ཞལ་གདམས་བླང་དོར་ལམ་སྟོན། པདྨ་རིག་འཛིན། ༣
མཛད་པ་པོ།
༧ཆོས་རྗེ་འཇིགས་མེད་ཕུན་ཚོགས་འབྱུང་གནས།
ལེན་མཁན།
པདྨ་རིག་འཇིན།
༄༅། །ཞལ་གདམས་བླང་དོར་ལམ་སྟོན།
རྒྱལ་ཀུན་ཡབ་གཅིག་རྒྱལ་སྲས་གཞོན་ནུའི་ཚུལ། །
དྲན་པ་ཡིས་ཀྱང་སྲིད་པའི་མུན་སེལ་བ། །
དམར་སེར་རལ་གྲི་འཆང་བ་གང་དེ་ཡིས། །
ཁྱོད་ལ་ཤེས་པའི་མེ་ཏོག་འཐོར་གྱུར་ཅིག །
དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་ཅིང་། །
ལས་འབྲས་བསླུ་མེད་འཁོར་བའི་སྡུག་བསྔལ་རྣམས། །
ཡང་ཡང་བསམ་ཏེ་སྲིད་པའིཕུན་ཚོགས་ལ། །
ཡིད་སྨོན་མེད་པའི་ངེས་འབྱུང་རྒྱུད་ལ་སྟེན། །
ཆོས་དང་སྲིད་ཀྱི་ཡོན་ཏན་མཐའ་དག་གི །
སྙིང་པོ་མཐར་ཐུག་བསམ་པ་བཟང་པོ་ཡིན། །
འདི་མེད་ཡོན་ཏན་གཞན་ལ་རེ་ཐག་ཆད། །
འདི་ཉིད་ཁོ་ན་ཐུགས་ཀྱི་རྒྱན་དུ་ཆོངས། །
ཤེས་རབ་ཚུལ་ཁྲིམས་མིག་དང་རྐང་པ་འདྲ། །
ཡ་བྲལ་རེ་རེས་མངོན་མཐོ་ངེས་ལེགས་ཀྱི། །
ཉམས་དགའི་གླིང་དུ་བགྲོད་པའི་ཐབས་མེད་པས། །
དུས་ཀུན་འདི་གཉིས་ཟུང་དུ་ཚོགས་པར་མཛོད། །
བྱིས་པའི་དུས་ན་ཕ་མའི་དབང་དུ་གྱུར། །
དར་ལ་བབ་ཚེ་རྗེ་བོའི་དབང་གྱུར་ཅིང་། །
རྒས་པའི་སྐབས་ན་བུ་ཚའི་དབང་གྱུར་པའི། །
བླུན་པོ་རང་དབང་བྲལ་རྣམས་ཤིན་ཏུ་སྡུག །
དེ་ཕྱིར་རྟག་ཏུ་རང་དབང་ཡོད་གྱིས་ལ། །
ནོར་བཟང་རྟག་ཏུ་ངུ་ཡི་རྣམ་ཐར་བཞིན། །
བླ་མ་བསྟེན་དང་གདམས་ངག་འཚོལ་བ་ལ། །
ཞུམ་པ་མེད་པའི་སྙིང་སྟོབས་སྙིང་ལ་སྟེན། །
སྙིགས་མའི་དུས་འདིར་ཚེ་ཐུང་ནང་མང་ཞིང་། །
རྐྱེན་ངན་སྣ་ཚོགས་རླུང་ལྟར་འཚུབས་པས་ན། །
ལུང་རིགས་མཐའ་རྒྱ་ཆོད་པ་དཀའ་མོད་ཀྱང་། །
མན་ངག་སྙིང་པོས་རང་རྒྱུད་འདུལ་བར་མཛོད། །
མདོར་ན་སྤྱོད་ལམ་སྣ་ཚོགས་ཅི་བྱེད་ཀྱང་། །
དྲན་ཤེས་བག་ཡོད་སེམས་ཀྱིས་རྒྱུད་བསྡམས་ནས། །
རང་གི་བཤེས་གཉེན་རང་གིས་མཛད་ནས་ཀྱང་། །
བྱ་བ་ཐམས་ཅད་དོན་དང་ལྡན་པར་མཛོད། །
བློ་གསལ་ཐར་འདོད་བསྟན་འཛིན་རྒྱ་མཚོ་ཡིས། །
འདི་འདྲ་བྲིས་ཞེས་སྐུལ་མ་བྱུང་མོད་ཀྱང་། །
རྒས་པ་གཞོན་ནུས་གར་ཁྲིད་སར་སོང་ན། །
རང་ཉིད་ངལ་ཞིང་གཞན་གྱིས་ཁྲེལ་བའི་རྒྱུ། །
འོན་ཀྱང་གསར་དུ་འགྲོགས་པའི་སློབ་བུ་ཡི། །
བཞེད་པ་བསྐངས་ནས་ཡུན་རིང་འགྲོགས་ཕྱིར་དུ། །
གནས་མཆོག་རི་བོ་རྩེ་ལྔའི་ཞིང་ཁམས་སུ། །
འཆོལ་རྒན་ཁ་ནས་འཆོལ་གཏམ་དེ་སྐད་རྡོལ། །
སྐྱབས་རྗེ་མཁན་ཆེན་པདྨ་དབང་རྒྱལ་ཀྱིས་ཞལ་གསུང་། འཕོ་བ་འཇག་ཟུག་མ།
2019གཞས་གསར། ཁ་བ་དོན་འགྲུབ། རྫ༧མཚམས་སྤྲུལ་རིན་པོ་ཆེ་ལ་བསྔགས་པ།
མཁའ་འགྲོ་མ་ཀུན་བཟང་དབང་མོས་གསུངས། ལས་སྨོན་རྟེན་འབྲེལ།
གསེར་ལས་ལྷག་པའི་ལུགས་ཀྱི་བསླབ་བྱ་འདི་ད་སྐབས་ང་ཚོས་ཉན་རན་རེད།
རྒྱུག་རྟ་ཚོས་སྐྱིད་སྡུག་གི་ལས་དབང་། སྙིང་རྗེ་ལྡན་ན་ལན་གཅིག་ཉོན།
འཕགས་པ་བཀྲ་ཤིས་བརྩེགས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཞུགས་སོ།།
གཏེར་སྲས་རྡོ་རྗེ་དགྲ་འདུལ་གྱི་ཟབ་གཏེར་གུ་རུའི་བཀའ་བསྡུས།
སྔགས་རིག་པ་འཛིན་པ་འཛིན་མ་རྣམས་ལ་གསལ་བཤད་དང་རེ་ཞུ། མཁན་རིག་དར།
མཁན་ཆེན་༧ངག་དབང་དཔལ་བཟང་གིས་རྣམ་ཐར་སྒྲ་ཆ་ཚང་།
གདུང་འབོད་མིག་ཆུའི་ཟེགས་མ། གཞས་པ། རྨ་གླིང་ལྷུན་གྲུབ།
བཟོ་རིག་སྐོར་གྱི་བཀའ་སློབ་སྒྲ་ཆ་ཚང་། མཁན་ཚུལ་ཁྲིམས་བློ་གྲོས།
གནས་བརྟན་སྟོན་པའི་འདས་ལོ་ལ་དཔྱད་པ་སྒྲ་ཆ་ཚང་། བླ་རུང་མཁན་དགེ་དཔལ།
ལྔ་བའི་བ་བཞིས་ལོ་རྒྱུས། ཨ་སྐྱབས་རྒྱལ་སྲས་ཚང་གིས་གསུང་།
མཇལ་བར་དཀའ་བའི་སྨིན་གླིང་གདན་སའི་ནང་རྟེན་བྱིན་ཅན་སོགས།
༄༅།།ཆོས་རྗེ་བླ་མའི་སྐྱེ་ཕྲེང་གསོལ་འདེབས། མཁན་གང་བསམ་ལྷུན་འགྲུབ།
སྙིགས་མའི་དུས་གསོལ་འདེབས་འདི་ལས་མི་ཟློག་པ་རྐྱེན་ངན་གང་ཡང་མེད།
གྲུབ་མཛོད་ལས་བྱུང་བའི་བསྟན་རྩིས་ལ་དཔྱད་པ་སྒྲ་ཆ་ཚང་།
དཔལ་སྤྲུལ་ནམ་མཁའ་འཇིགས་མེད་ཀྱི་ཟབ་གཏེར། ཡེ་ཤེས་ཐིག་ལེ་བཞི་བ།
པད་འབྱུང་ལགས། ཁྱེད་ཉིད་གང་དུ་བཞུད། རྨེ་སྤྲུལ་ཚང་གིས།
ཨོ་རྒྱན་གསོལ་འདེབས་ཐུགས་དམ་གནད་བསྐུལ་འཇིགས་པ་ཀུན་སྐྱོབ་བཞུགས་སོ༔
རྫ་རྒྱལ་མཁན་ཆེན་འབུམ་པ་རིན་པོ་ཆེས་བཀའ་སློབས།
བླ་མ་རྒྱང་འབོད་མགུར། ༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུས་མཛད།
རྫ་༧མཚམས་སྤྲུལ་རིན་པོ་ཆེས་ཞལ་གསུངས་བྱིན་ཅན།
ཟབ་གཏེར་བསྟན་རྒྱས་སྨོན་ལམ་བཞུགས་སོ༔ ཞལ་འདོན་པ་པདྨ་རིག་འཛིན།
མཆོག་སྤྲུལ་ལུང་རྟོགས་རིན་པོ་ཆེས་ཞལ་གསུངས་གནང་བའི་གཡང་འགུཊ་སོགས།
ཕ་བུའི་བརྩེ་དུང་གི་གཏམ་རྒྱུད།རྩོམ་པ་པོ་དང་གྱེར་མཁན།ཚེ་རིང་སྐྱིད།
གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་རྒྱས་ཁྲིད་སྒྲ་ཆ་ཚང་།
གེ་སར་གསོལ་མཆོད་གསོལ་ལོ་རིང་མོ་བཞུགས།
དཀོན་མཆོག་རྗེས་སུ་དྲན་པའི་མདོ།
བློ་སྦྱོང་ཚིག་རྐང་བརྒྱད་མ་སྒྲ་ཆ་ཚང་། མཁན་ཚུལ་ཁྲིམས་བློ་གྲོས།
བདེ་སྨོན་ཆོས་ཁྲིད་པདྨ་རཱ་གའི་ཕྲ་ཚོམ་འཆད་འཁྲིད་སྒྲ་ཆ་ཚང་།
ཡུལ་མི་རྣམས་ལ་གཏམ་དུ་བྱ་བ་སྒྲ་ཆ་ཚང་།
བུ་ཕྲུག་ཚོས་ཕ་མ་ལ་དྲིན་ལོག་མ་བྱེད་རོགས།
སློབ་དཔོན་པདྨ་འབྱུང་གནས་གྱི་རྣམ་ཐར་བཀའ་བསྡུས་ཕྱོགས་སྒྲིག
གཙུག་ལག་ཁང་དུ་ལྷམ་གྱོན་པའི་རྣམ་སྨིན། འདི་ལ་གཟབ་མོ་ཉོན།
རྫ་རྒྱལ་སྒྲ་མཛོད་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།