查看原文
其他

༼ཆུ་སྟག་ལོ་གསར་བཀྲ་ཤིས་དཔལ་འབར།༽གླུ་མ་པད་མཚོའི་གཞས་གསར།

ཕེབས། 👉 Qiu1980
2024-09-29








གཞས་ཚིག




ལོ་གསར་བཀྲ་ཤིས་དཔལ་འབར།



ཚིགརྩོམ་མཁན། འཇུ་སྐལ་བཟང་། 

དབྱངས་རྟ། བྱ་གཞུང་བཀྲ་རྡོར། 

གཞས་མ། པད་མཚོ། 


ཕྱི་སྣོད་གངས་ཀྱི་ར་བ་ཡངས་ས་ནས། །ནང་བཅུད་སྐྱེ་འགྲོའི་སེམས་རྒྱུད་གཙང་ས་ནས། །གསང་བ་ས་སྤྱོད་དག་པའི་ཞིང་ཁམས་ནས། །
དེ་རིང་ཁྱེད་ལ་ལོ་གསར་གླུ་ཞིག་ལེན། །
ཕོ་བྲང་དཀར་པོ་དམར་པོའི་གཟི་བྱིན་ཕོབས། །ཇོ་ཤཱཀྱ་ཉི་མ་ཟླ་བའི་བྱིན་རླབས་སྩོལ ། །གཟི་བྱིན་ཕོབས། བྱིན་རླབས་སྩོལ།ལོ་གསར་བཀྲ་ཤིས་དཔལ་འབར་ཤོག
མངའ་རིས་སྐོར་གསུམ་བཙན་པོ་གོང་མའི་ས། །
དབུས་གཙང་རུ་བཞི་ལུགས་གཉིས་ནོར་བུའི་ཞིང་། །མདོ་ཁམས་སྒང་དྲུག་དཔའ་མཛངས་རིག་པའི་ལྗོངས། །དེ་རིང་ཁྱེད་ལ་ལོ་སར་གླུ་ཞིག་ལེན། །
རྒྱལ་ཁམས་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག །དབུ་ནག་བདེ་ཞིང་སྐྱིད་པའི་རྟེན་འབྲེལ་ཞུ། །བཀྲ་ཤིས་ཤོག རྟེན་འབྲེལ་ཞུ།ལོ་གསར་བཀྲ་ཤིས་དཔལ་འབར་ཤོག །

མདུན་གྱི་རི་འདི་རྨ་རྒྱལ་གངས་ཀྱི་རི། ། འགྲམ་གྱི་ཆུ་འདི་གསེར་ལྡན་རྨ་ཀླུང་ཆུ། ། 
ཕ་ས་ཕ་ཡུལ་གཙང་མའི་ཡུལ་གྲུ་ནས། ། 
དེ་རིང་ཁྱེད་ལ་ལོ་གསར་གླུ་ཞིག་ལེན། ། 

རྒན་པ་ཚེ་ཐག་རིང་བའི་སྨོན་ལམ་འདེབས། ། གཞོན་པ་འདབ་ལག་རྒྱས་པའི་རྟེན་འབྲེལ་འགྲིག །
སྨོན་ལམ་འདེབས། རྟེན་འབྲེལ་འགྲིག ། 
ལོ་གསར་བཀྲ་ཤིས་དཔལ་འབར་ཤོགལོ་སར་བཀྲ་ཤིས་བདེ་ལེགས།

ཁ་བྱང་ལྟར་ནང་དོན་རེ་རེ་བཞིན་གཟིགས་ཐུབ།







 


འདི་ནས་ལན་གཅིག་གནོན་རོགས།👇
继续滑动看下一个
Qiu1980
向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存