查看原文
其他

果洛州白玉乡流浪狗绝育试点活动圆满结束!

雪境 GangriNeichog雪境 2020-08-27

ལོ་གསུམ་གྱི་ཡར་སྔོན།གངས་རི་གནས་མཆོག་དབུ་བརྙེས་པ་ཡིན་ལ།དུས་དེ་ནས་བཟུང་ཁྱི་ལྡོམ་གྱི་རྣམ་གྲངས་ཀྱང་འགོ་བརྩམ་པ་རེད།

雪境成立伊始,便有了藏区流浪狗项目。



ཉིས་སྟོང་བཅུ་བཞི་ལོར།ང་ཚོས་ཁྱི་ལྡོམ་དང་འབྲེལ་ཡོད་ཀྱི་རྒྱུ་ཆ་འཚོལ་སྡུད་བྱས་པ་དང་།ཁྱི་ལྡོམ་གྱིས་ཕྱུགས་ཟོག་དང་རི་སྐྱེས་སྲོག་ཆགས་སྲོགས་ལ་འཇབ་རྒོལ་བྱེད་བཞིན་པའི་སྐོར་གསལ་བོར་རྟོགས།

2014年,我们收集了流浪狗二手资料,发现它们捕食牛羊等家畜和野生动物。


(王云祥,2014)


ཉིས་སྟོང་བཅོ་ལྔ་ནས་བཟུང་ང་ཚོས་དངོས་སུ་སྤྱི་ཚོགས་རིག་པའི་བརྟག་དཔྱད་ཀྱི་ཐབས་ལམ་སྤྱད་པ་ཡིན་ལ།གནས་དེའི་མང་ཚོགས་ཀྱིས་ཁྱི་ལྡོམ་འབྱུང་བའིོ་རྒྱུ་རྐྱེན་དང་ཤུགས་རྐྱེན་སོགས་ལ་བཟུང་བའི་ལྟ་ཚུལ་དང་།ཐག་གཅོད་བྱེད་པའི་ཐབས་ལམ་སོགས་ལ་ཞིབ་འཇུག་བྱེད་བཞིན་ཡོད་པ་ཡིན།

2015年,我们开始了社会学调查,研究当地人眼中流浪狗产生的原因、它们的影响以及可能的解决方案。


正在进行的社会学调查(拍摄者:雪莲)


ཉིས་སྟོང་བཅུ་དྲུག་ནས་བཟུང་ང་ཚོས་སྔ་གཞུག་ཏུ་དྲིལ་བསྒྲགས་ལག་དེབ་གཉིས་བཟོ་སྐྲུན་བྱས་ལ།དངོས་པར་གློག་བརྙན་ཡུལ་གྱར་ཁྱི་ལྡོམ་ཞེས་པ་ཕབ་བསྐྲུན་བྱས་པ་ཡིན།

2016年,我们制作分发了两版宣传手册,拍摄了纪录片《背弃藏獒》。


在囊谦法会上分发流浪狗手册(拍摄者:于洋)


ཉིས་སྟོང་བཅུ་བདུན་ལོའི་ཟླ་བཞི་པའི་ནང་དངོས་པར་གློག་བརྙན་ཡུལ་གྱར་ཁྱི་ལྡོམ་ཞེས་པ་འགྲེམས་སྟོན་བྱས་པ་རེད།

2017年4月,《背弃藏獒》发布。



ཉིས་སྟོང་བཅུ་བདུན་ལོའི་ཟླ་དྲུག་པའི་ཚེ་དགུ་ནས་བཅུ་དྲུག་བར།ཐེངས་དང་པོའི་བོད་ཁུལ་གྱི་ཁྱི་ལྡོམ་སྐྱེ་འགོག་བཤགས་བཅོས་ཚོད་ལྟའི་ལྟེ་གནས་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་དཔལ་ཡུལ་གྲོང་རྡལ་དུ་བཙུགས་པ་ཡིན།

2017年6月9日到16日,第一次藏区流浪狗绝育试点在果洛州久治县白玉乡举行。

 


ང་ཚོས་བརྟག་དཔྱད་དང་དྲིལ་བསྒྲགས་སོགས་ཡོད་ཚད་ལ་ཧུར་བརྩོན་བྱས་མཐར།ཐག་གཅོད་ཀྱི་ཐབས་ལམ་དང་པོ་འཚོལ་སྡུད་བྱས་པ་ཡིན།

我们从调查到宣传,最终迈出了解决的第一步。

 

ཚོད་ལྟའི་བྱ་འགུལ་གྱི་དུས་ཡིན་ཉིན་བརྒྱད་ཀྱི་རིང་མ་གཏོགས་མེད་མོད།འོན་ཀྱང་ཞལ་འདེབས་ཟླ་འགའི་སྔོན་གྲ་སྒྲིག་བྱས་པ་ཡིན།

虽然试点活动只有8天,但是我们提前了几个月开始筹划,对接资源。

 

ད་ལོ་ལོ་སར་རྗེས།ང་ཚོ་ཟི་ལང་དུ་དཔལ་ཡུལ་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཐུབ་པ་དང་གཉན་པོ་གཡུ་རྩེ་སྲུང་སྐྱོབ་མཐུན་ཚོགས་ཀྱི་མཁན་པོ་བཀྲ་ཤེས་བཟང་བོ་སོགས་དང་འཕྲད་ནས་ཁ་བརྡ་མང་པོ་བྱས་མཐར།དཔལ་ཡུལ་དགོན་གྱིས་གནས་དེའི་མང་ཚོགས་ལ་སྐུལ་མ་བྱས་ཏེ་ཁྱི་ལྡོམ་ལ་བདག་གཉེར་བྱེད་བཞིན་པ་ཐོས་ཚོར་བྱུང་བ་རེད།གནས་དེའི་མང་ཚོགས་མང་པོ་ཞིག་ཁྱི་ལྡོམ་བདག་གཉེར་བྱ་བར་ཡིད་འཐད་ཡོད་མོད།འོན་ཀྱང་བདག་གཉེར་བྱས་རྗེ་ཁྱི་ལྡོམ་གྱིས་ཁྱི་ཕྲུག་མང་པོ་བཙས་ཏེ་དཔལ་འབྱོར་ཐད་དཀའ་ངལ་ཡོང་བར་སེམས་ཁྲལ་ཆེ་བར་མ་ཟད།གནས་དེར་ཚན་རིག་དང་མཐུན་པའི་སྐྱེ་འགོག་གི་ཐབས་ལམ་ཅི་ཡང་མེད་པལའང་ཡིད་མུག་བཞིན་ཡོད་པ་རེད།དེའི་ཕྱིར་དཔལ་ཡུལ་དགོན་པ་ཡིས་སྐྱེ་འགོག་བཤགས་བཅོས་ཀྱི་ཚོད་ལྟ་ལ་རྒྱབ་སྐྱོར་བྱ་བར་ཡིད་འཐད་བྱུང་བ་རེད།

今年过年回来,我们在西宁见到了白玉寺管会秘书土巴和年保玉则保护协会的扎西桑俄堪布,从他们那里得知白玉寺开始捕捉流浪狗并鼓励当地人领养。很多当地人愿意领养流浪狗,但是担心领养的狗会继续生小狗,造成更大的经济负担,也苦于当地没有科学控制生育的手段。因此寺庙愿意支持绝育试点,希望能够从外界对接兽医资源。

 


དེའི་རྗེས་ང་ཚོས་མགོ་ལོག་ཁུལ་ཕྱུགས་སྨན་ས་ཚིགས་དང་ཕྱུགས་ལས་ཅུའུ་ཡི་འགོ་ཁྲིད་རྣམས་ལ་མཇལ་ཞུ་ཞུས་ནས་སྐྱེ་འགོག་བཤགས་བཅོས་ཀྱི་ཚོད་ལྟའི་འཆར་གཞི་ཁོ་ཚོར་བཏོན་པ་ཡིན།དུས་དེར་སྲིད་གཞུང་གིས་ཐུམ་འབུའི་ནད་གཙོ་བྱས་པའི་འགོས་ནད་སྔོན་འགོག་བྱ་བའི་སྐུལ་སློང་ཚོགས་འདུ་འཚོག་པའི་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད།ཁྱི་ལྡོམ་གྱི་གྲངས་ཀ་ཚོད་འཛིན་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཡིན་པས་སྐྱེ་འགོག་བཤགས་བཅོས་ཀྱི་འཆར་གཞི་ལ་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོ་ཐོབ་པ་རེད།

不久之后我们拜访了果洛州兽医站以及州农牧局领导,与他们交流了进行绝育试点的计划。那时政府正要召开以包虫病为主的重大传染病综合防治动员会,流浪狗数量控制的重要性不言而喻,所以绝育计划得到了州政府的大力支持。

 


རེ་ཕེ་ཡི་ཕྱུགས་སྨན་གྲང་ཡོང་ཅོན་ཡི་མཚམས་སྦྱོར་འོག་ང་ཚོས་རེ་ཕེ་གཅེས་ཟོག་སྨན་ཁང་དོ་དམ་མ་རྐང་ཚད་ཡོད་གུང་ཟི་ལ་འབྲེལ་གཏུག་བྱེད་ཐུབ་བྱུང་བ་དང་།རེ་ཕེ་ཡིས་ང་ཚོ་ལ་མ་དངུལ་གྱིས་རྒྱབ་སྐྱོར་བྱས་པར་མ་ཟད།ཕྱུགས་སྨན་འགའ་འང་བཀོལ་སྒྲིག་བྱས་པ་རེད།ཧྲིན་གྲུན་གྲོང་ཁྱེར་ཡ་གླིང་དུ་བསྐྱོད་པ་ཆ་འཕྲིན་བློ་འདོན་ཚད་ཡོད་གུང་ཟི་ཡིས་ཕྱུགས་སྨན་མངགས་པ་དང་ཆབས་ཅིག ཐེངས་འདིའི་བཤགས་བཅོས་ཁྲོད་ཀྱི་སྨན་དང་ལག་ཆ་སོགས་བཀོལ་སྒྲིག་བྱས་པ་ཡིན་ལ།པོ་ལིན་གུ་ཡུན་གུ་ཧན་རྒྱལ་སྤྱིའི་ཚོང་དོན་ཚད་ཡོད་གུང་ཟི་ཡིས་ཀྱང་སྨན་སོགས་སྦྱིན་ནས་རོགས་རམ་བྱས་པ་རེད།

当地条件成熟后,经瑞派兽医师张拥军老师介绍,我们联系到了瑞派宠物医院管理股份有限公司,瑞派宠物不但为我们提供了资金支持,同时提供了部分兽医资源。深圳市行动亚洲信息咨询有限公司协调了他们的兽医资源和本次手术的药品和耗材,勃林格殷格翰国际贸易有限公司也提供了部分药品支持。

 


ཐེངས་འདིའི་བཤགས་བཅོས་ཁྲོད་ཞུགས་མཁན་གྱི་ཕྱུགས་སྨན་དང་ལས་བྱེད་མི་སྣ་སོགས་ཕྱོགས་སོ་སོ་ནས་མཚོ་སྔོན་ཏུ་འབྱོར་ནས་མཚོ་ངོས་མཐོ་ཚད་ལ་སྨི་༣༧༠༠ལྷག་ཡོད་པའི་དཔལ་ཡུལ་གྲོང་རྡལ་ཁྱི་ཉི་ཤུ་ཉེར་དྲུག་ལ་སྐྱེ་འགོག་བཤགས་བཅོས་བྱས།

然后就有了这一次13位兽医和工作人员从全国各地赶赴青海,两天内在海拔3700米的白玉乡为26只狗进行了绝育手术的试点活动(这次领养者带来做绝育的都是母狗)。

 


དགོན་པ་དང་སྲིད་གཞུང་།ད་དུང་ཕྱོགས་སོ་སོ་ནས་ཐོན་པའི་ཕྱུགས་སྨན་དང་ལས་བྱེད་མི་སྣའི་རྒྱབ་སྐྱོར་གྱིས་ང་ཚོ་ལ་སེམས་འགུལ་ཐེབས་སུ་བཅུག་པར་མ་ཟད།ཧ་ལས་པ་ཞིག་ཀྱང་རེད་དོ།།

寺庙的支持,政府的支持和外地来青团队的支持让我们很感动,甚至有些吃惊。


ཟླ་གསུམ་པ་ནས་བཟུང་།དཔལ་ཡུལ་དགོན་གྱིས་ཁྱི་ལྡོམ་༥༠༠ལྷག་གནས་དེའི་མང་ཚོགས་ལ་བདག་གཉེར་བྱ་རུ་བཅུག་པ་རེད།སྐྱེ་འགོག་བཤགས་བཅོས་མ་བྱས་པའི་ཡར་སྔོན་དུ་དཔལ་ཡུལ་དགོན་གྱི་སྨོན་ལམ་ཆེན་མོ་འཚོག་པ་ཡིན་ལ།དགོན་པའི་དོ་དམ་ཁང་གིས་བྲེལ་འཚབ་ཀྱི་ངང་ནས་བཤགས་བཅོས་ས་གནས་དང་མཁྲེགས་ལྷུ་དགོས་ཆོས་སོགས་མཐུན་སྦྱོར་བྱས།བཤགས་བཅོས་ཀྱི་མགོ་མཇུག་བར་གསུམ་དུ་དགོན་པས་གྲྭ་པ་མངགས་ནས་རོགས་རམ་བྱས་པར་མ་ཟད།རིན་པོ་ཆེའང་ཐེངས་གཉིས་ཙམ་ལ་བཤགས་བཅོས་ས་གནས་སུ་ཕེབས་པ་རེད།བྱ་འགུལ་མཇུག་རྫོགས་རྗེས་རིན་པོ་ཆེ་དང་དགོན་པའི་དོ་དམ་མཁན་སོགས་ཀྱིས་ང་ཚོ་དཔལ་ཡུལ་དགོན་དང་ནང་བསྟན་སློབ་གླིང་དུ་ཁྲིད་ནས་ལྟ་སྐོར་བྱ་རུ་བཅུག་པ་རེད།

从3月到现在,白玉寺已经推动了500多只流浪狗的领养。绝育试点前夕是白玉寺的法会,寺庙管会在百忙之中协调着当地手术场地和硬件设施。从准备到手术结束,每一天都有寺庙的人在场地帮忙,仁波切也两次来到场地查看。活动结束后,仁波切和管事们还带领我们参观了白玉寺和佛学院。

 


ང་ཚོ་ཐོན་པའི་ཉིན་དེ་ནས་བཟུང་།གཅིག་སྒྲིལ་རྫོང་སྲིད་གཞུང་གི་ལས་བྱེད་མི་སྣས་ང་ཚོ་ལ་བསུ་མ་བྱས་པར་མ་ཟད།ད་དུང་དཔལ་ཡུལ་གྲོང་རྡལ་དུ་བསྐྱལ་བ་རེད།སྐྱེ་འགོག་བཤགས་བཅོས་ཀྱི་འཆར་གཞི་བཀོལ་རྗེས།མགོ་ལོག་ཁུལ་ཕྱུགས་ལས་ཅུའུ་ཡིས་རྫོང་སོ་སོ་ནས་ཕྱུགས་སྨན་༢༥མངགས་ནས་ཕྱུགས་སྨན་དང་བླངས་པའི་རུ་ཁག་དང་མཉམ་འབྲེལ་བྱ་རུ་བཅུག། 

在我们到达的那一天,久治县政府工作人员远远地到城县城外迎接我们,并且派车护送我们到白玉乡。获悉了具体的绝育计划后,果洛州农牧局派出了25名来自州兽医站、班玛县、久治县等兽医站的兽医观摩手术,积极与兽医志愿者团队交流,白玉乡兽医站的兽医更是提供了所有能提供的资源与帮助。

 


ཐེངས་འདིའི་བྱ་འགུལ་ཁྲོད་ཀྱི་ཕྱུགས་སྨན་དང་ལས་བྱེད་མི་སྣ་མང་པོ་ཞིག་དཔལ་ཡུལ་གྲོང་རྡལ་དུ་ཐོན་རྗེས།ས་ངོས་མཐོ་བ་སོགས་ཀྱི་དབང་གིས་ལུས་ཁམས་མི་བདེ་བ་སོགས་ཀྱི་སྣང་ཚུལ་ཡོད་མོད།འོན་ཀྱང་ཁོ་ཚོས་དཀའ་ལས་གང་མང་སྤྱད་ནས་དུས་ལྟར་བྱ་བ་ལེགས་འགྲུབ་བྱུང་བ་རེད།

行动亚洲和瑞派的队伍则更加令我们敬佩。很多人从未上过高原,即使在西宁缓冲了2天,到达白玉后还是出现了不同程度的高反症状。白玉的条件远远比不上城市的条件,我们还很不幸地遇到了大停电和连绵的阴雨。尽管如此,兽医和工作人员们还是出色地完成了所有任务,而且超额6台手术。另外让我们很开心的是,他们在工作中一丝不苟,但在手术外平易近人,让轻松愉快的氛围贯穿了整个活动。

 


གནས་དེའི་ལས་བྱེད་མི་སྣ།ལོ་ཙྭ་བ།བརྙན་ཕབ་མཁན།ད་དུང་དཔལ་ཡུལ་མགྲོན་ཁང་གི་སྦྱིན་བདག་སོགས་ཀྱིས་ཐེངས་འདིའི་སྐྱེ་འགོག་བཤགས་བཅོས་ལ་རོགས་རམ་དང་རྒྱབ་སྐྱོར་ཆེན་པོ་བྱས།

当然,本地的工作人员也付出了很多努力。我们有能文能武上房揭瓦的翻译们,有什么都准备着什么都难不倒的司机师傅们,有扛着超重设备满场跑的摄像师和助理,还有白玉旅馆一直给我们开着发电机的老板,给我们做藏餐买酸奶的老板娘,随时做出一桌菜的厨房师傅……

 


སྐྱེ་འགོག་བཤགས་བཅོས་བྱ་འགུལ་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་བ་དེ་ཧ་ཅང་ཡིད་དགའ་བ་ཞིག་རེད།ཐེངས་འདིའི་ཁྱི་༢༦ཡི་སྐྱེ་འགོག་བཤགས་བཅོས་ཀྱིས་བོད་ཁུལ་ཡོངས་ཀྱི་ཁྱི་ལྡོམ་གྲངས་འབོར་ཚོད་འཛིན་བྱ་བར་ཕན་ནུས་ཆེན་པོ་མེད་མོད།འོན་ཀྱང་འདི་ནི་ཆེས་རིན་ཐང་བྲལ་བའི་ཉམས་མྱོང་ཞིག་ཡིན་པར་མ་ཟད།ཕྱུགས་སྨན་དང་བླངས་བ་དང་སྤྱི་ཚོགས་ཡོངས་ཀྱི་ཧུར་བཙོན་དེ་ཧ་ཅང་གལ་ཆེན་ཞིག་ཡིན་པས།

这次试点活动成功举办,是幸运也是必然。26只狗的绝育手术可能不会影响藏区庞大的流浪狗数量,但是这次试点的宝贵经验可以,当地人与兽医志愿者团队的交流可以,社会各界的努力可以。

 


རྗེས་མར་ང་ཚོས་མུ་མཐུད་དུ་འབད་བརྩོན་བྱའོ།།

期待我们的下一步吧!

 


བཀའ་དྲིན་ཞུ་ཡུལ།

མགོ་ལོག་ཁུལ་ཕྱུགས་ལས་ཅུའུ།

མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་དཔལ་ཡུལ་ཡུལ་ཚོ་དཔལ་ཡུལ་དགོན།

ཧྲིན་གྲིན་གྲོང་ཁྱེར་ཡ་གླིང་དུ་བསྐྱོད་པ་ཆ་འཕྲིན་བློ་འདོན་ཚད་ཡོད་གུང་ཟི།

རེ་ཕེ་གཅེས་ཟོག་སྨན་ཁང་དོ་དམ་མ་རྐང་ཚད་ཡོད་གུང་ཟི།

པོ་ལུན་གུ་ཡུན་གུ་ཧན་རྒྱལ་སྤྱིའི་ཚོང་དོན་ཚད་ཡོད་གུང་ཟི།



感谢:

果洛州农牧局

果洛州久治县白玉乡白玉寺

深圳市行动亚洲信息咨询有限公司

瑞派宠物医院管理股份有限公司

勃林格殷格翰国际贸易(上海)有限公司


 

比心!



    您可能也对以下帖子感兴趣

    文章有问题?点此查看未经处理的缓存