查看原文
其他

རི་ཆུ་རིག་གནས་དང་འབྲེལ་ཡོད་ཀྱི་ཤེས་བྱ།

雪境 GangriNeichog雪境 2022-09-21


ང་ཚོའི་ལས་དོན་མི་སྣ་ཡུལ་ཧྲུའི་དུ་བསྐྱོད་དེ་དགེ་རྒན་མོང་ཏེ་དང་གླེང་མོལ་བྱེད་པས་ང་ཚོས་རང་བྱུང་ཁམས་ཆེན་མོ་དང་།ལྷ་རིའི་ལྷ་ལ་ལྷད་མེད་དྭངས་གཙང་ཞིག་མང་དུ་ཕྱིན་པ།བོད་ཁུལ་གྱི་མི་རྣམས་ཀྱིས་གསར་གཏོད་པ་ནས་ལོངས་སྤྱོད་པར་ཇི་ལྟར་གྱུར་བ་ཤེས་ཐུབ། 

                  ༡ གནས་རི་ཡི་འབྱུང་འཁུང་། 

གནས་རི་ཡིས་མི་མང་པོ་ཞིག་ལ་དད་མོས་བྱེད་ས་བཅོལ་ཡོད།དགེ་རྒན་མོང་ཏེ་དང་གླེང་མོལ་བྱེད་པའི་སྐབས་ཁོང་གིས་ལྷ་རི་ཞེས་པ་ངེས་པར་དུ་ཆ་རྐྱེན་ཞིག་དགོས་པ།དཔེར་ན་ཧ་ཅང་གུས་པར་འོས་པའི་སྤྲུལ་སྐུ་ཞིག་གིས་རང་སྲོག་བློས་བཏང་བའི་ས་ཆ་ཞིག་གམ་ཡང་ན་ཧ་ཅང་གུས་པར་འོས་པའི་བླ་མ་སྐྱེས་ཆེན་ཞིག་གིས་ས་ཆ་ཞིག་ཡིན་དགོས་ཞེས་གསུངས་པ་རེད། དམིགས་བསལ་གྱི་གནས་ཚུལ་འདི་འདྲ་མེད་ན་སྤྱིར་བཏང་དུ་ལྷ་རི་ཞེས་འབོད་མི་རུང་།


ཡུས་ཧྲུའུ་འབྲི་སྟོད་ས་ཁུལ་དུ་ལྷ་རི་ཆེན་པོ་ལྔ་ཡོད་པ་དེའི་ནང་བྱང་ཆུས་མ་ལའེ་རྫོང་གི་རི་བོ་གསོན་པོ་དང་།ད་དུང་ཕོ་ཀྲ་ཙེ་ཚུད་ཡོད་པ།ཤར་ཕྱོགས་སུ་འབྲི་ཆུའི་འགྲམ་གྱི་ཁོ་ཡུས་ཧྲན་ཡོད་ཅིང་།ལྷོ་ཕྱོགས་སུ་འདམ་གཞུང་གི་རྫ་རྩ་ཞོལ་མོ་ཚུད་པ་དང་ནུབ་ཕྱོགས་སུ་ཁེ་ཀ་ཝ་ཡོད་པ་རེད།ཁོ་ཡུས་ཧྲན་རི་བོ་དང་འདམ་གཞུང་གི་རྫ་རྩ་ཞོལ་མོ་ཚུད་པ།ད་དུང་ཁེ་ཀ་ཝ་ལྷ་རི་དུ་དག་གི་ཉེ་འགྲམ་དུ་ད་དུང་གནས་རི་མང་པོ་ཡོད་པ་དང་།ལྷག་པར་དུ་རྡོ་ཚེ་ཤང་གི་གནས་རི་ནི་བགྲང་གིས་མི་ལང་བ་ཞིག་ཡོད།


རྡོ་ཚེ་ཤིང་གི་ས་བབ་གནས་ཚུལ་ནི་འབྲི་སྟོད་ཡོངས་ཀྱི་གཞིས་ཀ་བཅུ་ཆ་གཅིག་ཡིན་པ་དང་།དེར་ཆུ་བོ་དྲུག་ཡོད་པ་དང་གཅིག་ནི་ལིའུ་ཅའོ་ཡིན་པ་དེར་འབྲི་ཆུའི་ཆུ་ལག་ཆེ་གྲས་ཤིག་ཡིན་པ་དང་དེ་ནི་འདམ་གཞུང་རྫ་རྩ་ནས་ཐོན་གྱི་ཡོད།ངང་ཚང་མེ་ལུང་གཙང་བོའི་ཆུ་བོ་ཞིག་ནི་ཚ་ཆུའི་ཆུ་བོའི་ཁོངས་སུ་གཏོགས་པ།རའོ་རི་ཆུ་བོའི་འབྱུང་ཁུངས་ནི་ཁེ་ཀ་པ་ཡིན།ད་རུང་གུར་ཆེན་ཆུ་བོ་འདིའི་འབྱུང་ཁུངས་ནི་སོ་པོ་སྐྲ་ཡིས་ཡིན།སོ་པོ་སྐྲ་ཡིས་ཉེ་འདབས་སུ་གནས་རི་དང་ད་དུང་གནས་མཚེའུ་ཁ་ཤས་བསྐོར་ཡོད།ད་རུང་མཚོ་དམར་དང་མཚོ་ནག་མཚེའུ་དཀར་པོ་བཅས་ཡོད་པ་རེད།དེ་ནི་མཚོ་བོད་མཐོ་སྒང་གི་ཆེ་མཛེས་པའི་ས་ཆ་ཞིག་རེད། 


ང་ཚོའི་ལས་དོན་མི་སྣས་ཁེ་ཀ་ཝ་ཡི་གནས་རི་དེར་རྒྱུས་མངའ་བྱེད་པར་འགྲོ་དགོས་ཞེས་བཤད་སྐབས་དགེ་རྒན་མོང་ཏེ་ཡིས་རི་གཤམ་དུ་སྐྱོད་དཀའ་བ་དང་།ན་ནིང་ཁོང་ཚོ་སྐྱོད་སྐབས་རླངས་འཁོར་ཐག་རིང་ཙམ་གྱི་བཞག་པ་དང་རྐང་ཐང་རི་སྐོར་རྒྱག་པ་རེད།འོན་ཀྱང་སོ་པོ་སྐྲ་ཡིས་རླུངས་འཁོར་ཡོད་ན་ཕལ་ཆེར་ཐོན་ཐུབ། 

ཁེ་ཀ་ཝ་གནས་རི། 

ང་ཚོའི་ལས་དོན་མི་སྣས་ཁོ་དང་མཉམ་དུ་སློབ་གསོ་གླེང་མོ་བྱེད་སྐབས་མོང་ཏེ་དགེ་རྒན་གྱི་བཤད་པ་ལྟར་ན་ད་ལྟའི་སློབ་གསོས་བརྩེ་སེམས་གསུམ་གྱི་སློབ་གསོ་དར་སྤེལ་གཏོང་བ་དང་།བརྩེ་སེམས་ཀྱི་སློབ་གསོ་ནི་མིས་རང་ཉིད་ཀྱི་ཕ་མར་བཅངས་པའི་བརྩེ་སེམས་དང་རང་ཉིད་ཀྱི་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་ཡིན།རང་བྱུང་ཁམས་ཆེན་མོར་བཅངས་པའི་བརྩེ་དུང་ཧྲིལ་པོ་དང་འཛམ་གླིང་གི་རང་བཞིན་ལྡན་པ་ཞིག་ཡིན་པས་སླད་ཕྱིན་གཞོན་ནུ་ཚོས་དེའི་ཐད་ཀྱི་ཤེས་བྱ་ཉིན་རེ་ལས་ཉིན་རེར་ཤེས་རྒྱ་ཆུང་དུ་འགྲོ་བ་རེད།གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་དར་སྤེལ་གཏོང་བ་དང་།འཐབ་ཇུས་དེ་རིགས་དར་སྤེལ་གཏོང་བ་ནི་གྲོང་གསེབ་འདི་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན་ལ།གྲོང་གསེབ་འཕེལ་རྒྱས་གཏོང་བ་དེའང་འཛམ་གླིང་ཧྲིལ་པོའི་ཚེ་སྲོག་གི་འབྱུང་རྩ་ཞིག་ཡིན་ལ།འཛམ་གླིང་གི་འབྱུང་རྩ་ཞིག་ཀྱང་ཡིན་པས།རྒྱལ་ཁབ་ཅིག་འཕེལ་རྒྱས་འགྲོ་དགོས་ན་ངེས་པར་དུ་གྲོང་གསེབ་འཕེལ་རྒྱས་ཡོང་བར་བྱ་དགོས། 

                  ༢ གནས་རིའི་འཛེམ་བྱ།

སྔོན་ཆད་དང་བསྡུར་ན་ད་ལྟའི་འཛེམ་བྱ་དེ་འདྲ་ནན་མོ་མིན་པ་དང་།སྔོན་གྱི་བཤད་ཚུལ་ལྟར་ན་ཉི་མ་མྱུར་དུ་རི་ལས་འབབ་པའི་སྐབས་སུ་ཁྱིམ་གྱི་ཐལ་བ་ཕྱི་ལ་འགྱེལ་མི་རུང་།དེ་དང་མཉམ་དུ་ཉི་མ་རི་ལ་འགོས་པའི་སྐབས་སུ་ཡང་དེ་འདྲ་ཡིན།དགེ་རྒན་མོང་ཏེ་ཡིས་འདི་ནི་རང་བྱུང་ཁམས་ཆེན་མོ་དང་ཉི་མ་ལ་ཡང་བརྩི་བཀུར་ཞིག་རེད་ཟེར།གནས་རི་ཐོག་ཏུ་སླེབས་རྗེས་སྐད་ཅོར་ཆེན་པོ་རྒྱག་མི་རུང།གནས་རི་ཐོག་གི་འཛེམ་བྱ་མ་གཏོགས་ད་དུང་གནས་མཚོ་ལ་ཡང་འཛེམ་བྱ་མང་པོ་ཡོད།དཔེར་ན་ཆུ་མིག་ནང་དུ་གད་སྙིགས་འཕེན་མི་རུང་བ་དང་།ཤ་རིགས་ཀྱི་ཟས་རིགས་ཁ་ཤས་ཆུ་མིག་ནང་དུ་བཞག་ནས་བཀྲུ་མི་རུང་།གལ་ཏེ་དམིགས་བསལ་གྱི་གནས་ཚུལ་ཡོད་ཚེ་དེ་གའི་དགེ་འདུན་པ་ཚོར་ཤོད་ཆོག་པ་དང་ཆོག་མཆན་ཐོབ་རྗེས་སྒྲུབ་ཆོག་པ།ཆུ་ལེན་པར་འགྲོ་དགོས་ཚེ་ཆུ་ཟོམ་གཙང་མར་བཀྲུས་རྗེས་གཞི་ནས་སྐྱོད་ཆོག་པ་ལས་ཆུ་མིག་གི་མཐའ་འཁོར་དུ་དྲི་མ་ལྡན་པའི་དངོས་པོ་དེ་བས་ཀྱང་སྲེག་མི་རུང་ལ་ཆུ་ཁུངས་ལ་སྦགས་བཙོག་མི་བཟོ་བ་བྱེད་དགོས་ཞེས་བཤད་པ་རེད།འཛེམ་བྱ་དེ་རིགས་གནས་རི་ལྷ་དང་ཡང་ན་གནས་མཚོ་དེ་རིགས་ལ་མཚོན་ན་ཧ་ཅང་མང་པོ་ཡོད་པས།གནས་རི་ལྷ་དང་ཡང་ན་གནས་མཚོ་ལ་འཇིགས་སྣང་སྐུལ་ཐུབ་པའི་ས་གནས་དེ་གའི་འབྲོག་པ་ཚང་མས་འཛེམ་བྱ་བྱེད་ཀྱི་ཡོད་པས་མི་རྣམས་ཀྱིས་གུས་ཤིང་སྐྲག་པའི་གནས་རི་དེས་མི་མང་པོ་ཞིག་ལ་རེ་བ་དང་དད་སེམས་བཅོལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། 

སོ་པོ་སྐྲ་ཡིས་གནས་རིའི་ཉེ་འགྲམ་གྱི་མཚོ་ནག

༣ སྐྱེ་ཁམས་ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན།

གནམ་གཤིས་ཀྱི་རྐྱེན་གྱི་ཉེ་བའི་ལོ་ཤས་རིང་ཆར་པ་འབབ་དགོས་པའི་སྐབས་སུ་ཆར་པ་མི་འབབ་པ་དང་ད་དུང་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྣ་ཚོགས་ཀྱི་ཤུགས་རྐྱེན།དཔེར་ན་ལོ་རྟགས་རི་བོང་དང་སྤུ་གཟེངས་འབུ་ཕྲུག་གིས་རྩྭ་རའི་འགྱུར་ལྡོག་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད།དགེ་རྒན་མོང་ཏེ་ཡིས་ན་ནིང་ས་གནས་དེ་གའི་འབྲོག་པ་ཞིག་ལ་དྲིས་མྱོང་ཡོད་ཅེས་བཤད་ན་སྔོན་ཆད་མཚོ་ཁ་དང་ཐག་ཉེ་བའི་མིང་ལ་ཏ་ལུང་SEཟེར་བའི་ས་ཆ་ཞིག་གི་རྩྭ་ར་ཧ་ཅང་བཟང་ཟེར།འོན་ཀྱང་ཉེ་བའི་ལོ་འགའི་རིང་ལ་རྩྭ་ར་བྱེ་ཐང་ཅན་དུ་གྱུར་སོར་ཟེར།རྒྱུ་མཚན་ནི་བྱི་བ་དང་རི་བོང་ཧ་ཅང་མང་བ་དེའི་རྐྱེན་གྱི་ས་གནས་དེ་གའི་འབྲོག་པ་རྣམས་ཀྱིས་རི་བོང་གི་ཁོངས་སུ་གཏོགས་པའི་སྨན་མང་པོ་གཏོར་ནས་མཐར་རྩྭ་ར་ཞན་དུ་འགྲོ་བ་རེད།


ཉེ་བའི་ལོ་ཤས་རིང་མི་རྣམས་ཀྱིས་རྩྭ་ར་བྱེ་ཐང་ཅན་དུ་མི་འགྱུར་བའི་ཆེད་ཁོང་ཚོས་ཀྱང་བྱེད་ཐབས་ཁ་ཤས་སྤྱད་དེ་འབྲོག་པ་རང་ཉིད་ཀྱིས་རྩྭ་རའི་ཐོག་རྩྭ་ཕྲན་བུ་བཏབ་ཀྱང་ཕན་ཐོགས་གང་ཡང་མེད།ར་སྐོར་དེ་ས་གནས་དེ་གའི་འབྲོག་པའི་ངོས་ནས་བརྗོད་ན་རྩྭ་ར་དོ་དམ་བྱ་རྒྱུ་ནི་སྟབས་བདེ་ཞིག་ཡིན་རུང་ཕུགས་ནས་བསམ་བློ་བཏང་ན་གལ་ཏེ་ནོར་ལུག་དུས་ཡུན་རིང་པོའི་ནང་རྩྭ་རའི་ར་སྐོར་ནང་བཅུག་ཚེ་དེའི་ཤ་རིགས་ལའང་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་སྲིད།ཉེ་བའི་ལོ་ཤས་རིང་སྣོད་བཅུད་ཁོར་ཡུག་ལ་འགྱུར་ལྡོག་བྱུང་བའི་རྐྱེན་གྱིས་ས་གནས་དེ་གའི་འབྲོག་པ་ཚོས་ཀྱང་གངས་སྐྱོན་གྱི་ཆེད་དུ་གྲ་སྒྲིག་ཕྲན་བུ་བྱེད་པ།དཔེར་ན་གཞི་ཁྱོན་ཆེན་པོས་རྩྭ་འདེབས་པ་ལྟ་བུ། 


འབྲི་སྟོད་རྫོང་གི་བླ་རིའི་མཐའ་བསྐོར་དུ་རི་སྐྱེས་སྲོག་ཆགས་རིགས་མང་པོས་བསྐོར་ནས་ཡོད་པ་དང་།དཔེར་ན།རྩྭ་གཟན་གྱི་རིགས་ལ་འབྲི་གཡག་དང་རྐྱང་།རྣ་བ།དགོ་བ།གཙོད།འཕྱི་བ་སོགས་ཡོད་ལ།རི་བོང་ནི་ལྷག་པར་གང་སར་ཁྱབ་ཡོད།གཅན་གཟན་གྱི་རིགས་ལ་སྤྱང་ཀི་དང་དོམ།གསའ།ཝ།གཡི།གྲུམ་པ།རྟེའུ་ལོ་སོགས་ཡོད་པ་དང་།འདབ་ཆགས་ཀྱི་རིགས་ལ་ཁྭ་ཏ་དང་གླག ཐང་དཀར།ཁྲ།སྐྱ་ཀ བྱ་རྒོད་བཅས་ཡོད་ཅིང་།གཞན་ད་དུང་གངས་ལྷ་མེ་ཏོག་དང་དབྱར་རྩྭ་དགུན་འབུ།ཤ་མོ་སེར་བོ།སྙི་བ་སོགས་ཅུང་རྩ་ཆེན་ཡིན་པའི་རྩི་ཤིང་གི་རིགས་ཀྱང་ཡོད།ས་གནས་དེ་གའི་འབྲོག་པ་མང་ཚོགས་ལ་མཚོན་ནས་བཤད་ན་རྩི་ཤིང་འདི་དག་ནི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པའི་ཐོན་ཁུངས་རྩ་ཆེན་ཡིན།དེ་གར་ཡོད་པའི་འབྲོག་པས་བཤད་པ་ལྟར་ན།སྐྱེ་ཁམས་ཁོར་ཡུག་གི་འགྲན་རྩོད་ཐེབས་པའི་དབང་གིས།སྔོན་ཆད་འདི་རུ་འབུད་ཤིང་མེད་ཀྱང་ད་ལྟ་ཡོད་པར་གྱུར་ཡོད།ཡིན་ནའང་སྔོན་ཆད་ཡོད་པའི་རི་སྐྱེས་སྲོག་ཆགས་ཁ་ཤས་ད་ལྟ་མཐོང་རྒྱུ་མེད་དེ།དཔེར་ན།ཕག་རྒོད་ལྟ་བུ།སྔོན་ཆད་ལོ་རབས་དྲུག་བཅུ་ནས་བདུན་ཅུའི་སྐབས་སུ་མཐོང་རྒྱུ་ཡོད་པའི་རི་སྐྱེས་སྲོག་ཆགས་འགའ་ཤས་ད་སྐབས་མཐོང་རྒྱུ་མི་འདུག།


བཅར་འདྲིའི་ཁྲོད་དགེ་རྒན་མིན་ཏི་ཡིས་ད་དུང་རང་ཉིད་ཀྱིས་བརྩམས་པའི༼འབྲོག་པ་ཚང༽སྲོལ་རྒྱུན་གྱི་འབྲོག་པའི་རུ་སྤོ་བའི་ཤེས་རིག་དང་བོད་ཁུལ་གྱི་རི་སྐྱེས་སྲོག་ཆགས་ངོ་སྤྲོད་ཀྱི་དཔེ་ཆའང་ངོ་སྤྲོད་བྱས།དཔེ་ཆ་འདི་དག་ཀྱང་སྐད་རིགས་གཞན་པར་བསྒྱུར་ནས་ཡོད་པས།མི་མང་པོས་ང་ཚོ་བོད་ཁུལ་གྱི་རིག་གནས་དང་འཚོ་བ་རོལ་སྟངས་ལ་རྒྱུས་ལོན་ཡོད་པ་དང་།ང་ཚོའི་རིག་གནས་ཀྱི་རྒྱུད་འཛིན་དང་སློབ་གསོ་ལ་ཡང་ཤུགས་རྐྱེན་ངེས་ཅན་ཐེབས་ངེས་་ཡིན།

བཞི།འཚོ་བ་རོལ་སྟངས་ཀྱི་འགྱུར་ལྡོག

ཉེ་བའི་ལོ་འགའི་རིང་ལ་མི་རྣམས་ཀྱི་སྤྱི་ཚོགས་འཚོ་བ་གོང་འཕེལ་བྱུང་བ་དང་བསྟུན་ནས།འབྲོག་ཁུལ་གྱི་ས་ཆ་མང་པོའི་ཕྱུགས་འཚོ་ཚད་རིམ་གྱིས་ཇེ་དམའ་རུ་སོང་བ་དང་།ཅུང་མངོན་གསལ་ཡིན་པ་ནི་ལུག་འཚོ་ཚད་ཡིན། དགེ་རྒན་མིན་ཏི་ཡིས་བཤད་རྒྱུར་དེ་ལས་ཀྱང་མང་བའི་གནད་དོན་ནི་མིའི་རྩོལ་ནུས་ཕྱོགས་ཀྱི་གནད་དོན་རེད་ཟེར།ལུག་འཚོ་ན་དུས་ཚིགས་བཞི་བོར་མིས་འཚོ་སྐྱོང་བྱེད་དགོས་བ་དང་།སྔོན་ཆད་བྱིས་པ་ཚོའང་སློབ་གྲྭར་འགྲིམས་མི་དགོས་པའི་དུས་སུ་ཁྱིམ་དུ་ལུག་གི་རྗེས་དེད་ནས་འཚོ་མཁན་ཡོད་མོད།འོན་ཀྱང་ད་སྐབས་བྱིས་པ་ཚོ་སློབ་གྲྭར་འགྲིམས་པས།མིའི་ཕྱོགས་ནས་རང་ཤུགས་ཀྱིས་མི་འདང་བའི་གནད་དོན་བྱུང་བ་དང་།ད་དུང་རྒྱུ་རྐྱེན་གལ་ཆེན་ཞིག་ཡོད་པ་ནི་རྒྱལ་ཁབ་ཀྱི་སྲིད་ཇུས་ཇེ་བཟང་ནས་ཇེ་བཟང་དུ་སོང་བས།མི་རྣམས་ཀྱིས་ཀྱང་སྔོན་ཆད་ལྟར་སྡུག་མྱངས་མི་དགོས་པ་རེད།གངས་རི་གནས་མཆོག་གི་ལས་བཟོ་བས་དགེ་རྒན་མིན་ཏི་ལ་ཁྱེད་ཀྱིས་བསམ་ན་འཚོ་བ་རོལ་སྟངས་ལ་སྔོན་ཆད་དང་བསྡུར་ན་འགྱུར་ལྡོག་ཆེན་པོ་ཡོད་དམ་ཞེས་འདྲི་དུས།ཁོ་བོས་རྒྱལ་ཁབ་སྲིད་ཇུས་ཀྱི་རོགས་སྐྱོར་དང་འཚོ་བའི་ཆུ་ཚད་གོང་མཐོར་སོང་ཡོད་པས།ད་ལྟ་འབྲོག་ཁུལ་ཡོངས་ལ་ཆེས་མི་འདང་བ་་ནི་ངལ་རྩོལ་པ་རེད།   


སྔོན་ཆད་ཀྱི་མི་རྣམས་ལས་ལ་བརྩོན་ཞིང་།ངལ་རྩོལ་ནི་ཁོ་ཚོར་མཚོན་ན་ལག་རྩལ་ཞིག་ཡིན་ལ།འབྲོག་པ་རང་སྟེང་ལ་གནས་པའི་ཚན་རིག་ལག་རྩལ་ཞིག་ཡིན།སྔོན་ཆད་ངལ་རྩོལ་གྱི་ལག་ཆ་ཡོངས་དང་རང་ཉིད་ཀྱིས་བཀོལ་བའི་དངོས་པོ་ཚང་མ་རང་ཉིད་ཀྱི་ངལ་རྩོལ་བརྟེན་ནས་གསར་གཏོད་བྱས་ནས་བྱུང་བ་ཡིན་མོད།འོན་ཀྱང་ད་ལྟ་དངོས་པོ་ཚང་མ་ཕལ་ཆེར་གཞན་པས་མཁོ་འདོན་བྱེད་པའམ་ཡང་ན་རང་ཉིད་ཀྱིད་འཛད་སྤྱོད་བྱས་པ་ལས་ཐོབ་པ་ཡིན་ལ།མི་རྣམས་ཀྱིས་བརྒྱུད་རིམ་འདི་ལ་ལོངས་སུ་སྤྱོད་པ་ཁོ་ན་ཡིན།འབྲོག་པའི་ལག་རྩལ་འགའ་ཤས་ནི་འཛམ་གླིང་སྟེང་མཚོན་ནས་བཤད་ནའང་ཆེས་སྔོན་ཐོན་གྱི་ལག་རྩལ་ཡིན་པ་དང་།དེ་ནི་འབྲོག་པ་ཚོར་ཡོད་པའི་ཁྱད་འཕགས་ཀྱི་རིག་གནས་ལག་རྩལ་ཞིག་རེད།ད་ལྟ་རིག་གནས་ལག་རྩལ་འདི་དག་མེད་པར་གྱུར་བ་དང་།ང་ཚོར་ཆེས་མཁོ་བ་ནི་འདི་ལྟ་བུའི་རིག་གནས་དང་ལག་རྩལ་ཡིན།མི་རྣམས་ཀྱི་བསམ་བློར་ཡང་འགྱུར་ལྡོག་བྱུང་ཡོད་ལ།ད་ལྟ་མི་ཕལ་ཆེ་བས་རང་ཉིད་ཀྱི་བྱིས་པ་སློབ་གྲྭར་འགྲོ་རུ་འཇུག་འདོད་པ་དང་།ཤེས་བྱ་མང་པོ་སྦྱོང་དུ་འཇུག་བསམ་བཞིན་ཡོད་མོད།ཡིན་ཡང་རང་ཉིད་ཀྱི་སྔོན་རབས་པ་རྣམས་ལ་ཡོད་པའི་ཁྱད་འཕགས་ཀྱི་རིག་གནས་དག་བརྗེད་པར་གྱུར་ཟེར། ཁོས་ད་དུང་ད་ལྟ་འབྲོག་ཁུལ་ཡོངས་ཀྱི་འཚོ་བར་འགྱུར་ལྡོག་བྱུང་ཡོད་ལ།ད་ལྟ་འབྲོག་ཁུལ་ནས་འཚོ་བ་རོལ་བའི་འབྲོག་མི་རྣལ་མ་ཇེ་ཉུང་དང་།མང་ཆེ་ཤས་གྲོང་ཁྱེར་དུ་གནས་སྤོས་པ་རེདད་དུང་འབྲོག་ཁུལ་ནས་འཚོ་བ་རོལ་བའི་འབྲོག་པ་ཁ་ཤས་ཀྱི་འཚོ་བའི་མཁོ་ཆས་དང་ཟས་རིགས་སོགས་གྲོང་ཁྱེར་ཅན་གྱི་དངོས་པོ་རེད།ད་ལྟ་འབྲོག་ཁུལ་གྱི་སྣང་ཚུལ་མང་ཆེ་བ་ཞིག་ནི་རང་ཉིད་ཀྱིས་བསྙལ་བའི་མར་དང་ཞོ་ལྟ་བུའི་འཚོ་བཅུད་ལྡན་པའི་ཟས་རིགས་སོགས་ཕྱི་རུ་བཙོངས་རྗེས་ཕྱིར་སྟབས་ཐུག་གམ་ཡང་ན་རྫས་འགྱུར་གྱིས་འདྲེས་པའི་ཟས་རིགས་ཁ་ཤས་ཉོས་ནས་ཡོང་བ་དེ་ཡིན།

འབྲི་སྟོད་རྫོང་གི་རང་བྱུང་ཁོར་ཡུག

གལ་ཏེ་ད་ལྟའི་ཁོར་ཡུག་འདི་ལྟ་བུ་བསྐྱར་གསོ་བྱེད་དགོས་ན།ང་ཚོས་རང་ཉིད་ཀྱི་ས་ཁོངས་ལ་སྲུང་སྐྱོབ་བྱེད་དགོས་པ་དང་།འདི་ནི་བསམ་བློའི་ལྟ་ཚུལ་ཞིག་སྟེ།མི་རིགས་དང་རྒྱལ་ཁབ་གང་ཞིག་ལ་མཚོན་རུང་།འཕེལ་རྒྱས་དེ་ངེས་པར་དུ་རང་ཉིད་ཀྱི་རིག་གནས་འབྱུང་ཁུངས་ནས་འཕེལ་རྒྱས་ཡོང་དགོས་པ་དང་།ད་ལྟ་ང་ཚོའི་སློབ་གསོ་ལས་ཆེས་མི་འདང་བ་ཡང་རྩ་བ་འདིའི་སློབ་གསོ་ཡིན་ལ།རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གང་ཡིན་ཡང་རང་གི་རྩ་བ་ཡོད་པས།རྩ་བ་འདི་ནི་ཆེས་གཙོ་བོ་ཡིན།དཔེར་ན།ལུས་དང་སེམས།བླ་བཅས་ཕྱོགས་གསུམ་ནས་གོང་འཕེལ་དུ་གཏོང་ན།བླ་ནི་ཆེས་གཙོ་བོ་ཡིན་པ་དང་།རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་རྩ་བ་ཡིན།ད་ལྟ་མི་མང་པོ་ཞིག་གིས་རང་ཉིད་ཀྱི་རྩ་བ་གང་ཞིག་ཡིན་པ་མི་ཤེས་པ་དང་།རིག་གནས་ཀྱང་དེ་བཞིན་ཡིན་དེ་རང་ཉིད་ཀྱི་རྩ་བ་གཏོང་མི་རུང་།

ལྔ། རྩོམ་སྒྲིག་པའི་མྱོང་ཚོར།

སྔོན་ཆད་འདི་གའི་འབྲོག་པར་མཚོན་ནས་བཤད་ན།དེ་གའི་སྐྱེ་ཁམས་ཁོར་ཡུག་གི་བཟང་ཆ་དང་སྲོལ་རྒྱུན་གྱི་རིག་གནས་ལེགས་པས།མི་རྣམས་ཀྱི་འཚོ་བར་སྟབས་བདེ་གང་མང་བསྐྲུན་ཡོད།ཡིན་ཡང་དུས་ཡུན་རིང་བོར་སྐྱེ་ཁམས་ཁོར་ཡུག་དང་སྲོལ་རྒྱུན་རིག་གནས་ཀྱི་འགྲན་སློང་གི་དབང་གིས་དང་།སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་དང་འབྲོག་པའི་སྲོལ་རྒྱུན་གྱི་རུ་སྤོར་བའི་་རིག་གནས་རྒྱུད་འཛིན་བྱེད་ཆེད།ས་གནས་དེ་གའི་འབྲོག་པ་རྣམས་ཐོན་ཁུངས་བེད་སྤྱོད་མཁན་ནས་ཐོན་ཁུངས་སྲུང་སྐྱོབ་མཁན་དུ་འགྱུར་དགོས་པ་དང་།སྐྱེ་ཁམས་སྲུང་སྐྱོབ་བྱེད་ཚད་ཇེ་ཆེ་དང་།སྲོལ་རྒྱུན་རིག་གནས་བཟང་པོ་རྒྱུན་འཛིན་བྱེད་དགོས།


ཐེངས་འདིའི་ང་ཚོ་གངས་རི་གནས་མཆོག་ཚང་གི་ལས་བཟོ་བ་དང་དགེ་རྒན་མིན་ཏི་ཡི་བཅར་འདྲིའི་ཁ་བརྡའི་ཁྲོད།ཁོ་བོས་བཤད་པའི་སྐད་ཆ་འགས་ང་རང་ལ་འདང་རྒྱག་ཅིག་དང་བག་ཆགས་ཟབ་མོ་བཞགཁོ་བོས་བཤད་རྒྱུར།འཚོ་བའི་ཆུ་ཚད་ཇེ་བཟང་དང་འཚོ་བ་རོལ་སྟངས་ཀྱི་འགྱུར་ལྡོག་དང་བསྟུན་ནས།མི་མང་པོས་རང་ཉིད་ལ་ཡོད་པའི་གསར་གཏོད་ཀྱི་ལག་རྩལ་རིམ་གྱིས་བོར་དང་འབོར་བཞིན་འདུག་ལ།སྔོན་ཆད་ངལ་རྩོལ་གྱི་ལག་ཆ་ཡོངས་དང་རང་ཉིད་ཀྱིས་བཀོལ་བའི་དངོས་པོ་ཚང་མ་རང་ཉིད་ཀྱི་ངལ་རྩོལ་བརྟེན་ནས་གསར་གཏོད་བྱས་ནས་བྱུང་བ་ཡིན་མོད།འོན་ཀྱང་ད་ལྟ་དངོས་པོ་ཚང་མ་ཕལ་ཆེར་གཞན་པས་མཁོ་འདོན་བྱེད་པའམ་ཡང་ན་རང་ཉིད་ཀྱིད་འཛད་སྤྱོད་བྱས་པ་ལས་ཐོབ་པ་ཡིན་ལ།མི་རྣམས་ཀྱིས་བརྒྱུད་རིམ་འདི་ལ་ལོངས་སུ་སྤྱོད་པ་ཁོ་ན་ཡིན།འབྲོག་པའི་ལག་རྩལ་འགའ་ཤས་ནི་འཛམ་གླིང་སྟེང་མཚོན་ནས་བཤད་ནའང་ཆེས་སྔོན་ཐོན་གྱི་ལག་རྩལ་ཡིན་པ་དང་།དེ་ནི་འབྲོག་པ་ཚོར་ཡོད་པའི་ཁྱད་འཕགས་ཀྱི་རིག་གནས་ལག་རྩལ་ཞིག་ཡིན།ངས་བལྟས་ན་འབྲོག་ཁུལ་དང་བོད་ཁུལ་ཡོངས་ལ་མཚོན་ནས་བཤད་ཀྱང།སྔོན་ཆད་ནས་རང་སྟེང་ན་ཡོད་པའི་ཁྱད་འཕགས་ཀྱི་སྲོལ་རྒྱུན་རིག་གནས་ལ་ང་ཚོས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས།འོན་ཀྱང་།ད་ལྟའི་སྤྱི་ཚོགས་ཀྱི་ཁྲོད་དུ་འདི་དག་ནི་རིམ་བཞིན་བརྗེད་དང་བརྗེད་ཀྱིན་ཡོད་པས།འདི་ལ་ང་ཚོ་མི་རེ་རེ་ནའ་བསམ་བློ་གཏོང་རན་འདུག་གོ།

            ཡིག་སྒྱུར་མཁན། འབྲུག་མོ་མཚོ། པདྨ་མཚོ་སྐྱིད།

འབྲོག་པའི་བློ་གྲོས་ལ་བརྟེན་ནས་རྩྭ་ཐང་ཉམས་གསོ་བྱ།扎琼巴让:用牧民的智慧修复草原,让有牧民的地方就要有草原

དབྲ་ཁྱུང་དཔལ་བཟང་དང་འབྲེལ་ཡོད་ཀྱི་བརྙན་གཞན་ལ་གཟིགས་འདོད་ཚེ་འདི་ནས་མནན་ཆོག  脚步视频|扎琼巴让的治沙之道

如果您恰好是三江源当地老百姓或是本地兽医,希望你可以扫描下方二维码,参与野生动物救助的调查问卷,帮助我们找到最优的解决方案。



欢迎大家扫描填写【三江源地区野生动物救助的问卷调查】

也欢迎您扫码支持雪境的野生动物救助众筹项目

帮助我们让每一个生命都能共享雪山圣境

温馨提示:欢迎大家转发

       转载或应用文字和图片请与我们联系!

您可能也对以下帖子感兴趣

文章有问题?点此查看未经处理的缓存