ལོ་ཆེན་དྷརྨ་ཤྲཱིའི་ལུགས་ཀྱི་སྒྱུ་འཕྲུལ་གཞལ་མེད་ཁང་གི་དཔེ་རིས།
མཛའ་བརྩེ་དང་ཕྱི་ཐག་རིང་བའི་སྙིང་གི་གྲོགས་པོ་གྲོགས་མོ་རྣམ་པར་ཞུ་རྒྱུ། ཁྱེད་ཚོ་ལ་རང་ཉིད་ཀྱི་བརྩམ་ཆོས་སྣ་ཚོགས་དང་། གླུ་དབྱངས། རྡུང་ལེན། ཚོང་འཕྲིན། མཚར་གཏམ། ལྷ་སྒྲུང་། འདྲེ་སྒྲུང་སོགས་གང་ཡིན་འགོད་རྒྱུ་ཡིན་པས་ཀུན་གྱི་ཐུགས་ཡིད་དང་མཐུན་པར་སྨོན། སྐུ་ཉིད་ལ་མོས་པ་ཡོད་ན་འཕྲིན་སྟེགས་འདིས་ནམ་ཡང་ཁྱེད་ལ་བསྒུགས་ཡོད། མ་ཟད་འཕྲིན་སྟེགས་ལ་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱས་ཏེ་བརྒྱུད་སྐུར་གང་ལེགས་རེ་བྱས་ཏེ་རྒྱབ་སྐྱོར་གནང་རྒྱུ་མི་བརྗེད་པར་ཞུ། དེ་ལས་གཞན་འཕྲིན་སྟེགས་སུ་མི་སྒེར་དང་ཚོགས་པ་གང་རུང་གི་ཁེ་དབང་ལ་གནོད་པའི་པར་དང་བརྙན་ཡི་གེ་སོགས་གང་ཡོད་ན་ཐད་ཀར་དོ་དམ་པར་འབྲེལ་གཏུགས་གནོངས་དང་གང་མགྱོགས་སྒོས་བསུབ་ངེས་ཡིན་ལགས། བཀྲ་ཤིས་བདེ་ལེགས། བྱ་བ་ལམ་འགྲོ་ཅི་བསམ་དོན་གྲུབ།
1. དབྱིབས་སྒོར་མོའི་དོན་ཏེ།
དཔེར་ན། ཉི་ཟླའི་དཀྱིལ་འཁོར། སའི་དཀྱིལ་འཁོར། དཀྱིལ་འཁོར་ལེགས་པོ་ལྟ་བུ།
2. ཆ་ཤས་ཡོངས་སུ་ཚང་བའི་ཚོགས་པའི་དོན་ཏེ།
དཔེར་ན། ཞལ་རས་ཀྱི་དཀྱིལ་འཁོར། ནམ་ཕྱེད་རྒྱལ་བའི་དཀྱིལ་འཁོར། སྐུའི་དཀྱིལ་འཁོར། གཡུལ་གྱི་དཀྱིལ་འཁོར། རྩོད་པའི་དཀྱིལ་འཁོར། དགའ་སྟོན་དཀྱིལ་འཁོར་ལྟ་བུ།
3. གཟའ་རྣམས་ཉིན་ཚེས་ཁྱིམ་གསུམ་གྱི་ཞག་དང་ཟླ་བ་དང་ལོའི་རྟག་ལོངས་དང་པོ་ནས་བརྩམས་ཏེ་འཁོར་བའི་ཚེ་རང་རང་གི་ཞག་ཟླ་ལོའི་དྷྲུ་ཝའི་ལོངས་སྤྱོད་ནམ་དག་པར་འགྱུར་བ་སྟོན་བྱེད་ཀྱི་འཁོར་ལོ།
4. སྔགས་ཀྱི་དེ་ཉིད་བཅུའི་གྲས་ཤིག་གཙོ་བོ་ལ་འཁོར་གྱི་རོལ་པས་མཛེས་པར་བསྐོར་བ་གཙོ་བོ་རང་བྱུང་གི་ཡེ་ཤེས་ལ་ལམ་འབྲས་བུ་དང་བཅས་པའི་འཁོར་གྱིས་བསྐོར་བའི་ཡི་དམ་ལྷའི་ཕོ་བྲང་གི་བཀོད་པ་ཡིན་ཞིང༌། དེ་ལ་ཞིང་ཁམས་ཀྱང་ཟེར།
དཔེར་ན། ཡི་དམ་གྱི་དཀྱིལ་འཁོར། དཀྱིལ་འཁོར་གྲུ་བཞི་པ་ལྟ་བུ། སྙིང་པོའམ་དབྱིངས་སམ་དཀྱིལ་ལ་བྱ། ཁོ་ར་ཁོར་ཡུག་ཟླུམ་པོའི་མིང་ཡང་མཎྜ་ལ་ཞེས་བྱ་བས་ན་དཀྱིལ་འཁོར་དུ་སྔོན་ཆད་གྲགས་པ་བཞིན་སོ་ན་བཞག་གོ། །