查看原文
其他

ཧི་མ་ལ་ཡའི་ལྟེ་སྙིང་དོལ་པོ།

迦入 CHARU 2021-09-15

汉语版

可点击图片阅读

喜马拉雅的心脏 ▎多波。


ཤུག་གཅིག་ཁྱོ་མང་། བུད་མེད་ཤུལ་འཛིན་དབང་ཆའི་ལམ་ལུགས། བོན་ཆོས་ལ་དད་པ་བྱེད་མཁན། ཧི་མ་ལ་ཡའི་ལྟེ་སྙིང་དོལ་པོ།




  Eric Valli 摄





དོལ་པོ།


དོལ་པོ་ནི་བལ་བོའི་ནུབ་རྒྱུད་ས་ཁུལ་གྱི་སྟོད་རྒྱུད་ཀྱི་ས་བབ་མཐོ་བའི་བོད་ཀྱི་རིག་གནས་ས་ཁུལ་ཞིག་ཡིན་པ་དང་། བྱང་ངོས་ནི་ཀྲུང་གོའི་བོད་ལྗོངས་མངའ་རིས་ས་ཁུལ་གྱི་ས་མཚམས་དང་འབྲེལ་ནས་བསྡད་ཡོད། ཐག་རིང་ཞིང་ལུང་བའི་ཁུག་ན་གནས་ཡོད་པའི་ས་ཁུལ་དེར་ལྟོས་བཅས་ཀྱི་དྭངས་གཙང་གི་རྣམ་པའི་ཐོག་ནས་གནའ་བོའི་བོད་ཀྱི་རིག་གནས་ཉར་ཚགས་བྱས་ཡོད་པས་ནུབ་ཕྱོགས་པ་རྣམས་ལ་འགོག་ཐབས་བྲལ་བའི་ཡིད་དབང་འཕྲོག་པའི་ནུས་པ་ལྡན་ཡོད། 


དོལ་པོ་ཡང་༡༩༩༩ལོར་ཨོ་སི་ཁའི་མིང་བཏོན་གློག་བརྙན་《ཧི་མ་ལ་ཡ》ཕབ་བསྐྲུན་བྱེད་ས་ཡིན་པ་དང་། ༢༠༠༩ལོར་ཡང་འཇར་མན་གྱི་དངོས་མཚོན་གློག་བརྙན་《དོལ་པོའི་པར་མཛོད》ཕབ་བསྐྲུན་བྱེད་ས་ཡང་ཡིན། 


  གློག་བརྙན་ཧི་མ་ལ་ཡའི་འདྲ་པར། 


འགྲིམ་འགྲུལ། 


དོལ་པོ་ནི་ཡུལ་སྐོར་ལྗོངས་རྒྱུ་བ་ཞིག་ལ་མཚོན་ན་ད་ལྟའང་འགྲོ་དཀའ་བའི་ས་ཁོངས་ཤིག་ཡིན་པ་དང་། ལྐོག་གྱུར་ངང་གནས་པའི་ས་ཆ་འདིར་སླེབས་པ་ནི་ཉེན་ཁ་ཆེ་བའི་བྱ་བ་ཞིག་རེད། དོལ་པོར་ཡང་གནམ་གྲུ་ལ་བསྡད་ནས་འབྱོར་ཐུབ། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་༣༠༠༠ཡོད་པའི་ས་ན་གནམ་གྲུ་ཐང་ཆུང་ཆུང་ཛུ་ཕལ་ཡོད། (Juphal) གནམ་གྲུ་ཐང་གི་སྒྲིག་ཆས་ཧ་ཅང་སྟབས་བདེ་ཞིང་རྒྱུག་ལམ་ཡང་ཧ་ཅང་ཐུང་། གནམ་གྲུ་ལ་འདུག་པའི་བརྒྱུད་རིམ་ནི་ཧ་ཅང་ཉེན་ཁ་ཆེ་བ་ཞིག་རེད། གལ་ཏེ་རི་ཁུག་ཏུ་མར་ལྷུང་མི་འདོད་ན་ངེས་པར་དུ་རྒྱུག་ལམ་གྱི་རིང་ཚད་ལ་བརྟག་དཔྱད་ཡག་པོ་བྱས་ནས་རྒྱལ་ཁའི་ངང་མར་འབབ་པར་མཐུན་རྐྱེན་ཡག་པོ་ཞིག་བསྐྲུན་དགོས།



ལོ་རྒྱུས། 


དུས་རབས་བཅུ་པའི་སྐབས་སུ་དོལ་པོ་ནི་གུ་གེའི་རྒྱལ་རབས་ཀྱི་ཆ་ཤས་ཤིག་ཡིན་མོད། འོན་ཀྱང་ཅང་མ་འགོར་བར་སླར་ཡང་ཁ་གྱེས། དུས་རབས་བཅུ་གསུམ་པའི་ནང་སོག་པོའི་དམག་དཔུང་གིས་བོད་ཀྱི་ས་ཆ་མང་པོ་དབང་དུ་བསྡུ་བའི་སྐབས་སུ། དེ་སྔ་དོལ་པོར་ཡང་སླེབས་པ་དང་དེ་གར་ཡང་དབང་དུ་སྡུས་མྱོང་། སྐབས་དེར་དོལ་པོ་ས་སྐྱ་བའི་དུས་སྐབས་ཀྱི་དབང་སྒྱུར་འོག་ཏུ་ཚུད་ཡོད། དུས་རབས་༡༥པ་ནས་༡༦པའི་བར་གྱི་དུས་ཚོད་ངེས་ཅན་ཞིག་གི་ནང་དུ་དོལ་པོའི་གནས་སྐབས་སུ་རང་བཙན་བྱས་པ་དང་། ༡༧༨༩ལོར་བལ་བོས་དོལ་པོ་ཁྱུར་མིད་དུ་བཏང་།




དད་མོས། 


ཐག་རིང་ཞིང་ལུང་པའི་ཁུག་ན་གནས་ཡོད་པའི་ས་ཁུལ་དེར་ལྟོས་བཅས་ཀྱི་དྭངས་གཙང་གི་བོད་ཀྱི་རིག་གནས་སོར་འཇོག་བྱས་ཡོད་པ་དང་བོད་བརྒྱུད་ནང་བསྟན་གྱིས་ས་ཁུལ་དེར་གཙོ་ཁྲིད་ཀྱི་གོ་གནས་བཟུང་ཡོད་མོད། འོན་ཀྱང་ད་དུང་བོན་པོའི་ཆོས་ལུགས་ཀྱི་རྗེས་ཤུལ་ཡང་མངོན་གསལ་དོད་པོ་ཡོད། བོན་ཆོས་སུ་སངས་རྒྱས་ཆོས་ལུགས་རྒྱ་གར་བྱང་མ་ནས་དར་བའི་སྔོན་གྱི་ཆོས་ལུགས་ཀྱི་སྲོལ་རྒྱུན་སྣ་ཚོགས་ཚུད་ཡོད་པ་དང་སྲོལ་རྒྱུན་དེ་དག་ལ་བྱ་དངོས་ཐམས་ཅད་ལ་རྣམ་དཔྱོད་ཀྱི་རྣམ་པ་ལྡན་པ་མ་ཟད་ནང་བསྟན་གྱི་བསྟན་བཅོས་ནང་གི་བསྟན་དོན་སྣ་ཚོགས་རིམ་བཞིན་མཉམ་འདྲེས་བྱུང་ཡོད།


གནའ་བོའི་ཞང་ཞུང་དང་བོན་ཆོས་ཀྱི་སྲོལ་རྒྱུན་དེ་དོལ་པོ་ས་ཁུལ་དུ་དུས་རབས་འགའ་ལ་རྒྱུན་མཐུད་བྱས་ཡོད་པ་དང་། གནས་དེའི་གནའ་དཔེ་དང་ཆོས་ལུགས་ཀྱི་ཆོ་ག་སོགས་ལྟོས་བཅས་ཀྱིས་ཆ་ཚང་བའི་སྒོ་ནས་ཉར་ཚགས་བྱས་ཡོད། བོན་ཆོས་ཀྱི་དད་ལྡན་པ་རྣམས་ཀྱིས་བླ་མའི་མདུན་ནས་ངག་རྒྱུན་གྱི་བསྟན་དོན་དང་རྒྱུན་འཛིན་དང་ལེན་བྱས་ནས་གནའ་ནས་ད་བར་དུ་མཚམས་ཆད་དུ་བཞག་མ་མྱོང་ལ། དེང་རབས་བོན་ཆོས་ཀྱི་ནང་དོན་མང་པོ་ཞིག་བོད་བརྒྱུད་ནང་བསྟན་དང་འདྲ་མོད། འོན་ཀྱང་བོན་ཆོས་ཀྱིས་སྔར་བཞིན་ནང་བསྟན་ཆོས་ལུགས་སྔོན་གྱི་ཕུན་སུམ་ཚོགས་པའི་རང་བཞིན་སོར་འཇོག་བྱས་ཡོད།



འཚོ་བ། 


འདི་ནི་འཛམ་གླིང་གི་མཐའ་དང་འདྲ་སྟེ་ཧི་མ་ལ་ཡའི་ལྟེ་གནས་ཀྱི་ནམ་མཁའ་དང་ས་གཞིའི་བར་དུ་གཡེང་ཡོད། གཏོར་བརླག་ཐེབས་བཞིན་པའི་དག་ཞིང་ཞིག་རེག་མི་ཐུབ་པའི་རི་ཚོགས་ཀྱིས་སྲུང་སྐྱོབ་བྱེད་བཞིན་ཡོད། ཕལ་ཆེར་བརྗེད་ཟིན་པའི་རི་ལུང་འདི་དག་ནས་ལྗོན་ཤིང་སྐྱེས་པ་མཐོང་མི་ཐུབ་ལ། ཉམས་ཞན་གྱི་ལྗོན་ཤིང་ཁ་ཤས་མ་གཏོགས་རི་མགོ་ནས་མཐོང་རྒྱུ་མི་འདུག དོལ་པོ་ཕལ་ཆེར་རི་ལུང་བཞི་རུ་དབྱེ་ཆོག མདོ་རྟ་རབ། Dho (Tarap Valley), ས་འདང་། Saldang (ནང་ཁོངས། Nangkhong Valley མི་གྲངས་ཧ་ཅང་མང་། ), སྟིང་ཀྱུ། Tinje (བན་ཚང་། Panzang Valley) དང་ཚྭ་དགའ། (Chharka Valley)



དོལ་པོ་ས་ཁུལ་གྱི་གྲོང་མི་ཞིང་པ་དང་འབྲོག་པ་གཙོ་བོར་བྱས་ཏེ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་༣༨༠༠ནས་༤༡༨༠ཡས་མས་ཀྱི་ས་ཆར་རྨོ་འདེབས་བྱས་ཆོག་ཀྱང་རྟག་ཏུ་ཞིང་ནང་དུ་ཆུ་འདྲེན་དགོས་ཀྱི་ཡོད། མི་འབོར་ནི་གྲོང་ཚོ་དང་རྒྱ་མཚོའི་ངོས་ལས་ས་བབ་ཅུང་མཐོ་བའི་ (སྨི་༤༠༠༠་ནས་༥༠༠༠བར་) དབྱར་དུས་ཀྱི་འབྲོག་རའི་བར་དུ་གནས་སྤོ་བྱེད་ཀྱི་ཡོད། དོལ་པོ་གྲོང་ཚོའི་སྲོལ་རྒྱུན་གྱི་བོད་བཟོའི་ཁང་པ་དང་སྟེང་ངོས་སྙོམས་པའི་རྡོ་གཡམ་གྱི་ཁང་པ་དེ་དག་གི་འཇིག་རྟེན་གཞན་ཞིག་ཏུ་ཁྲིད་ནས་ཡོང་བ་དང་འདྲ།


མེས་པོ་གོང་མ་རྣམས་ནས་བཟུང་དོལ་པོའི་འཚོ་ནི་ཉེ་འཁོར་གྱི་བོད་ལྗོངས་དང་འབྲེལ་འདྲིས་དམ་ཟབ་ཡོད་པ་སྟེ། ཁོ་ཚོས་བོད་ལྗོངས་ནས་མཚོ་ངོས་ལས་མཐོ་བའི་མཚེའུ་ལས་ཚྭ་ལེན་པ་དང་། རང་ཁྱིམ་གྱི་ལོ་ཏོག་གི་འབྲུ་རིགས་མཁོ་འདོན་བྱས་ནས་བརྗེ་རེས་ཀྱང་བྱེད་བཞིན་ཡོད། དོལ་པོ་ཡི་དཔལ་འབྱོར་རྨང་གཞི་ནི་བལ་བོ་དང་བོད་ལྗོངས་དབར་གྱི་བཟའ་ཚྭའི་ཉོ་ཚོང་ཡིན། མི་རྣམས་ཀྱིས་འབྲི་གཡག་འཁོར་རིགས་ལ་བརྟེན་ནས་དབྱར་དུས་སུ་འབྲུ་རིགས་བོད་དུ་དབོར་བ་དང་དེ་རྗེས་ཚྭ་འཁྱེར་ནས་བལ་བོའི་ས་ཁུལ་དུ་ཕྱིར་ལོག་ནས་ཉོ་ཚོང་བྱེད་ཀྱི་ཡོད། དགུན་དུས་སུ་ཚྭ་དེ་འབྲུ་རིགས་ལ་བརྗེ་ཐུབ་པ་དང་། མི་རྣམས་ཀྱིས་ལུག་དང་ར་མ། རྟ་བཅས་ལ་བརྟེན་ནས་ཚྭ་ལྷོ་རྒྱུད་དུ་དབོར་ཏེ་འབྲས་དང་མ་རྨོས་ལོ་ཏོག་ལ་སོགས་པར་བརྗེ་བཞིན་ཡོད།





མིའི་རིགས་རིག་པ་བའི་སྨྱུག་འོག་གི་དོལ་པོ། 


སློབ་གསོ། 


མིའི་རིགས་རིག་པ་བ་Natalia Maksymowiczབཤད་པ་ལྟར་ན། དོལ་པོ་ཡང་བལ་བོའི་ས་ཁམས་ཐོག་གི་ཐག་རིང་ལུང་ཁུག་དང་དཔལ་འབྱོར་ཐད་རྗེས་ལུས་ཐེབས་ཤོས། མི་འབོར་ཉུང་ཤོས་བཅས་ཀྱི་ས་ཁུལ་གྲས་ཤིག་རེད། ནུབ་ཕྱོགས་ཀྱི་NGO(ཁེ་སྤོགས་མ་ཡིན་པའི་རྩ་འཛུགས)དང་ས་གནས་དེ་གའི་སྡེ་ཁུལ་གྱི་ཐུན་མོང་འབད་བརྩོན་འོག དོལ་པོའི་ས་གནས་དེ་གར་གཞི་ནས་སློབ་གྲྭ་ཁ་ཤས་བསྐྲུན་པ་རེད། སློབ་གྲྭའི་གཞི་རྩའི་འདུ་ཤེས་ནི་དེང་རབས་སློབ་གསོ་དང་ས་གནས་རིག་གནས་ཟུང་འབྲེལ་བྱ་རྒྱུ་དེ་ཡིན་ལ་ས་གནས་དེ་གའི་མི་མང་པོས་དོ་དམ་བྱས་ནས་ས་གནས་དེ་གའི་སྲོལ་རྒྱུན་དང་གོམས་སྲོལ་ལ་བརྩི་འཇོག་གང་ལེགས་བྱས་ཡོད། དེའི་དམིགས་ཡུལ་གཙོ་བོ་ནི་ས་གནས་དེ་གའི་བྱིས་པར་སློབ་གསོ་མྱོང་བའི་གོ་སྐབས་མཁོ་འདོན་བྱས་ནས་ས་གནས་དེ་གའི་སྡེ་ཁུལ་གྱི་འཚོ་བའི་སྤུས་ཚད་དང་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་ཆེད་ཡིན།



འོན་ཀྱང་སྔར་བཞིན་ས་གནས་དེ་གའི་ཕ་མས་རང་མོས་ངང་ཕྲུ་གུ་སློབ་གྲྭར་སྐྱེལ་མི་ཐུབ་པ་དེ་ནི་དབུལ་ཕོངས་དང་ལམ་ཐག་རིང་བ་མ་ཟད། ད་དུང་རི་ཁུག་བར་གྱི་འགལ་ཟླ་སོགས་ཀྱི་རྒྱུ་རྐྱེན་འདི་དག་གིས་མི་རབས་རྗེས་མའི་དོལ་པོའི་མིས་སློབ་གསོ་མྱོང་བ་དང་ཕྱི་རོལ་འཇིག་རྟེན་དང་འབྲེལ་བ་བྱེད་པའི་གོ་སྐབས་ལ་འགོག་རྐྱེན་བཟོ་བཞིན་ཡོད། དོལ་པོའི་རི་ལུང་ནི་ཚོ་པ་ཆུང་ཆུང་རེ་དང་མཚུངས། རི་ཁུག་ཅིག་ནི་ཚོ་བ་ཞིག་ཡིན་པ་དང་རི་ཁུག་རྗེས་མ་ནི་ཚོ་བ་གཞན་ཞིག་ཡིན་པས་ཚོ་བ་མི་འདྲ་བའི་བར་ལ་རྟག་ཏུ་འགལ་བ་ཡོད།


གནད་དོན་འདི་དག་གི་དབང་གིས་བྱིས་པ་རྣམས་ཐག་རིང་གི་ཀ་ཏ་མན་རྡུར་བསྐྱལ་ནས་སློབ་གསོ་མྱོང་དུ་འཇུག་བཞིན་ཡོད།

སྤྱིར་བཏང་གནས་ཚུལ་འདི་འདྲ་ཞིག་གི་འོག་དུ་ཁྱིམ་ཚང་རེ་རེའི་ཕྲུ་གུ་གཅིག་མ་གཏོགས་སློབ་གྲྭར་འགྲོ་གི་མེད་པ་དང་བུ་ཆེ་བས་ཁྱིམ་ལས་གཉེར་བ་དང་བུ་འབྲིང་བ་རྒྱུན་དུ་གྲྭ་པ་བྱེད་ཀྱི་ཡོད། བུ་ཆུང་བའི་སློབ་གསོ་དང་ལེན་བྱེད་ཐུབ་ཀྱི་ཡོད། 




ཤུག་གཅིག་ཁྱོ་མང་ལམ་ལུགས། 


མིའི་རིགས་རིག་པའི་མཁས་པ་Natalia Maksymowicཡིས་ བཤད་རྒྱུར་དོལ་པོ་སྤྱི་ཚོགས་ཁྲོད་དུ་སྔོན་ཆད་དང་འདྲ་བར་གཉེན་སྒྲིག་ལམ་ལུགས་ནི་རྒྱུན་པར་སྤུན་ཟླའི་བར་གྱི་ཤུག་གཅིག་ཁྱོ་མང་ལམ་ལུགས་ཡིན་པ་དང་གནས་ཚུལ་དེ་རིགས་བོད་རིགས་སྡེ་ཁུལ་དང་དེ་བཞིན་དུ་སྲོལ་རྒྱུན་གྱི་ཧི་མ་ལ་ཡའི་སྤྱི་ཚོགས་ཁྲོད་གནས་ཡོད།


དོལ་པོའི་བུད་མེད་མང་པོ་ཞིག་རྒྱུན་དུ་སྤུན་ཟླ་ཚང་མ་དང་གཉེན་སྒྲིག་བྱས་ནས་ཁྱིམ་རྒྱུད་ཀྱི་ཚད་ཡོད་པའི་ས་ཞིང་བགོ་བཤའ་མི་རྒྱག་པ་རྒྱུན་འཁྱོངས་བྱེད་པའི་རྒྱུ་མཚན་ནི་ཞིང་ལས་ཀྱི་རྨོ་འདེབས་རྒྱ་ཁྱོན་ཧ་ཅང་ཆུང་བའི་རྐྱེན་གྱིས་རེད།



དོལ་པོ་མིས་ཆུང་མ་གཅིག་ལ་ཁྱོ་ག་མང་བའི་ལམ་ལུགས་ཧ་ཅང་བཀོལ་སྤྱོད་ཆེ་བས་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད། འདི་ལྟ་བུའི་གཉེན་སྒྲིག་གིས་ཁྱིམ་ཚང་གི་དཔལ་འབྱོར་རྨང་གཞི་རྒྱ་བསྐྱེད་ཐུབ། དཔེར་ན། ཁྱོ་ག་ཞིག་གིས་ཞིང་ལས་གཉེར་བ་དང་ཁྱོ་ག་གཞན་ཞིག་གིས་ཉོ་ཚོང་བྱེད་པ། ཉོ་ཚོང་བྱེད་བཞིན་པའི་ཁྱོ་ག་ཐེངས་གཅིག་ལ་ཁྱིམ་དང་ཁ་བྲལ་ན་གཟའ་འཁོར་འགའ་ཤས་སམ་ཐ་ན་ཟླ་འགའ་ཤས་དགོས། སྤྱིར་བཏང་དུ་དོན་དངོས་ཐོག་ཕྱི་རོལ་ན་བསྡད་ཡོད་པའི་ཁྱོ་ག་ནི་ཕུ་བོ་ཡིན།



ལམ་ལུགས་འདིས་བྱིས་པ་ཚོར་སྲུང་སྐྱོབ་གང་ལེགས་བྱས་ཡོད། ནུ་བོར་ཆུང་མར་མངལ་ཆགས་པའི་གོ་སྐབས་ཡོད་མོད། འོན་ཀྱང་ལོ་ན་རྒན་པའི་ཁྱོ་གས་ཐོག་མཐའ་བར་གསུམ་དུ་སྔོན་ཐོབ་དབང་ཆ་རྒྱུན་འཁྱོངས་བྱེད་བཞིན་ཡོད། ཁྱིམ་ཚང་འདིའི་ནང་དུ་བྱིས་པ་ཚོས་ཨ་མའི་སྤུན་ཟླའི་ས་ནས་ཤུལ་འཛིན་དབང་ཆ་ཐོབ་གི་ཡོད། མིའི་རིགས་རིག་པའི་མཁས་པ་Melvyn C. Goldsteinཡིས་ངོ་སྤྲོད་བྱས་པ་ལྟར་ན། སྤུན་ཟླའི་བར་གྱི་ཤུག་གཅིག་ཁྱོ་མང་ལམ་ལུགས་ཀྱིས་དཔལ་འབྱོར་ཁེ་ཕན་ཐོབ་པའི་དབང་གིས་དེ་ནི་དེ་སྔ་བོད་ཁུལ་གྱི་རོང་ཁུལ་དུ་དར་ཁྱབ་ཆེ་བའི་གཉེན་སྒྲིག་གི་རྣམ་པ་ཞིག་རེད།


སྤྱི་ཚོགས་ཀྱི་དཔལ་འབྱོར་ཁོར་ཡུག་གཞན་དག་གི་འོག་ས་ཞིང་བགོ་བཤའ་མི་རྒྱག་པའི་དགོས་པ་མེད་པའི་སྐབས་སུ་ཆུང་མ་གཅིག་ལ་ཁྱོ་ག་མང་བའི་ལམ་ལུགས་རིམ་བཞིན་མེད་པར་འགྱུར་སྲིད། དེའི་ཚབ་བྱེད་པ་ནི་ཁྱོ་གཅིག་ཤུག་གཅིག་ལམ་ལུགས་ཡིན། བུད་མེད་ཅིག་སྤུན་ཟླ་ཁ་ཤས་དང་གཉེན་སྒྲིག་བྱེད་སྐབས་གལ་ཏེ་འགལ་བ་བྱུང་ན་ཁོ་ཚོའི་བར་དུ་ཐག་གཅོད་བྱེད་ངེས་ཡིན་ཞིང་། སྤུན་ཟླ་ཡིན་པའི་རྐྱེན་གྱིས་ཕན་ཚུན་འཐབ་རྩོད་བྱེད་མི་སྲིད་པས་ཁོ་ཚོས་ངེས་པར་དུ་བྱེད་ཐབས་ངེས་ཅན་ཞིག་ལ་བརྟེན་ནས་རང་ཉིད་ཀྱིས་གནས་ཚུལ་དེ་རིགས་ཐག་གཅོད་བྱ་དགོས། དོལ་པོའི་སྲོལ་རྒྱུན་གྱི་འཚོ་བར་འགྱུར་ལྡོག་འབྱུང་བཞིན་ཡོད་པ་དང་བསྟུན་ནས་མི་རྣམས་ཀྱིས་བདམས་པའི་རང་དབང་གི་ཚད་ཀྱང་ཇེ་ཆེར་འགྲོ་བཞིན་ཡོད།


བུད་མེད་ཤུལ་འཛིན་དབང་ཆའི་མ་རྒྱུད་ལམ་ལུགས།


དོལ་པོ་ནི་མ་རྒྱུད་སྤྱི་ཚོགས་ཀྱི་ས་ཁུལ་ཞིག་ཡིན། བུད་མེད་ཀྱིས་ས་ཞིང་སྟེང་དུ་བྱ་བ་སྒྲུབ་བཞིན་ཡོད། ཁོ་མོ་ཚོར་ས་ཞིང་དང་ཁང་བ་ཡོད། དེར་བརྟེན་གལ་ཏེ་ཁྱིམ་ཚང་ཞིག་ལ་བུ་མོ་དང་བུ་ཡོད་ན། ས་ཞིང་ནི་བུ་མོ་ལ་མ་གཏོགས་བུ་ལ་མི་དབང་བ་ཡིན། བུ་ལ་ངེས་པར་དུ་ས་ཞིང་དབང་བའི་བུད་མེད་ཅིག་བཙལ་དགོས། བུད་མེད་རྣམས་སྐྱ་རེངས་ནས་ས་སྲོས་བར་དུ་ལས་ཀ་བྱེད་བཞིན་ཡོད། འོན་ཀྱང་ཁོ་མོ་ཚོར་བལྟས་ན་དཀའ་ལས་ཁག་པོ་མི་འདུག་བསམ། གཅིག་བྱས་ན་ཁོ་མོ་ཚོས་མཉམ་དུ་ལས་ཀ་བྱེད་པའི་རྐྱེན་གྱིས་རེད། ཁོ་མོ་ཚོས་ལས་ཀ་ལས་ཞོར་དུ་གླུ་ལེན་པ་དང་ཁ་བརྡ་བྱེད་པ། ཁ་མཚར་རྩེ་བ་སོགས་བྱེད་ཀྱིན་ཡོད།



ས་སྲོས་ཀྱི་རྗེས་སུ། དོལ་པོའི་མི་རྣམས་ཀྱིས་སྡོད་ཁང་དུ་གཞིས་ཀྱི་འཚོ་བ་རོལ་ཞིང་། ཚང་མས་ས་གདན་བཏིང་བའི་ཤིང་གི་པང་གཅལ་ཐོག་བཙོག་སྟེ་མེ་ཐབ་ཀྱི་མཐའ་བསྐོར་ནས་བསྡད། ཁྱིམ་ཚང་མང་ཆེ་བར་གློག་ཤུགས་མཁོ་འདོན་བྱེད་རྒྱུ་མེད་པས་ཁོང་ཚོས་ཉི་ནུས་གློག་རྫས་ལས་ཐོབ་པའི་ནུས་རྒྱུ་དེ་དུས་ཚོད་ཐུང་ངུའི་ནང་བེད་སྤྱོད་གཏོང་རྒྱུ་ལས་འདང་གི་མེད། དེར་བརྟེན། ཁོ་ཚོས་དུས་རྒྱུན་དུ་མཚན་འཁྱོངས་མི་བྱེད་པར་ཟ་མ་ཟོས་ཚར་རྗེས་ཅང་མ་འགོར་བར་ཁང་པ་གཞན་པར་འགྲོ་བའམ་ཡང་ན་ཐབ་ཀ་བསྐོར་ནས་གཉིད་འགྲོ། 


དོལ་པོ་བུད་མེད་ཀྱི་ལས་འགན་གལ་ཆེན་ཞིག་ནི་ཁྱིམ་མི་ཡོངས་ལ་ཟ་མ་གྲ་སྒྲིག་བྱེད་རྒྱུ་དེ་ཡིན། བུད་མེད་རྣམས་ཉིན་ལྟར་དུས་ཚོད་མང་ཆེ་བར་ཐབ་ཚང་ནང་སྡོད་ཀྱི་ཡོད་ཅིང་། རྒྱུན་པར་གཡོས་ཚོད་སྟབས་བདེ་ཞིག་གྲ་སྒྲིག་བྱེད་པར་ཆུ་ཚོད་གཉིས་ཙམ་འགོར་གྱི་ཡོད། ནུབ་ཇ་འཐུང་དུས། མི་གྲངས་ཁྲི་ཚོ་གསུམ་གྱི་ནང་ནས་མི་མང་ཆེ་བས་དེ་དང་འདྲ་བའི་གཡོས་ཚོད་གཅིག་པ་ཟ་བཞིན་ཡོད། བཙོས་ནས་འཚོས་པའི་འབྲས་ཐུག་ལ་སུར་པན་བཏགས་པའི་ཕྱེ་དང་སྲན་མ་ལས་བཟོས་པའི་ཧ་ཅང་ཚ་བའི་འདག་གུ་བཏབ་ནས་ཟ། དོལ་པོའི་ཉིན་གཅིག་གི་འཚོ་བ་འདི་ལྟར་ཁྱིམ་མི་རྣམས་ལྷན་འཛོམས་བྱས་ནས་མཇུག་རྫོགས་སོང་།



འོས་སྦྱོར། ཧྥ་རན་སིའི་དོལ་པོའི་དངོས་མཚོན་གློག་བརྙན། 


དངོས་མཚོན་གློག་བརྙན། 《དོལ་པོ། རི་ལུང་གི་བྱིས་པ། 》



དོལ་པོ་བ་རང་ཉིད་ཀྱི་མིག་ནང་གི་དོལ་པོ། 


དོལ་པོ་མི་ཁ་ཤས་ཆུང་དུས་ནས་ཕ་ཡུལ་ནས་དང་ཁ་བྲལ་ཏེ་ཀ་ཏ་མན་རྡུ་དང་རྒྱ་གར་དུ་སློབ་སྦྱོང་དང་འཚོ་བ་སྐྱེལ་བར་སོང་ནས་ཕྱི་རོལ་འཇིག་རྟེན་གྱི་དེང་རབས་ཅན་ལ་ཉམས་ལེན་བྱས། ཡུལ་འཁྱར་བའི་མི་མང་པོ་ཞིག་ལ་མཚོན་ནས་བཤད་ན། ཁོ་ཚོའི་རྣམ་ཤེས་སྔར་བཞིན་དོལ་པོ་དུ་གནས་ཡོད། ཧྥ་རན་སིའི་དངོས་མཚོན་གློག་བརྙན་《དོལ་པོ། རི་ལུང་གི་བྱིས་པ》་ཞེས་པའི་ནང་ལས་རིགས་མི་འདྲ་བའི་མི་མང་པོའི་འཚོ་བ་སྐྱེལ་སྟངས་ཟིན་ཐོར་བཀོད་ཡོད། གློག་བརྙན་ནང་གི་བུད་མེད་མང་པོ་ཞིག་གིས་འདི་ལྟར་ཁོ་ཚོའི་འཚོ་བ་ཞིབ་བརྗོད་བྱས།


 “དུས་རྒྱུན་ཞོགས་པ་ང་ཚོས་ར་དང་ལུག་གི་འོ་མ་བསྡུ་བཞིན་ཡོད།

ང་ཚོར་འོ་མ་མང་པོ་ཡོད་དུས་ང་ཚོ་ཧ་ཅང་དགའ་པོ་བྱུང་།

ང་ཚོས་མར་དང་ཞོ་ལས།

དགོང་མོ་ང་ཚོས་ཁྱིམ་མཚེས་དང་མཉམ་སྤྱོད་བྱས།

ཞིང་ལས་མང་པོ་བྱེད་དགོས་པའི་སྐབས་སུ་ང་ཚོས་ཕན་ཚུན་ལ་རོགས་རམ་བྱེད་དགོས།

མཉམ་དུ་ལོངས་སུ་སྤྱོད། འདི་ནི་ཇ་འཐུང་ནས་ཁ་བརྡ་བྱེད་པའི་དུས་ཚོད་ཡག་པོ་ཞིག་རེད།

ང་ཚོས་རྒྱུན་དུ་མཉམ་དུ་འཛོམས་པས་ཧ་ཅང་སྐྱིད་པོ་བྱུང་།” 


དོལ་པོའི་དངོས་མཚོན་གློག་བརྙན།《དོལ་པོ། རི་ལུང་གི་བྱིས་པ། 》


 “ང་ཚོ་མཐོང་མ་ཐག་ཏུ་ང་ཚོ་ཧ་ཅང་བཙོག་པར་འདོད་ངེས།

འོན་ཀྱང་ང་ཚོའི་ནང་སེམས་ནི་དྭངས་གཙང་ཡིན་ལ། རྣམ་ཤེས་ནི་ཡང་ཞིང་བདེ་ལྕགས་འཁྱུག་པོ་ཞིག་ཡིན།     

མི་ལ་ལར་སྒོར་མོ་དང་དངོས་པོ་མང་པོ་ཡོད། འོན་ཀྱང་ངས་སྐད་ཆ་དྲང་མོར་བཤད་ན་ང་རང་འདི་ནས་འདུག་འདོད།

ང་ཚོའི་ས་ཞིང་ཧ་ཅང་རྩ་ཆེན་ཡིན། གལ་ཏེ་ཁྱོད་ཀྱིས་ཧུར་བརྩོན་གྱིས་ཞིང་ལས་བྱས་ན་དེས་ཁྱོད་ལ་དྲིན་ལན་འཇལ་ངེས་ཡིན།

གལ་ཏེ་ཁྱོད་ལ་ས་ཆ་ཆུང་ཆུང་ཞིག་ཡོད་པར་མ་ཟད། སེམས་ཞིབ་མོས་དེ་ལ་བདག་སྐྱོང་བྱས་ན་རང་ལ་མཁོ་བའི་ཟས་རིགས་ཚང་མ་ཐོབ་ངེས། 

ས་ཞིང་ནི་མི་རབས་ནས་མི་རབས་བར་བརྒྱུད་སྤྲོད་བྱས་པ་ཡིན་པས་ཁྱོད་ལ་ནམ་ཡང་དེ་དབང་།” 




དོལ་པོའི་རི་མ་བ་བསྟན་འཛིན་ནོར་བུ། 


དོལ་པོའི་རི་མ་བ་གྲགས་ཅན། གློག་བརྙན་《ཧི་མ་ལ་ཡ》མ་དཔེ་བཟོ་མཁན་བསྟན་འཛིན་ནོར་བུས་བཤད་རྒྱུར་“ངས་རི་མོ་འབྲི་སྐབས་ངའི་རྣམ་ཤེས་དོལ་པོ་བ་མང་པོ་དང་བསྟུན་ནས་འགྲོ་བ་དང་དོལ་པོའི་མི་ཚང་མ་འགུལ་རྣམ་ཁྲོད་གནས་ཡོད། དོལ་པོ་ན་ཡོད་དུས་རླུང་ཆེན་གཡུག་པའི་སྐབས་སུ། སྐྲ་ལོ་རླུང་གིས་གཡུག་སྲིད་པས་འགུལ་ཚུལ་འདི་དག་ལ་དགའ། ང་རི་མོ་འབྲི་བར་དགའ། འདི་ལྟར་བྱས་ན་ངའི་ཕ་ཡུལ་དང་ཕ་ཡུལ་གྱི་རིག་གནས་དྲན་ཐུབ། ང་ཀ་ཏ་མན་རྡུར་བསྡད་པ་ཡིན། འོན་ཀྱང་ངའི་རྣམ་ཤེས་དོལ་པོ་ན་ཡུལ་སྐོར་བྱེད་བཞིན་ཡོད།




དོལ་པོའི་རི་མ་བ་གྲགས་ཅན་བསྟན་འཛིན་ནོར་བུའི་སྨྱུག་འོག་གི་དོལ་པོའི་འཚོ་བ།  


 “ང་ཚོར་ཧ་ཅང་མཛེས་པའི་རིག་གནས་ཡོད། འོན་ཀྱང་འདིའི་མི་མང་པོ་ཞིག་གིས་ཤེས་མེད། ཁོ་ཚོ་ཀ་ཏ་མན་རྡུའི་འཚོ་བར་དགའ་བས་ང་ཚོའི་རིག་གནས་ལ་རྒྱུས་ལོན་མི་བྱེད། ངའི་དོལ་པོའི་སྲོལ་རྒྱུན་ཉམས་མེད་དུ་འགྲོ་བར་སྐྲག ”



ང་ཚོས་ཨིན་དའི་མིས་གཏམ་དཔེ་སྐད་གྲགས་ཅན་དེ་དྲན་བྱུང་། 

སོང་བ་ཧ་ཅང་མགྱོགས།

མ་བརྗེད་པར་གྱིས།

ཁྱོད་ཀྱི་རྣམ་ཤེས་ལ་སྒུག་དང་།




千年灵鹿吊坠

点击图片可进入小程序了解


深受欢迎的设计师双色牦牛绒围巾

点击图片可进入小程序了解




往期文章

可点击图片阅读


གནའ་དེང་དབྱངས་རྟ་འཚོལ་བའི་རྒྱང་བཞུད་པ།

མེས་པོའི་དབྱངས། | 布达拉最后的宫廷嘎尔珠—扎西次仁。

ཧྥ་རན་སིའི་དཔེ་སྐྲུན་བྱས་པའི་ཧི་མ་ལ་ཡའི་གཏམ་རྒྱུད་ཀྱི་སྒྲུང་དཔེ།

འབྲི་ནག་འོ་མ་དང་ཨ་རིའི་འོ་མ་མཉམ་བསྡུར་བྱེད་པ།




为我们讲述您的故事,您与藏地的故事

加入迦入,微信号:charuspace

编辑:雨航员 

翻译:普桑加  刘时

参考文献:

Natalia Maksymowicz《Education, Tradition and Western NGOs in Dolpo》

纪录片《Dolpo, les enfants de la montagne》

http://www.adilgo.com/dolpo_acdolpo.htm

文章图片版权归作者所有 请勿随意转载 后果自负

合作及投稿邮箱:charuspace@163.com


: . Video Mini Program Like ,轻点两下取消赞 Wow ,轻点两下取消在看

您可能也对以下帖子感兴趣

文章有问题?点此查看未经处理的缓存