查看原文
其他

༡ གཞན་ལ་ཕྲག་དོག་བྱེད་པ་ནི་རང་ཉིད་བརླག་པའི་རྒྱུ་ཡིན།

ཕེབས། 👉 Qiu1980
2024-09-29



ལེའུ་བཞི་པ།  

རྒྱུ་འབྲས་ལ་བླང་དོར་ཤེས་པའི་མི་ནི་བསོད་ནམས་ཆེ།





༡ གཞན་ལ་ཕྲག་དོག་བྱེད་པ་ནི་རང་ཉིད་བརླག་པའི་རྒྱུ་ཡིན།


གནའ་བོའི་དམ་པ་ཞིག་གིས་མི་ལ་རིགས་གསུམ་ཡོད་པར་གསུངས་ཞིང་། དེ་ཡང་ཐ་མས་གཞན་གྱི་བདེ་བ་མཐོང་ན་ཕྲག་དོག་བྱེད། བར་མས་རང་གིས་སྡུག་བསྔལ་མྱོང་སྐབས་རང་ཁོ་ན་སྡུག་བསྔལ་དེ་ལས་མྱུར་དུ་ཐར་བར་འདོད། རབ་ཀྱིས་གཞན་གྱི་བདེ་བ་མཐོང་སྐབས་རང་ཉིད་དགའ་ཞིང་གཞན་གྱིས་སྡུག་བསྔལ་མྱོང་བ་མཐོང་ཚེ་རང་གིས་མྱོང་བ་ལྟར་དུ་བྱེད།

ལག་སྙིང་ཁར་སྦྱར་ནས་ལེགས་པར་སོམས་དང་ཁྱོད་རིགས་གང་དུ་གཏོགས།

དགེ་བ་ལ་སྐུལ་བའི་འཇུག་ངོགས་ཞེས་པ་རུ་འདི་སྐད་ཅིག་བཀོད་འདུག

སུང་རྒྱལ་ཁབ་ཀྱི་བློན་ཆེན་ཅང་ཡོན་ལ་བུ་བཅུ་ཡོད་ཅིང་སྒུར་པོ་གཅིག་དང་འཐེང་བོ་གཅིག  ཡན་ལག་འཁུམ་པ་གཅིག  རྐང་གཉིས་ཞྭ་བོ་གཅིག  སྨྱོན་པ་གཅིག  གླེན་པ་གཅིག  འོན་པ་གཅིག  ལོང་བ་གཅིག  ལྐུགས་པ་གཅིག བཙོན་དོང་དུ་ཤི་བ་གཅིག་བཅས་སོ། །

ཡིད་གཞུངས་པའི་ཙི་ཀོས་ཁྱོས་བྱ་བ་མ་རུངས་པ་ཅི་ཞིག་བསྒྲུབས་པས་རྣམ་སྨིན་འདི་འདྲ་འཁོར་བ་རེད་ཅེས་དྲིས། ཅང་ཡོན་ན་རེ། ང་རང་ཕྲག་དོག་བྱ་རྒྱུར་དགའ་བ་ལས་ཚེ་གཅིག་ཏུ་ཉེས་པ་གཞན་གང་ཡང་བསགས་མེད། སུ་ཞིག་ང་ལས་རྒྱལ་ན་ངས་ཕྲག་དོག་གིས་སྡང་བར་བྱེད། སུ་ཞིག་གིས་ང་ལ་ཁ་ཡག་ངོ་དགའ་བྱས་ན་ངས་དེ་ལ་ཡི་རངས་བྱེད། གཞན་གྱིས་དགེ་བ་སྒྲུབ་པ་ཐོས་སྐབས་དེའི་ཀུན་སློང་ལ་ཐེ་ཚོམ་བྱེད། གཞན་གྱིས་མི་དགེ་བ་སྒྲུབ་པ་ཐོས་སྐབས་བརྟག་དཔྱད་གང་ཡང་མི་བྱེད་པར་རྨོངས་ཚོད་ཀྱིས་ཡིད་ཆེས་བྱེད། གཞན་གྱིས་ཅི་ཞིག་ཐོབ་པ་ན་རང་གིས་ཅི་ཞིག་བོར་སྙམ་ལྟ་བུ་བྱེད། གཞན་གྱིས་ཅི་ཞིག་བོར་བ་མཐོང་སྐབས་ཡིད་དགའ་སྟེ་རང་གིས་ཅི་ཞིག་ཐོབ་པ་ལྟ་བུར་བྱེད་པ་ཡིན་ཞེས་བཤད།

ཙི་ཀོས་ཉན་རྗེས་ཧང་སངས་ཏེ་ཁྱོད་འདི་འདྲའི་མ་རུངས་ཁོག་བཅུག་ལ་རྣམ་སྨིན་འདི་ཙམ་མ་ཡིན་པར་ཁྱིམ་གཞིས་སྟོང་བའི་བར་ཆད་འབྱུང་སྲིད་ཅེས་སྨྲས།

དེང་སྐབས་སྐྱེ་བོ་མི་ཉུང་བ་ཞིག་ཅང་ཡོན་དང་འདྲ་བར་གཞན་གྱིས་བདེ་དགའ་ཐོབ་པ་ལ་ཡིད་མི་དགའ་ཞིང་གཞན་གྱི་རྒྱུ་ནོར་དང་ལོངས་སྤྱོད།མཚན་སྙན།གོ་གནས་སོགས་མཐོང་སྐབས་སེམས་མ་བསྙོམས་ཏེ་མི་དེར་ཆག་སྒོ་ཞིག་བྱུང་ན་ཅི་མ་རུང་སྙམ་པའམ་ཉིན་ཞིག་ཁོ་རང་མཛོད་སྟོང་སྟེ་ཅི་ཡང་མེད་པ་ཞིག་ཏུ་གྱུར་ན་དགའ་བ་ལ་ཨང་སོགས་རྟག་ཏུ་བསམས།

མི་དེ་དག་ཕྱི་ཚུལ་དུ་འཛུམ་གྱིས་ཁེངས་པས་མི་རྣམས་ལ་ཡིད་དུ་འོང་བའི་སྣང་བ་སྟེར་ཡང་དོན་དུ་སེམས་ཆུང་བ་ཕྲག་གིས་དོག་ཅིང་ཁ་ཁོག་མི་མཐུན་ལ་མ་རུངས་པའི་དུག་ཆུས་རྒྱུད་བརླམས་ཡོད་པ་རེད།

འདི་འདྲའི་ཀུན་སློང་མ་རུངས་པ་བཅངས་ནས་གཞན་ལ་ཕྲག་དོག་བྱེད་པ་ནི་དོན་དུ་སྤྱོད་པ་ཤིན་ཏུ་གླེན་པ་ཞིག་ཡིན།ལེགས་པོར་སོམས་དང་།གཞན་ལ་ཇི་ལྟར་དམོད་ཀྱང་དེའི་བསོད་ནམས་ལ་ནི་འགྱུར་བ་སྤུ་ཙམ་མེད་ཅིང་ལྡོག་སྟེ་སྐད་ཅིག་ཙམ་གྱི་ཡུན་དུ་རང་གིས་སྒོ་དུ་མས་བསགས་པའི་བསོད་ནམས་ཆེས་ཆེར་འཛད་པའི་རྒྱུ་ཁོ་ན་བྱེད་པ་རེད།

ཤེ་ཁི་སི་པིར་གྱིས་ཁྱོད་ཀྱིས་ཕྲག་དོག་ལ་ཀུན་ནས་བག་ཡོད་བསྟེན་ཅིགདེ་ནི་གདོན་འདྲེ་མིག་མདངས་སྔོན་པོ་ཅན་ཞིག་ཡིན་ཞེས་ཟེར།བདེན་པ་རེད།མི་ཞིག་གི་སེམས་སུ་ཕྲག་དོག་སྐྱེས་པ་ནས་བཟུང་དེ་ནི་གདོན་ཞུགས་པ་དང་འདྲ་བར་བྱ་བ་མང་པོ་ལ་བསམ་གཞིག་བྱེད་པའི་ནུས་པ་མེད་པར་འགྱུར།

ཆིན་རྒྱལ་རབས་སྐབས་སུ་པེ་ཟེ་ཀོང་བྱ་བའི་མི་ཞིག་ཡོད་ཅིང་སྐབས་དེའི་དྲག་རྩལ་ཆེན་མོ་བ་བརྒྱད་ཀྱི་ཡ་གྱལ་ཡིན།ཁོ་རང་གཉེན་སྒྲིག་བྱས་རྗེས་དོན་རྐྱེན་ཞིག་གིས་ལོ་མང་པོར་པ་ཡུལ་དང་ཁ་བྲལ་ནས་རྒྱལ་ཁམས་འགྲིམ།ཐེངས་ཤིག་ཕ་ཡུལ་དུ་ལོག་པའི་ལམ་དུ་བྱིས་པ་ཞིག་གིས་ཕ་བོང་ཆེན་པོ་ཞིག་ལ་འཁོར་ཏེ་དྲག་རྩལ་སྦྱོང་བཞིན་འདུག་ཅིང་ཕ་བོང་ཆེན་པོ་ལས་མེ་སྟག་འཕྲོ་བཞིན་འདུག་པ་སྟེས་དབང་གིས་མཐོང་།

དེའི་ཚེ་པེ་ཐེ་ཀོང་གིས་ངའི་ཕ་ཡུལ་དུ་འདི་འདྲའི་ཡ་མཚན་ཅན་གྱི་བྱིས་པ་ཞིག་འདུག  ད་ལྟ་ནས་དྲག་རྩལ་ཕུལ་དུ་བྱུང་བ་འདི་འདྲ་ཞིག་ལྡན་ཞིང་ཁོ་ལག་ཆགས་རྗེས་ང་ལས་བརྒལ་ངེས་ཅན་རེད་བསམས། འདི་འདྲའི་ཕྲག་དོག་ཆེན་པོའི་སྐུལ་སློང་འོག་ཐལ་ལྕག་ཅིག་གིས་བྱིས་པའི་སྲོག་བཅད། བྱིས་པ་དེས་དབུགས་འཆད་ཁར་ངའི་ཕ་རྒན་པེ་ཐེ་ཀོང་གིས་ཁྱོད་བཙལ་ཏེ་དགྲ་ཤ་ལེན་རྒྱུ་རེད་ཅེས་སྨྲས།པེ་ཐེ་ཀོང་གིས་ཉན་རྗེས་གནམ་ལྕགས་འབུམ་ཕྲག་དུ་མས་ཅིག་ཅར་དུ་བརྒྱབས་པ་ལྟ་བུར་གྱུར་ཅིང་གཟོད་རང་གི་ཕྲུ་གུ་བསད་པ་ཤེས་ནས་འགྱོད་པ་རྟས་མི་ཟིན་པ་ཞིག་སྐྱེས་པ་རེད།

གནའ་བོའི་དམ་པ་ཞིག་གིས་མི་ལ་རིགས་གསུམ་ཡོད་པར་གསུངས།དེ་ཡང་ཐ་མས་གཞན་གྱི་བདེ་བ་མཐོང་ན་ཕྲག་དོག་བྱེད། བར་མས་རང་གིས་སྡུག་བསྔལ་མྱོང་སྐབས་རང་ཁོ་ན་སྡུག་བསྔལ་དེ་ལས་མྱུར་དུ་ཐར་བར་འདོད།རབ་ཀྱིས་གཞན་གྱི་བདེ་བ་མཐོང་སྐབས་རང་ཉིད་དགའ་ཞིང་གཞན་གྱིས་སྡུག་བསྔལ་མྱོང་བ་མཐོང་ཚེ་རང་གིས་མྱོང་བ་ལྟར་དུ་བྱེད།

ལག་སྙིང་ཁར་སྦྱར་ནས་ལེགས་པར་སོམས་དང་ཁྱོད་རིགས་གང་དུ་གཏོགས།


ཁ་བྱང་ལྟར་ནང་དོན་རེ་རེ་བཞིན་གཟིགས་ཐུབ།







 


འདི་ནས་ལན་གཅིག་གནོན་རོགས།👇
继续滑动看下一个
Qiu1980
向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存