查看原文
其他

【教义阐释】“拓然巴”日巴对“扶贫济苦 善愿同行”的观点

罗桑 中国藏语系高级佛学院 2022-05-02

↑↑↑

“拓然巴”日巴发言精彩回顾



༄༅།།བོད་བརྒྱུད་ནང་བསྟན་ལས་སྦྱིན་པའི་ཉམས་ལེན་གྱིས་དབུལ་སེལ་རྒུད་སྐྱོབ་ཀྱི་ལག་ལེན་ཁྲོད་ཇི་ལྟར་མཉམ་ཞུགས་བྱེད་དགོས་པའི་སྐོར།


རིག་དཔལ།

ཐོག་མར་གླེང་སློང་བ།

དོན་དང་མཐུན་པའི་བོད་བརྒྱུད་ནང་བསྟན་གྱི་སྦྱིན་པ་ནི་ཆོས་དང་འཇིག་རྟེན་གང་གི་ཐད་ནས་ཀྱང་དྲིན་གྱིས་བསྐྱང་བའི་དྲིན་ཅན་ལ་དྲིན་ངོ་ཤེས་དགོས་པར་མ་ཟད་དྲིན་ལ་དྲིན་ལན་ཡོད་དགོས་པ་ནི་ཆེས་ཤིན་ཏུ་གལ་ཆེ་བ་ཞིག་ཡིན། དེ་ཡང་དམིགས་བསལ་དྲིན་ཅན་ལ་དྲིན་དུ་བཟོ་ཚུལ་ནི། དམ་པའི་ཆོས་ཕྱོགས་ནས་བཤད་ན། རིས་སུ་མ་ཆད་པར་སྐྱེ་འགྲོ་སེམས་ཅན་ཀུན་རང་ལ་དྲིན་ཅན་མ་ཡིན་པ་གཅིག་ཀྱང་མེད་པ་དང་། དྲིན་ཅན་དེ་དག་ལ་དྲིན་དུ་གཟོ་བའམ་དེ་དག་ཐར་བའི་བདེ་བ་ལ་འགོད་པའི་ཕྱིར་དུ། རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་ཐེག་པ་ཆེན་པོའི་སེམས་བསྐྱེད་སོགས་སྒོ་དུ་མ་ཞིག་གིས་སྒོ་ནས་ཕན་པར་མཛད་པ་དེའོ། །

འཇིག་རྟེན་མི་ཆོས་ཀྱི་ངོས་ནས་ཀྱང་སྐྱེ་བོ་མང་དག་ཅིག་གིས་རྒྱལ་ཁབ་དང་མི་རིགས་ཡུལ་ལུང་སོགས་དང་། དེ་བཞིན་ཕ་མ་སྤུན་མཆེད་སོགས་ཀྱི་ཆེད་དུ་ལས་ལ་བརྩོན་པ་དང་། འགའ་ཞིག་རང་ཉིད་བློས་བཏང་གིས་དེ་དང་དེའི་དྲིན་དུ་གཟོ་བའི་ཆེད་དུ་དཀའ་ངལ་ཁྱད་བསད་བྱེད་པ་ཡང་མངོན་སུམ་གྱི་ཡུལ་དུ་གྱུར་པ་དེའོ། །སྐབས་འདིར་དམིགས་ཀྱིས་བཤད་པར་བྱ་བ་ནི། ནང་བསྟན་ཆོས་གཞུང་ནས་གཏན་ལ་ཕབས་པའི་དབུལ་སེལ་རྒུད་སྐྱོབ་དང་འབྲེལ་ཞིང་འཇིག་རྟེན་ཆོས་བརྒྱད་དང་མ་འདྲེས་པའི་ཉམས་ལེན་གྱི་ཐབས་ལམ་འདིའོ། །དེས་ན་འུ་ཅག་ཚང་མས་བྱ་བ་གང་ཞིག་སྒྲུབ་ཀྱང་ཆོས་བརྒྱད་དང་མ་འདྲེས་པའི་ལམ་ཁ་འདི་ལ་ཞུགས་ཐུབ་ཚེ་དམ་པའི་ལྷ་ཆོས་འཇིག་རྟེན་མི་ཆོས། དེ་བཞིན་རྒྱལ་ཁབ་ཀྱི་ཁྲིམས་དང་། ཡུལ་ལུང་དགོན་སྡེ་སོགས་ཀྱི་སྲོལ་རྒྱུན་བཅས་ལ་མི་འགལ་བའི་བླ་ན་མེད་པའི་མཛད་བཟང་ཞིག་གོ །དེས་ན་འཇིག་རྟེན་ཆོས་བརྒྱད་ཟུར་ཙམ་ངོས་འཛིན་པ་དང་།  དེའི་ཉེས་དམིགས་བཤད་པའི་སྒོ་ནས་འཇིག་རྟེན་ཆོས་བརྒྱད་དང་མ་འདྲེས་པའི་དབུལ་སེལ་རྒུད་སྐྱོབ་ཀྱི་ཐབས་ལམ་དེ་ཕུལ་བྱུང་བདེ་བའི་ལམ་དུ་འགྲོད་པའི་ཚུལ་ཅུང་ཙམ་བཤད་པར་བྱའོ། །

ཆོས་བརྒྱད་ངོས་འཛིན་པ།

དེས་ན་སྤྱིར་འགྲོ་བ་གང་ཞིག་ཡིན་ཡང་རྙེད་པ། བདེ་བ། སྙན་པ། བསྟོད་པ་སོགས་ཡོད་ན་དགའ་ཞིང་ལྡོག་ཕྱོགས་ལ་མི་དགའ་མོད། དམ་པའི་ཆོས་ཀྱི་ངོས་ནས་བཤད་ན་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དོན་གཉེར་གྱི་ཆོས་ཚུལ་བཞིན་དུ་སྒྲུབ་པ་ལ་བཤད་མ་ཐག་པའི་ཆོས་བརྒྱད་པོ་དེ་ལས་ཐག་རིང་དུ་གཏོང་དགོས་པ་གསུངས་པ་ལྟར། ཁྲིམས་ལུགས་ཀྱི་ངོས་ནས་བཤད་ན་ཡང་རྒྱལ་ཁབ་སྤྱི་བའི་བྱ་གཞག་སྒྲུབ་ཚེ་མི་སྒེར་གྱི་ལས་དོན་དང་བར་ཐག་རིང་དུ་གཏོང་དགོས་པ་དེའོ། །གལ་སྲིད་དེ་ལྟར་མ་ཡིན་པ་བསྟོད་བཀུར་སྙན་གྲགས་ལ་དགའ་དྲགས་ན་དགའ་བའི་ཚོད་མི་ཟིན་པར་ང་རྒྱལ་དང་ཁོང་ཁྲོ་འདོད་བློ་སོགས་ཆེས་ཆེར་འཕེལ་བ་ལ་བརྟེན། དུས་རྟག་ཏུ་སེམས་ལ་འདྲ་མིན་སྣ་ཚོགས་དྲན་ཞིང་བདེ་བའི་སྐབས་མེད་པར་ཡིད་སྡུག་བསྔལ་གྱི་གནས་སུ་ལྷུང་བ་དང་། དེ་བཞིན་ལུས་བདེ་བའི་སྐབས་ཀྱང་མེད་པར་ཐ་ན་གཉིད་ཀྱང་མི་ཁུག་པའི་གནས་སུ་ལྷུང་བ་ལྟ་བུ་དང་། དེ་ལས་ཀྱང་འཇིགས་ཡེར་བ་ནི་རང་གི་ཚེ་སྲོག་ཀྱང་དགོས་མེད་དུ་ཤོར་འགྲོ་བ་སོགས་ཧ་ཅང་མང་བ་ལྟ་བུ་ཡིན། དེས་ན་ང་ཚོ་ཆོག་ཤེས་ལྡན་ཞིང་རང་རང་གི་འཇོན་ནུས་དང་བསྟུན་པའི་སྒོ་ནས་དྲང་བདེན་གྱི་འཚོ་བ་ཡང་དག་ཞིག་རོལ་རྒྱུ་ནི་ཆེས་ཤིན་ཏུ་གལ་ཆེའོ། །

ཆོས་བརྒྱད་ལ་ཞེན་པའི་ཉེས་དམིགས།

དེ་ལྟར་ཆོག་ཤེས་ལྡན་ཚེ་རང་གིས་རྙེད་པ་ཅི་ལྟར་འཚོལ་ཡང་དྲང་བདེན་གྱི་སྒོ་ནས་འཚོལ་ཐུབ་ལ། རྒྱུ་ཟས་དཔལ་འབྱོར་སོགས་ཀྱི་ཆེད་དུ་རང་གཞན་གང་མང་སྡུག་ལ་སྦྱར་བའི་བྱ་བ་ངན་པའི་རིགས་ཀྱང་འབྱུང་མི་སྲིད། སྤྱིར་འཇིག་རྟེན་གྱི་ངོས་ནས་བཤད་ན་མཚན་སྙན་དང་ཐོབ་ཐང་རྙེད་ན་དགའ་བ་ཞིག་ཡིན་ཡང་དེའི་ཆེད་དུ་རྒྱལ་ཁབ་དང་ཆོས་ལུགས་ལ་གནོད་ཚེ་བྱུང་ཚེ། དེ་ནི་མི་འོས་པའི་ལས་ཁོ་ན་ཡིན་པས་མི་སྒེར་སོ་སོའི་ངོས་ནས་ཚོད་འཛིན་གནང་སྟེ་རྙེད་པའི་ལས་ལ་དེ་ཙམ་མི་བྲེལ་བར་ཡང་དག་པའི་ལམ་ཕྱོགས་སུ་འགྲོ་བ་ནི་ཆེས་ཤིན་ཏུ་གལ་ཆེ། དེ་བཞིན་ང་ཚོས་གནས་སྐབས་ཀྱི་སྙན་གྲགས་ཙམ་གྱི་ཆེད་དུ་མི་རེ་བར། རང་གི་འཚོ་བའི་ཕྱི་ནང་བར་གསུམ་དང་དེ་བཞིན་རྒྱལ་ཁབ་དང་ཡུལ་ལུང་གང་དུ་སོང་ཡང་། ཁ་ཞེ་མངོན་ལྐོག་མེད་པར་དྲང་བདེན་གྱི་བྱ་བ་གང་ཐུབ་བསྒྲུབ་པ་དང་མི་སྒེར་སོ་སོའི་བར་ལའང་མཐུན་ལམ་དང་ཡིད་ཆེས་ཡོད་པ་བྱེད་རྒྱུ་དང་རྒྱལ་ཁབ་དང་རྒྱལ་ཁབ་བར་ལ་ཡང་མཉམ་འབྲེལ་བྱེད་པ་དེ་ནི་ཆེས་ཤིན་ཏུ་གལ་ཆེ། སྤྱིར་བཤད་ན་མི་གཞན་དང་གཞན་གྱིས་རང་ཉིད་ཀྱི་ནུས་པ་དང་བྱ་གཞག་ཡོན་ཏན་སོགས་ལ་ཆེ་མཐོང་དང་བསྟོད་བསྔགས་སོགས་བྱེད་ན་དགའ་འོས་པ་ལྟ་བུ་ཞིག་སྣང་མོད། འོན་ཀྱང་དེ་ལྟར་མིན་པར་བསྟོད་བསྔགས་ལ་སྲེད་ནས། རང་ཉིད་ལ་བློ་སེམས་དཀར་བའི་མི་དག་གིས་རང་ཉིད་ཀྱི་བྱ་གཞག་དང་ཀུན་སྤྱོད་སོགས་ལ་ཐད་ཀར་སྐྱོན་བརྗོད་ཀྱི་མཛུབ་མོ་ཀེར་ན་དེ་ལ་ཡང་མི་དགའ་བར་དགྲ་རུ་བཟུང་བའི་ཚོད་དུ་སླེབ་པ་མ་ཟད། ད་དུང་བསྟོད་བསྔགས་གང་ཡང་མེད་པར་རང་འབྲེལ་ཡོད་ཀྱི་བཏང་སྙོམས་སུ་གནས་མཁན་ཚོ་ལ་ཡང་། ཁོ་ཚོས་ངའི་བྱ་གཞག་དང་ཀུན་སྤྱོད་སོགས་ལ་ཡི་རངས་མི་འདུག་བསམ་ནས་དེ་དག་ལའང་ལྟ་ཚུལ་འདྲ་མིན་འཛིན་པ་ཤིན་ཏུ་མང་།དེ་ལྟར་བྱས་ཚེ་མཐར་གཞན་གྱིས་ཁ་ཡག་ངོ་དགའི་གཡོ་འོག་ཏུ་ཚུད་པ་དང་། རང་ལ་བློ་སེམས་དཀར་བའི་མི་དང་ཁ་ཐག་རིང་དུ་སོང་ནས་ཁོ་ཚོས་ཡིད་ཆེས་མེད་པ་ཞིག་ཏུ་འགྱུར་ངེས་ལ།སྐབས་དེར་རང་ལ་བསྟོད་བསྔགས་བྱེད་པ་ནི་ཁ་ཙམ་ཚིག་ཙམ་གྱི་བསྟོད་བསྔགས་ཡིན། དེ་འདྲའི་བསྟོད་བསྔགས་ཙམ་ལ་འཁྲུལ་ནས། རང་ལ་བསླབ་བྱ་ལམ་སྟོན་གནང་བ་ཡང་ཉན་མི་ཤེས་པར་ཡིན་པ་མ་ཟད་མཐར་ཕྱིན་ཅི་ལོག་གི་ལམ་དུ་ཞུགས་པ་དང་།རང་གཞན་གང་མང་ཞིག་གི་སེམས་ཁམས་དཀྲུག་ཅིང་ཆོས་འཇིག་རྟེན་གང་གི་ཆ་ནས་ཀྱང་བདེ་སྐྱིད་ཀྱི་འཚོ་བ་སྐྱིད་པོ་རོལ་བའི་གོ་སྐབས་ཡོངས་སུ་བརླག་པར་འགྱུར་བར་མ་ཟད་རང་ཉིད་ཀྱི་མ་འོངས་པའི་འོད་སྟོང་འབར་བའི་མདུན་ལམ་ཡོད་ཚད་བརླག་པར་ངེས་པས། དེའི་ཕྱོགས་ལ་གཟབ་དགོས་པ་ནི་ཤིན་ཏུ་གལ་ཆེའོ། ། མདོར་ན། ཆོས་དང་འཇིག་རྟེན་གྱི་བྱ་བ་གང་ཞིག་ཡིན་རུང་རང་ནུས་གང་ལྕོགས་ཀྱིས་ཆོས་ལུགས་སྤྱི་དང་རྒྱལ་ཁབ་སྤྱི་བའི་ཞབས་འདེགས་རེ་སྒྲུབ་ན་དེ་ལ་བརྟེན་ནས་འཛམ་གླིང་ཞི་བདེ། རྒྱལ་ཁབ་བརྟན་ལྷིང་། སྤྱི་ཚོགས་འཆམ་མཐུན། མི་རིགས་མཐུན་སྒྲིལ། ཆོས་ལུགས་དར་རྒྱས་ཡོང་བ་ནི་སྨོས་མི་དགོས་པ་དང་། དེ་ལྟར་བྱུང་ཚེ་ཆོས་དང་འཇིག་རྟེན་ལ་དྲིན་དུ་གཟོས་པ་དང་། དབུལ་སེལ་རྒུད་སྐྱོབ་ལ་ཕན་འབྲས་ཐོན་པ། རང་ཉིད་བདེ་བའི་ལམ་ཁ་དེའང་བསྙེགས་ཐུབ་པ་ཞིག་འབྱུང་བ་ཡིན་ནོ། །


 ——日巴:青海省玉树州称多县赛康寺僧人、中国藏语系高级佛学院拓然巴


【内容摘编:白玛江培】

【藏文审校:环多加】

往期精彩回顾

【教义阐释】土登曲觉堪布对“扶贫济苦 善愿同行”的观点

【教义阐释】阿旺索多对“扶贫济苦 善愿同行”的观点

【教义阐释】甘旦群培经师对“扶贫济苦 善愿同行”的观点

【教义阐释】索巴叶西经师对“扶贫济苦 善愿同行”的观点

【教义阐释】智华经师对“扶贫济苦  善愿同行”的观点

  回放 |2020年藏传佛教教义阐释研讨会

【扶贫济苦·善愿同行】多吉扎西堪布在研讨会上这么说

【扶贫济苦·善愿同行】勒绘活佛谈慈悲心

【扶贫济苦·善愿同行】嘎让罗周坚措活佛在研讨会上说了什么?

【扶贫济苦·善愿同行】听彭措朗加堪布说

【教义阐释】来孟经师对“扶贫济苦 善愿同行”的观点

 


 



您可能也对以下帖子感兴趣

文章有问题?点此查看未经处理的缓存