རིན་མེད་འཕྲིན་ཕྲན་གཙང་སེལ་གྱི་ཉེན་ཁ། ▶️ བརྙན།
ཉེན་བརྡ། ཉེན་ཁ་ཧ་ཅང་ཆེ་བའི་དོན་དག་ཞིག
དེ་རིང་ཁ་སང་དྲ་ལམ་ན་རིན་མེད་སྐད་འཕྲིན་གཙང་སེལ་
ཟེར་བ་ཞིག་བོད་པ་ཚང་མས་སྐུར་བཞིན་འདུག
དེ་ངས་ཀྱང་བེད་སྤྱོད་བྱས་པ་ཡིན།
འདི་ལ་གནད་དོན་ཞིག་ཡོད་པ་ནི་སྐད་འཕྲིན་ནང་དུ་
འཛུལ་མ་ཐག་འཛུལ་ས་དེའི་སྐད་འཕྲིན་བེད་སྤྱད་ནས་
ཚོགས་པ་མང་པོ་བཙུགས་ནས་ཁོ་ཚོའི་ཆ་འཕྲིན་ཡར་
སྐུར་མར་སྐུར་བྱས་ནས་ཁྱབ་བསྒྲགས་བྱེད་པ་དང་
དེའི་སྐད་འཕྲིན་གྱི་རྒྱབ་ལོག་ཏུ་ཁོ་ཚོའི་ཆ་འཕྲིན་གྱི་
པར་དྲ་ཚིགས་འཇོག་པ་སོགས་བྱེད་ཀྱིན་འདུག
https://v.qq.com/txp/iframe/player.html?vid=a0544qfldrs&width=500&height=375&auto=0
དེ་ནི་བདག་པོ་ལ་དེ་ལྟར་བྱེད་ཆོག་མིན་མི་འདྲི་བར་རང་དགར་གང་འདོད་འདོད་བྱས་པ་ཞིག་རེད། དེ་ལྟར་བྱས་ནས་ང་ཚོའི་སྐད་འཕྲིན་ནང་འཛུལ་དུ་བཅུག་ན་ད་དུང་ཁུག་དམར་ཡར་སྐུར་མར་སྐུར་དང་མི་སུ་སུ་དང་དྲ་འབྲེལ་བྱས་མིན། ཁོའི་སྐད་འཕྲིན་ནང་ན་དོན་དག་དང་ཉར་ཚགས་ཅི་ཡོད།
དེ་བཞིན་མི་དེའི་སྐད་འཕྲིན་བརྒྱུད་ནས་གཞན་ལ་འབྲེལ་བ་བྱེད་པ་དང་དེའི་མི་དག་གཞན་ལ་སྐུར་བ། མི་དེ་ཡིན་མདོག་བྱས་ནས་སྒོར་མོ་གཏོང་དུ་འཇུག་པ། སྐད་འཕྲིན་གྱི་ཨང་གྲངས་དང་གསང་གྲངས་བརྗེ་བ་སོགས་བྱེད་ཆོག་ཆོག་ཡིན་པས་འདི་ནི་ཧ་ཅང་གནད་དོན་ཆེན་པོ་ཞིག་རེད།
ང་ལ་ཡང་ཉིན་འདི་གར་སྐད་འཕྲིན་ཚོགས་པ་ཆུང་ཆུང་མང་པོའི་ནང་དུ་འཇོག་པ་ལེན་པ་སོགས་ཅི་ཡིན་འདི་ཡིན་མི་ཤེས་པ་མང་པོ་ཞིག་བྱེད་འདུག་ནའང་ཅི་ཡིན་མ་ཤེས་པར་མགོ་འཐོམ་ནས་ཡོད། དེ་རིང་བལྟས་ཡོང་ན་འདི་ཚོ་རེད་འདུག
༢༠༡༧/༩/༨ཉིན་གང་ལྗོངས་རྒྱུད་འཛིན་པ་ཚང་ནས་ལྷག་བསམ་གཙང་མས་ཀུན་ནས་བསླངས་ཏེ་་བྲིས།
རྒྱབ་སྐྱོར་གྱི་ཆེད་དུ་འོག་གི་པར་རིས་ཐོག་ལ་གནོན་རོགས།
ད་དུང་ཁོ་ཚོས་ཡིན་མདོག་མདོག་ངང་ནས་བོད་སྐད་ལམ་ནས་ངོ་སྤྲོད་བྱེད་པ་དང་རིན་མེད་ཡིན་མདོག བྱ་དགའ་ཞེས་པའི་མིང་སྙན་མོས་སྒོར་མོ་ལེན་ཚུལ་སོགས་འདྲ་མིན་བྱེད་བཞིན་འདུག ང་ཚོས་རྒྱུན་པར་ཉམས་མ་བཞག་པ་ལས་ཁུག་དམར་ནང་ནས་སྒོར་མོ་ཉུང་ཉུང་རེ་ཡང་ལེན་གི་ཡོད་མིན་ཐེ་ཚོམ་གྱི་གནས་རེད་འདུག ང་ཚོ་བོད་པ་དྲྭ་ལམ་བེད་སྤྱོད་དེ་ཙམ་མི་ཤེས་པ་དག་གིས་གཟབ་འཚལ། ཡུལ་སྤོས་ངད་ལྡན་ནས་པདྨ་ཚུལ་ཁྲིམས་ནས་འགྲོ་ཞོར་དུ་བྲིས་ནས་བསྐུར། ༢༠༡༨.༧.༥ལ།
འཕྲིན་སྟེགས་དོ་དམ་པའི་མདོར་བསྡུས་གསལ་བཤད།
གཞན་གྱིས་རང་གི་སྐད་འཕྲིན་གྱི་དྲྭ་གྲོགས་གཙང་སེལ་བྱེད་པ་དེ་ནི་ཧ་ཅང་ཉེན་ཁ་ཆེ་ཞིང་བོད་མི་ཚོའི་ནང་ལ་ཡང་དར་ཁྱབ་ཆེ་བའི་གནས་ཚུལ་ཞིག་རེད།
འོ་ན་ཉེན་ཁ་གང་ཡོད་རེད་ཟེར་ན། གཙང་སེལ་བྱེད་པའི་སྐབས་སུ་རང་གི་སྐད་འཕྲིན་གཞན་གྱིས་ཐོ་འགོད་བྱེད་འགྲོ་བ་རེད། དེ་ན་རང་ཉིད་ཀྱི་སྒེར་གྱི་གསང་བ་དང་སྒོར་མོ་རང་གི་དྲྭ་གྲོགས་ཀྱི་སྒེར་གྱི་གསང་བ་དང་སྒོར་མོ་སོགས་ལ་ཧ་ཅང་གི་ཉེན་ཁ་ཡོད་རེད།