查看原文
其他

"མི་དང་གཅན་གཟན་བར་གྱི་གདོང་གཏུག"་ལ་ཡང་བསྐྱར་བསམ་གཞིགས་བྱ་དགོས།

雪境 GangriNeichog雪境 2022-09-21
གངས་ལྗོངས་འདྲེན་ཀློགརི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སྲིད་ཇུས་ལག་བསྟར་བྱས་པ་དང་བསྟུན་ནས།རི་སྐྱེས་སྲོག་ཆགས་རིགས་ཁྱུ་ཁ་ཤས་ཀྱི་གྲངས་འབོར་བསྐྱར་འཕར་བྱུང་བ་དང་།དུས་མཚུངས་སུ་སྤྱི་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཐད་སྤྱོད་པའི་ས་ཆ་ཡང་རིམ་བཞིན་རྒྱ་སྐྱེད་འགྲོ་བཞིན་ཡོད་འདུགདེར་བརྟེན་"་མི་དང་གཅན་གཟན་བར་གྱི་གདོང་གཏུག་"་གི་གནད་དོན་དེ་ད་ལྟའི་དུས་མཚམས་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཁྱབ་ཁོངས་སུ་འཕྲད་པའི་བྱ་དཀའ་བྱེད་གཏད་ཀྱི་གནད་དོན་གྱི་གྲས་ཤིག་ཏུ་གྱུར་ཡོད།མིའི་རིགས་དང་རི་སྐྱེས་སྲོག་ཆགས་གནས་པའི་ཕྱི་ངོས་ཀྱི་གདོང་གཏུག་དེའི་རྒྱབ་ཏུ་དོན་དངོས་ཐོག་ཕན་ཚུན་ཁེ་ཕན་འབྲེལ་བ་ཡོད་པའི་ཁྱུ་ཚོགས་ཁག་གི་ཁེ་ཕན་མི་འདྲ་བའི་དམིགས་ཚད་དབར་གྱི་གདོང་གཏུག་ཅིག་རེད།འགག་རྩའི་གནད་དོན་ངོས་འཛིན་དང་ཐག་གཅོད་བྱས་ན་ད་གཟོད་ཕྱོགས་མང་པོའི་ཁས་ལེན་དང་ཕན་ནུས་ལྡན་པ།རྒྱུན་མཐུད་ཐུབ་པ་བཅས་ཀྱི་གདོང་གཏུག་ཐག་གཅོད་བྱེད་པའི་ཇུས་གཞི་འཐོབ་ཐུབ།གནད་དོན་རྙེད་ན་ད་གཟོད་གནད་དོན་ཐག་གཅོད་བྱེད་ཐུབ
རྩོམ་པ་པོས་ཐོག་མར་སི་ཕེན་གྱི་རྩོམ་པ་པོ་སེ་ཝན་ཐི་སིའི་མིང་དུ་གྲགས་པའི་རྟ་པའི་བརྩམས་སྒྲུང་སྟེ<<ཐང་ཅི་ཧོ་ཏེ>>ཡིས་གླེང་མོལ་བྱེད་དགོས་པའི་བརྗོད་དོན་གཙོ་བོ་དྲངས་འདུག<<ཐང་ཅི་ཧོ་ཏེ>>་ཞེས་པའི་ནང་མི་སྣ་གཙོ་བོའི་ཉེན་ཁ་ཐེངས་གཉིས་པ་བརྒྱུད་ནས་ཁུངས་ལུང་མེད་ཅིང་དགོད་བྲོ་བའི་གླེན་རྟགས་རབ་དང་རིམ་པ་བཟོས་ཡོད།ཐང་ཅི་ཧོ་ཏི་ཡིས་རླུང་འཁོར་མི་ཆེན་དང་ལུག་ཁྱུ་དགྲ་དམག་ཏུ་རྩིས་པ་མ་ཟད།་ད་དུང་དཔོན་གནས་ཞན་པར་དམག་འཐབ་རྒྱབ་པ།བཙོན་མ་སྐོར་ཞིག་གློད་གྲོལ་བཏང་བ་རེད།རྩོམ་པ་པོས་སྐབས་འདིའི་"་མི་དང་གཅན་གཟན་བར་གྱི་གདོང་གཏུག"་གི་བརྗོད་གཞིར་གྲོས་བསྡུར་བྱེད་སྐབས།མི་རྣམས་ནི་ཐང་ཅི་ཧོ་ཏེ་དང་འདྲ་བར་མི་དང་རི་དྭགས་ཀྱི་གདོང་གཏུག་གནད་དོན་ཁྲོད་ཀྱི་འགག་རྩའི་གནད་དོན་ངོས་ལེན་ནོར་འཁྲུལ་བྱུང་བས།ང་ཚོས་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པའི་ཇུས་གཞི་རྙེད་པར་ཚོད་བཀག་བྱས་འདུག

གནད་དོན་གྱི་རྒྱུ་རྐྱེན་ནི་གནད་དོན་བྱུང་བའི་རིམ་པའི་སྟེང་ན་མེད།

མི་དང་གཅན་གཟན་བར་གྱི་གདོང་གཏུག"་གི་མཚན་ཉིད།མི་དང་གཅན་གཟན་བར་གྱི་གདོང་གཏུག་(དབྱིན་ཡིག་ནི་Human-wildlifeconflict་སྟབས་བདེར་HWC)ནི་སྲུང་སྐྱོབ་བྱ་བའི་ཁྲོད་གཡོལ་ཐབས་མེད་པའི་བརྗོད་གཞི་ཞིག་རེད།སྲུང་སྐྱོབ་བྱེད་མཁན་རྣམས་ཀྱིས་རྒྱུན་དུ་རང་ཉིད་ཀྱི་བྱ་བ་དང་གཞན་པའི་ཁེ་ཕན་ནམ་དམིགས་འབེན་ཡོད་པའི་མི་དང་འགལ་བ་ཡོད་པ་ཤེས།མི་དང་གཅན་གཟན་བར་གྱི་གདོང་གཏུག་གི་ཡོངས་ཁྱབ་ཀྱི་མཚན་ཉིད་ནི་མིའི་རིགས་སམ་རི་སྐྱེས་སྲོག་ཆགས་ཀྱི་བྱ་སྤྱོད་ཀྱིས་ཕན་ཚུན་ལ་ཤུགས་རྐྱེན་ངན་པ་བཟོ་སྐབས་བྱུང་བའི་གནས་ཚུལ།(Conover  2002)སྐད་ཆའི་སྒྲོམ་གཞི་འདི་རིགས་ཀྱིས་མི་དང་རི་སྐྱེས་སྲོག་ཆགས་བར་དུ་འགལ་བ་ཡོད་པ་མཚོན།མཁས་པ་ཁ་ཤས་ཀྱིས་གོང་གསལ་འགྲེལ་བཤད་ལ་དོགས་འདྲི་དང་ངོ་རྒོལ་བྱས་པ་དང་།Petersonསོགས་ཀྱི་༢༠༡༠་ལོར་བཏོན་པ།་སྲོག་ཆགས་ནི་"འདུ་ཤེས་ཡོད་པའི"་ངང་མིའི་རིགས་དང་འགྲན་རྒོལ་བྱེད་པར་ཞིབ་བརྗོད་བྱེད་པར་གནད་དོན་ཧ་ཅང་ཆེན་པོ་ཡོད་པ་དེས་མིའི་རིགས་ཀྱི་བྱ་སྤྱོད་ཀྱི་སྲུང་ཚད་བཀབ་པ་རེད།དཔེར་ན་སྤྲ་དང་ཏ་ལའི་སྡོང་བོའི་བར་གྱི་འགལ་བ་ནི་དོན་དངོས་སུ་སྤྲ་ལ་སྲུང་སྐྱོབ་བྱེད་འདོད་པའི་མི་དང་ཏ་ལའི་སྡོང་བོ་འདེབས་འཛུགས་བྱེད་འདོད་པའི་མིའི་བར་གྱི་འགལ་བ་དེའོ།།

འདྲ་པར་དྲ་རྒྱ་ལས་བླངས།

དེར་བརྟེན།མཁས་དབང་(Yung2010)གིས་མི་དང་རི་སྐྱེས་སྲོག་ཆགས་བར་གྱི་གདོང་གཏུག་དེ་ཁག་གཉིས་སུ་ཕྱེ་ཆོག་པ་སྟེ།མི་དང་རི་སྐྱེས་སྲོག་ཆགས་བར་གྱི་གདོང་གཏུག་དངོས་(གཙོ་གནད་ནི་རི་སྐྱེས་རི་དྭགས་ཀྱིས་མིའི་རིགས་དང་དེའི་འགུལ་སྐྱོད་ལ་བཟོས་པའི་ཤུགས་རྐྱེན)།དེ་བཞིན་མི་མངོན་པའི་མི་དང་རི་སྐྱེས་སྲོག་ཆགས་བར་གྱི་འགལ་བ(ཁེ་ཕན་གྱིས་འབྲེལ་བའི་འགལ་བ)།དེར་བརྟེན་"སྐྱེ་དངོས་སྣ་མང་རང་བཞིན་གྱི་གདོང་གཏུག"གི་མཚན་ཉིད་ཡོད་པ་རེད།གོང་དུ་བརྗོད་པའི་མཁས་པའི་བསམ་ཞིབ་དང་མཚན་ཉིད་གསར་བ་ཡོད་མོད།འོན་ཀྱང་མཚན་ཉིད་འདི་དག་གི་སྒྲིག་འཛུགས་བྱེད་སྟངས་ལ་དོན་དངོས་རང་བཞིན་གྱི་འགྱུར་ལྡོག་མེད་པ་ཤེས་ཐུབ།མི་དང་གཅན་གཟན་བར་གྱི་གདོང་གཏུག་གི་ཚད་ལྡན་ཡིག་ཆའི་དབྱེ་ཞིབ།མིའི་རིགས་དང་རི་སྐྱེས་སྲོག་ཆགས་མཉམ་འགུལ་བྱེད་པའི་སྐབས་སུ་འགལ་བ་བྱུང་བ་རེད།དེ་བས་རྩོམ་པ་པོས་ཚད་ལྡན་ཡིག་ཆ་འཚོལ་བཤེར་མ་ལག་བཀོལ་ནས།2010_2013ལོའི་བར་མི་དང་རི་དྭགས་ཀྱི་གདོང་གཏུག་གྱོད་དཔེ་ཞིབ་འཇུག་དང་འབྲེལ་བ་ཡོད་པའི་ཚད་ལྡན་ཡིག་ཆ་100འཚོལ་ཞིབ་བྱས།གྱོད་དོན་རེ་རེ་ལ་དམིགས་ནས་ཞིབ་འཇུག་བྱས་ཡོད་དེ།ཐོག་མར་འབྲེལ་ཡོད་ཀྱི་དངོས་རིགས་ལ་སྲུང་སྐྱོབ་ཀྱི་རིན་ཐང་ཡོད་མེད་གཏན་འཁེལ་བྱེད་དགོས་(IUCN་མིང་ཐོ་དམར་པོའི་ནང་དུ་འདུས་ཡོད)་པ་དང་དེ་བཞིན་གདོང་གཏུག་ཕྱོགས་གཉིས་ཀྱི་མི་མངོན་པའི་དམིགས་ཚད་།ཚད་ལྡན་ཡིག་ཆ100དེའི་ནང་སྲུང་སྐྱོབ་དངོས་རིགས་97དང་འབྲེལ་བ་ཡོད་པ་དང་།མི་མངོན་པའི་གདོང་གཏུག་གཙོ་བོ་ནི་སྲུང་སྐྱོབ་དམིགས་འབེན་དང་འཚོ་ཚིས་དམིགས་འབེན་བར་གྱི་འགལ་བ(65%)།དེ་བཞིན་མི་ལུས་བདེ་འཇགས་བདེ་ཐང་གི་གནད་དོན(15%)།དེ་མིན་ད་དུང་སྲུང་སྐྱོང་དང་རོལ་རྩེད་བར་གྱི་འགལ་བ་(8%)་དང་།་འཕེལ་རྒྱས་དང་རྨང་གཞིའི་སྒྲིག་བཀོད་དོ་མཉམ་གྱི་འགལ་བ(4%)།སྲོག་ཆགས་ཀྱི་ཕན་བདེའི་གནད་དོན་(3%)དང་དེ་བཞིན་མིའི་རིགས་ཀྱི་ཕན་བདེའི་གནད་དོན་(2%)།འགལ་བ་མང་ཆེ་བ་ནི་སྲུང་སྐྱོབ་བྱེད་རྩིས་དམིགས་འབེན་གྱི་མི་རྣམས་དང་དམིགས་འབེན་གཞན་པ(གཙོ་བོ་དམངས་)སྲུང་སྐྱོབ་བྱེད་པའི་མི་རྣམས་བར་གྱི་འགལ་བ་ཡིན་པ་མཐོང་ཐུབ།

རྒྱུ་མཚན་ནི་ཡུལ་གྱི་བ་གླང་ཟས་པས་གཙང་གསུམ་གྱི་ཆུ་འགོ་ནས་མི་རྣམས་ཀྱིས་གངས་གཟིག་ལ་འཁོན་ལན་སློག་པའི་ངང་བསད་པ།

སྐད་ཆའི་མཚོན་སྟངས། གལ་ཏེ་མུ་མཐུད་ནས་མི་དང་གཅན་གཟན་བར་གདོང་གཏུག་བྱེད་པའི་སྒྲོམ་གཞི་བེད་སྤྱད་དེ་གནད་དོན་དེར་ལྟ་སྟངས་འཛིན་པ་ཡིན་ན།དོན་དངོས་ཐོག་"་རང་བྱུང་"་ཞེས་པ་དེ་འཇིགས་སྐུལ་དུ་རྟགས་བརྒྱབ་པ་ཡིན།དེས་རང་བྱུང་ལ་གོ་ནོར་ཐེབས་པ་དང་གནད་དོན་ཐག་གཅོད་བྱེད་སྟངས་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་སྲིད་པར་མ་ཟད།མཐར་ཐུག་མཇུག་འབྲས་ངན་པ་ཁྲིད་ཡོང་ངེས་རེདའདི་ནི་གསར་འགྱུར་སྨྱན་གཟུགས་ཀྱི་སྒྲིག་གཞིའི་རྣམ་པ་དང་འདྲ།ཆབ་སྲིད་གྲོས་རིམ་དང་བསམ་བློ་གཏོང་སྟངས་ལ་ཤུགས་རྐྱེན་ཐེབས་པར་འདོད་པ་དང་འདྲ(Scheufsle.1999)།དེར་བརྟེན་རྩོམ་པ་པོས་རི་སྐྱེས་སྲོག་ཆགས་དེ་འགལ་ཟླའི་འབྲེལ་བར་མངོན་པའི་དབང་དུ་བཏང་ཚེ་མི་རྣམས་ཀྱིས་དངོས་རིགས་དེ་དག་གི་ཤེས་ཚོར་བྱེད་སྟངས་ལ་འགྱུར་ལྡོག་གཏོང་སྲིད།

 མི་དང་རང་བྱུང་ཁམས་ནི་འགལ་ཟླའི་འབྲེལ་བ་ཡིན་མི་རུང་།

གཞན་ཡང་།གལ་ཏེ་ང་ཚོས་མུ་མཐུད་དུ་འགལ་བ་འདི་དག་མི་དང་གཅན་གཟན་བར་གྱི་གདོང་གཏུག་དུ་རྩིས་ན།འགལ་བ་ཐག་གཅོད་བྱེད་པའི་ཐབས་ཤེས་ནི་ལག་རྩལ་གྱིས་ཐག་གཅོད་བྱེད་ཐབས་གཙོ་བོར་འཛིན་དགོས།རི་སྐྱེས་སྲོག་ཆགས་ཀྱིས་མིའི་རིགས་ལ་ཤུགས་རྐྱེན་ཐེབས་ཚད་ཇེ་ཉུང་དུ་གཏོང་ནུས་ལྡནག་རྩལ་ཐག་གཅོད་བྱེད་ཐབས་ནི་ལེགས་འགྲུབ་འབྱུང་སྲིད་པ་ཞིག་ཡིན་མོད།་དཔེར་ན་ར་སྐོར་དང་ལུང་ཤུར།སུར་པན་བཅས་ཀྱི་གཏོར་རྫས་ལྟ་བུ།འགལ་བ་ནི་ངོ་བོའི་སྟེང་ནས་མི་དང་མིའི་བར་གྱི་འགལ་བ་ཡིན་པས།དམིགས་བསལ་གྱི་ལག་རྩལ་ཐག་གཅོད་བྱེད་ཐབས་ཀྱིས་ཤུགས་རྐྱེན་ཐེབས་ཚད་ཇེ་ཉུང་དུ་གཏོང་ཐུབ།འོན་ཀྱང་སྲུང་སྐྱོབ་དང་འཚོ་བའི་དམིགས་འབེན་བར་གྱི་འགལ་བ་ཐག་གཅོད་བྱེད་པ་མཚོན་མི་ཐུབ།ལམ་ཐག་རིང་བའི་སེམས་འདུལ་དཀའ།"མཉམ་གནས"་ཀྱིས་"གདོང་གཏུག"་གི་ཚབ་བྱས།"གདོང་གཏུག"་ཅེས་པའི་ཐ་སྙད་སྤྱད་དེ་མིའི་རིགས་དང་རི་སྐྱེས་སྲོག་ཆགས་ཕན་ཚུན་སྤེལ་རེས་བྱེད་པའི་ཤུགས་རྐྱེན་མཚོན་པ་ལས།"མཉམ་གནས"་ཞེས་པ་དེ་གནད་དོན་ཐག་གཅོད་བྱེད་པར་དེ་བས་དགེ་མཚན་ལྡན་པའི་མཚོན་ཚུལ་ཞིག་ཏུ་རྩིས་ན་ལགས།འོན་ཀྱང་དེ་ཙམ་གྱིས་མི་འདང་།གནད་དོན་ཡོད་ས་དང་འབྲེལ་ཡོད་ཁེ་ཕན་ཚོགས་པའི་བར་གྱི་འགལ་བ་ཁ་གསལ་བཟོ་དགོས།ཐོག་མར་མི་དང་མི་ཡུལ་བར་གྱི་མི་མངོན་པའི་འགལ་བ་ཁ་གསལ་བཟོ་དགོས་པ་མ་ཟད།ཕན་ནུས་ལྡན་པའི་བྱེད་ཐབས་གཏན་འཁེལ་མ་བྱས་གོང་ལ་འགལ་བ་དེ་དག་གི་ངོ་བོ་གསལ་པོ་བཟོ་དགོས་པ་སྟེ།དམིགས་བསལ་གྱི་ཚོགས་སྤྱིའི་ཁེ་ཕན་གསལ་པོ་ཡོང་བ་བྱ་དགོས་པ་མཚོན་ཡོད།གནས་ཚུལ་མང་ཆེ་བའི་འོག་མིའི་རིགས་དང་རི་སྐྱེས་སྲོག་ཆགས་བར་གནས་པའི"གདོང་གཏུག"་ནི་དོན་དངོས་ཐོག་མིའི་རིགས་གཞན་དག་གི་ཁེ་ཕན་སྲུང་སྐྱོང་བྱེད་པའི་བར་གྱི་གདོང་གཏུག་རེད།དེ་གཉིས་དབར་གྱི་ཁྱད་པར་གྱིས་གཙོ་གནད་དེ་འགལ་ཟླ་དང་ལག་རྩལ་ཐག་གཅོད་ཇུས་གཞིར་དོ་ཁུར་བྱེད་པའི་ཐོག་ནས་འབྲེལ་ཡོད་ཁེ་ཕན་ཚོགས་སྤྱིའི་དབར་གླེང་མོལ་འཚོལ་བ་དང་ཐུན་མོང་ཐོག་ཐག་གཅོད་ཇུས་གཞིར་དོ་ཁུར་བྱེད་པའི་ཐོག་བསྒྱུར་རྒྱུ་གཡོལ་ཐབས་མེད་པ་ཞིག་རེད།ནུས་ལྡན་གྱི་ཐག་གཅོད་བྱེད་ཐབས་ནི་ཡིད་ཆེས་དང་རྒྱུས་ལོན་ལ་རག་ལས།ཐག་གཅོད་ཇུས་གཞི་མཐའ་མཇུག་ཏུ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་པའི་བྱ་ཐབས་ནི་ཚོགས་པའི་དབར་ཡིད་ཆེས་དང་བསམ་ཤེས་བྱས་པ་བརྒྱུད་མི་མངོན་པའི་འགལ་བ་དང་གནད་དོན་ཐག་གཅོད་བྱ་རྒྱུ་དེ་རེད།འགལ་བ་ཕྱོགས་གཉིས་ཀར་ཁ་གསལ་དང་སྒོ་འབྱེད་པའི་རྣམ་འགྱུར་འཛིན་པ་དེས་ཀྱང་ཤེས་བྱའི་ཁྱབ་ཁོངས་དང་བར་སྟོང་སྔར་ལས་རྒྱ་ཆེ་བ་གཏོད་པར་ཕན་ཐོགས་ཡོད་པ་མ་ཟད།སྔར་ལས་རྒྱུན་མཐུད་ཐུབ་པའི་ཐག་གཅོད་བྱེད་ཐབས་ཀྱང་མངོན་འགྱུར་བྱེད་ཐུབ།

སྲུང་སྐྱོབ་ཀྱི་ནུས་པ

སྲུང་སྐྱོབ་ཀྱི་ཁ་ཚ་དགོས་གཏུག་གི་རང་བཞིན་ལ་གཞིགས་ནས་སྲུང་སྐྱོབ་སྐྱེ་དངོས་རིག་པ་མཁས་ཅན་གྱིས་ཞིབ་འཇུག་དང་བྱ་སྤྱོད་སྤེལ་སྐབས་གདོང་གཏུག་གི་གནད་དོན་ཐག་གཅོད་བྱ་རྒྱུ་ནི་གཡོལ་ཐབས་མེད་པ་ཞིག་རེད།སྐྱེ་དངོས་རིག་པ་བས་སྲུང་སྐྱོབ་བྱེད་པར་གོང་ནས་འོག་བར་གྱི་བྱེད་ཐབས་ལ་དོ་སྣང་བྱེད་སྲིད།་དཔེར་ན་ཁེ་ཕན་དང་འབྲེལ་བ་ཡོད་པའི་མི་ཁ་ཤས་ལ་ཁྲིམས་འཛུགས་དང་།ཡང་ན་ཁྲིམས་ལུགས་ལ་འགྱུར་ལྡོག་འབྱུང་མི་སྲིད་པའི་རྒྱབ་ལྗོངས་འོག་རྣམ་པའི་སྟེང་གི་ཐེ་ཞུགས་རང་བཞིན་གྱི་བྱེད་ཐབས་འདོན་པ།གཞན་ཡང་སྐྱེ་དངོས་རིག་པ་མཁས་ཅན་མང་ཆེ་བས་སྲུང་སྐྱོབ་ཀྱི་གྲུབ་འབྲས་ལ་དོ་སྣང་ཆེན་པོ་བྱེད་པ།དཔེར་ན་རིགས་ཁྱུའི་གྲངས་འབོར་མང་དུ་འགྲོ་བ་ལས་ཧུར་ཐག་གིས་ཁེ་ཕན་དང་འབྲེལ་བ་ཡོད་མཁན་ཚང་མར་ཕན་པ་ཐོབ་པའི་འབྲས་བུ་ཞིག་མིན།འདི་འདྲའི་ཕྱོགས་རིས་མཐོང་ཆེན་བྱས་ན་ཁེ་ཕན་དང་འབྲེལ་བ་ཡོད་པའི་འགྲན་རྒོལ་གྱིས་འགལ་བ་ཛ་དྲག་ཏུ་འགྲོ་སྲིད།དེར་བརྟེན་མི་སྒེར་རམ་རྩ་འཛུགས་ཀྱིས་གནད་དོན་དེ་དག་གི་ཁྲོད་དུ་མི་སྣ་གང་འདྲ་ཞིག་འཁྲབ་དགོས་པ་དང་།མཇུག་འབྲས་གང་འདྲ་ཞིག་ཐོན་དགོས་པ།བརྒྱུད་རིམ་གང་དག་གིས་ཐག་གཅོད་ཇུས་གཞི་ལེགས་འགྲུབ་ཡོང་བར་སྐུལ་འདེད་བྱེད་པའི་ཐད་ལ་གཟབ་ནན་གྱིས་བསམ་གཞིགས་དང་བརྡར་ཤ་གཅོད་དགོས།(Redpathསོགས།2013) བགྲོ་གླེང་།སྲོག་ཆགས་སྲུང་སྐྱོབ་ཁྱབ་ཁོངས་ཀྱིས་གནས་ཚུལ་མང་པོའི་འོག་ཞིབ་འཇུག་མི་སྣ་དང་།འཆར་འགོད་མི་སྣ།ཆེད་ལས་བྱ་སྤྱོད་སྤེལ་མཁན་བཅས་ཚང་མ་ད་དུང་ཐང་ཅི་ཧོ་ཏེ་དང་འདྲ་བར་ངོས་འཛིན་ནོར་འཁྲུལ་ཅན་བྱུང་བའི་གདོང་གཏུག་མེད་པར་བཟོས་ནས་གནད་དོན་ཐག་གཅོད་བྱེད་པར་དཀའ་ངལ་ཧ་ཅང་ཆེན་པོ་བཟོས་ཡོད་འདུག།ད་ལྟའི་བར་དུ་དོན་དངོས་ཀྱིས་ར་སྤྲོད་བྱས་པ་ལྟར་ན།་"མི་དང་གཅན་གཟན་བར་གྱི་གདོང་གཏུག"་ཐག་གཅོད་བྱེད་དཀའ་བའི་རྒྱུ་རྐྱེན་ཁ་ཤས་ནི།གནས་ཚུལ་མང་ཆེ་བའི་འོག་གདོང་གཏུག་འདི་དག་ནི་སྐྱེ་དངོས་རིག་པ་བ་རྣམས་ཀྱིས་ཞིབ་འཇུག་བྱས་པ་ཡིན་ཞིང་།ཁོ་ཚོས་ཤེས་རྟོགས་དང་སྐྱེ་ཁམས་ལ་ཤུགས་རྐྱེན་ཐེབས་ཚུལ་ཇེ་ཆུང་དུ་གཏོང་བར་ནུས་ཤུགས་ཡོད་དགུ་བཏོན་པ་ལས་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་པ་མིན།ཤུགས་རྐྱེན་ཐེབས་པའི་སྡེ་ཁུལ་དང་འབྲེལ་ཡོད་ཁེ་ཕན་ཚོགས་སྤྱི་ལ་ཡོངས་བསྒྲགས་དང་གསལ་ཆ་ལྡན་པའི་སྒོ་ནས་དཔྱད་བསྡུར་བྱས་ཚེ་གཞི་ནས་མི་མངོན་པའི་སྤྱི་ཚོགས་ཀྱི་རྒྱུ་རྐྱེན་དེ་བས་ནུས་ལྡན་ཐག་གཅོད་བྱེད་ཐུབ།སྐྱེ་དངོས་རིག་པ་བ་དང་འབྲེལ་ཡོད་ཆེད་ལས་ཀྱི་བྱ་སྤྱོད་སྤེལ་མཁན་སྲུང་སྐྱོང་བྱ་རྒྱུ་ནི་གྲོས་བསྡུར་དང་གླེང་མོལ་ལ་ཞུགས་མཁན་གྲས་ཤིག་ཡིན།སྟབས་ལེགས་པ་ཞིག་ལ་ཇུས་ཐག་གཅོད་མཁན་དང་སྲུང་སྐྱོང་སྐྱེ་དངོས་རིག་པ་མཁས་ཅན་ཚོས་བྱེད་ཐབས་དེ་ལྟ་བུ་བརྒྱུད་ནས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དང་གནད་དོན་ཐག་གཅོད་བྱེད་དགོས་པ་ངོས་འཛིན་བྱེད་ཀྱི་ཡོད་།

翻译:尼旦吉  青海海西人,现就读于青海师大民师院
如果您恰好是三江源当地老百姓或是本地兽医,希望你可以扫描下方二维码,参与野生动物救助的调查问卷,帮助我们找到最优的解决方案。

欢迎大家扫描填写【三江源地区野生动物救助的调查问卷】

也欢迎你扫码支持雪境的野生动物救助众筹项目

帮助我们每一个生命都能共享雪山圣境

温馨提示:欢迎大家转发

转载或应用文字和图片请与我们联系!


您可能也对以下帖子感兴趣

文章有问题?点此查看未经处理的缓存