༧ཆོས་རྗེ་འཇིགས་མེད་བླ་མའི་རྣམ་ཐར་རྒྱས་པ། སྒྲ་ལྡན། ཁག་བཅུ་གཅིག་པ།
༄༅།།འཛམ་གླིང་གོ་ལ་ཟླུམ་པོར་གནས་པའི་དད་ལྡན་སྐལ་བཟང་གི་སྐྱེ་བོ་ལྷན་རྒྱས་ལ་ཆེད་ཞུ།
དེ་རིང་གི་ལོ་ཟླ་འདི་ནི་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་ཡང་དར་བསྟན་པའི་སྒྲོན་མེ་ཆེན་པོ་མཚན་བརྗོད་པ་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན་ ༧ ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོའི་དགོངས་པ་ཆོས་དབྱིངས་སུ་གཟིམས་ནས་ལོ་འཁོར་བཅུ་དྲུག་ལོན་པར་རྗེས་དྲན་དུ། མཁས་དབང་རྨེ་སྤྲུལ་རིན་པོ་ཆེ་ལུང་རྟོགས་བསྟན་འཛིན་རྒྱ་མཚོས་མཛད་པའི་ཆོས་རྗེ་འཇིགས་མེད་བླ་མའི་རྣམ་ཐར་རྒྱས་པར་བཀོད་པ་ཆོས་བཟང་ལྷའི་དུནྡུ་བྷིཿཞེས་པ་འདི་ཉིད། ཡི་གེ་མི་ཤེས་མཁན་དང་ཡི་གེ་སྤྱན་གཟིགས་མི་ནུས་པ་རྣམས་ལ་ཕན་དུ་རེ་བས། མཁན་པོ་སྐལ་བཟང་རྣམ་འདྲེན་གྱི་གྲོགས་དན་བཅས་ཨ་མདོ་གློག་བརྙན་སྐད་སྒྱུར་པ་གྲགས་ཅན་གངས་ལྷ་སྲས་ལགས་ཀྱིས་གྱེར་འདོན་བྱས་པའི་སྒྲ་བརྙན་འདི། དེ་རིང་ནས་དབུ་བརྩམས་ཏེ་རིམ་གྱིས་འཕྲིན་སྟེགས་འདི་བརྒྱུད་ནས་སྙན་སྒྲོན་བྱེད་རྒྱུ་ཡིན་པས། ཆོས་ལྡན་གྱི་བྱ་བ་གལ་པོ་ཆེ་འདི་ཉིད་སངས་རྒྱས་བསྟན་པའི་གསོས་སྨན་དང་འགྲོ་བའི་ཕན་བདེའི་རྩ་ལག་ཏུ་འགྱུར་བར་སྨོན།
རོང་ཆེན་སྐལ་བཟང་དབང་འདུས་ནས་2020 ལོའི་ཟླ་1 ཚེས་6ལ་གུས་ཕུལ།
༄༅། ། ༧ཆོས་རྗེ་འཇིགས་མེད་བླ་མའི་རྣམ་ཐར་རྒྱས་པར་བཀོད་པ་
ཆོས་བཟང་ལྷའི་དུནྡུ་བྷིཿཞེས་བྱ་བ་བཞུགས།
28
བདེ་ཆེན་ཞིང་སྒྲུབ་ཆེན་མོ་ཐེངས་གཉིས་པ་དང་རིག་འཛིན་འབུམ་ཚོགས་ཆེན་མོ་ཐེངས་དང་པོ་བཙུགས་ཚུལ་སོགས་ཀྱི་སྐོར།
29
བདེ་ཆེན་ཞིང་སྒྲུབ་ཆེན་མོ་ཐེངས་གསུམ་པ་བསྡུས་ཤིང་ཤར་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལ་ཕེབས་ཚུལ་སྐོར།
30
ཞལ་སློབ་རྣམས་ལ་རྫོགས་ཆེན་གྱི་སེམས་ཁྲིད་དང་བླང་དོར་ཞལ་གདམས་སོགས་ཀྱི་བཀའ་དྲིན་བསྐྱངས་ཚུལ་སྐོར།