པ་དམའ་པོས་སྒོ་འབྱེད་པར་སྔར་བས་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

    ལྷ་ས་གྲོང་ཁྱེར་གྱི་ལན་ཆིའུ་སྤོ་ལོ་ཁང་ཞིག་ཏུ་སྤོ་ལོ་རྒྱག་བཞིན་པའི་གཞོན་ནུ།


    གསར་འགོད་པས་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔའི་བར་རང་ལྗོངས་སུ་རིམ་པ་ཁག་དང་རིགས་ཁག་གི་ལུས་རྩལ་ཁང་8640ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་649.827ཟིན་ཞིང་མི་རེར་ཆ་སྙོམས་ལུས་རྩལ་ཐང་གི་རྒྱ་ཁྱོན་སྨི་ངོས་གྲུ་1.78ཟིན་གྱི་ཡོད་པ་རེད།


    ཤང་གྲོང་གི་ལུས་སྦྱོང་བྱེད་ཁུལ།
    གྲོང་མིས་ལུས་སྦྱོང་ཁང་དུ་ལུས་སྦྱོང་བྱེད་བཞིན་པ།


འོས་སྦྱོར།

ཕྲུ་གུར་ཁ་པར་སྤྲད་དྲགས་ན་གནས་ཚུལ་འདི་རིགས་ཐོན་ཉེན་ཆེ།

གཟའ་འཁོར་འདིར་རང་ལྗོངས་ཀྱི་ས་ཆ་འདི་དག་ལ་གངས་འབབ་རྒྱུ་རེད་འདུག

མི་འདི་དག་གི་ཐོབ་ཆ་སླར་ཡང་སྤར་རྒྱུ་རེད་འདུག




རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཞོན་པ།ལག་བསྟར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།


རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།xzrbzwmt@163.com

继续滑动看下一个

གཏམ་བཟང་རང་རེད། སླར་ཡང་ལུས་རྩལ་སྤྱི་གླིང་17སྐྲུན་རྩིས་འདུག

向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存