查看原文
其他

【教义阐释】向巴贡觉对“扶贫济苦 善愿同行”的观点

罗桑 中国藏语系高级佛学院 2022-05-02

↑↑↑

向巴贡觉发言精彩回顾

༄༅༎དབུལ་སེལ་རྒུད་སྐྱོབ་དང་དགེ་སྨོན་མཉམ་འཇུག

བྱམས་པ་ཀུན་ཁྱབ།



    སྤྱིར་ནང་བསྟན་གཞུང་ལུགས་འདིར་གཞན་ལ་གནོད་པའི་བྱ་བ་ཡོངས་རྫོགས་སྤང་བྱ་དང་། གཞན་ཕན་གྱི་རིགས་མཐའ་དག་བླང་བྱར་བསྟན་པས་ན། སྟོན་པ་ཤཱཀྱ་མུ་ནེའི་རྗེས་འཇུག་ཅིག་ཡིན་ཚུན་ཆད་འགྲོ་བ་གཞན་འཕྲལ་ཕུགས་ཀུན་ཏུ་བདེ་འཚམ་ཡོང་ཆེད་གཞན་གྱི་བདེ་སྡུག་སྙིང་ལ་བཅངས་ནས་བྱ་བ་ཅི་ཞིག་བསྒྲུབ་རུང་དངོས་ཤུགས་ཅི་རིགས་ནས་དབུལ་ཞིང་ཉམ་ཐག་པའི་སེམས་ཅན་རྣམས་ཀྱིས་གཙོས་པའི་འགྲོ་བ་གཞན་ལ་ཕན་པའི་ཕྱོགས་སུ་གཞོལ་ཅི་ཐུབ་བྱེད་དགོས་པ་ལས་ཅུང་ཟད་ཀྱང་འདའ་ས་མེད་ལ། སྟོན་པ་ཐུགས་དགྱེས་པའི་ཐབས་ལམ་ཡང་གཞན་ཕན་གྱི་བྱ་བ་ལས་ལྷག་པ་ཞིག་མེད་པར་བསྟན་ཡོད། དེས་ན་ཆོས་ཀྱི་སྙིང་དོན་སྦྱིན་གཏོང་སོགས་གཞན་ཕན་བྱ་བའི་ནང་དུ་མ་འདུས་པ་མེད་པའི་ཚུལ་འདི་ཤེས་པའི་ཐོག་ནས་ད་ལྟའི་སྤྱི་ཚོགས་ཡོངས་ཀྱིས་རེ་སྨོན་ཆེ་བའི་སྤྱི་ཕན་རོགས་རམ་ལས་ནང་བསྟན་གྱི་ཆོས་གཞུང་ཁག་ལས་བསྟན་པའི་དབུལ་སེལ་སྦྱིན་གཏོང་ཐད་ནས་དཔྱད་པ་ལ།    དེས་ན་ཕར་ཕྱིན་དྲུག་ནི་འགྲོ་ཀུན་སྐྱེ་རྒ་ན་འཆིས་གཙོས་པའི་སྡུག་བསྔལ་ཕྲ་རགས་ཀུན་ལས་བརྒལ་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པའི་ས་རུ་ཕར་ཕྱིན་པར་བྱེད་པའི་ཐབས་དྲུག་ཡིན་སྟེ། ༡ སྦྱིན་པས་འདོད་རྔམས་ལས་ཐར་ཐུབ་པ་སྟེ། གཞན་གྱི་རྒྱུ་ནོར་འཕྲོག་འདོད་པའི་ཧམ་སེམས་མེད་པར་བཟོ་ཐུབ། ༢ ཚུལ་ཁྲིམས་ཀྱིས་སྒོ་གསུམ་གྱི་སྡིག་ཉེས་ལས་ཐར་ཐུབ་པ་སྟེ། བྱ་ངན་སྤྱོད་ངན་གྱི་སྡིག་ཉེས་མེད་པར་བཟོ་ཐུབ། ༣ བཟོད་པས་ཁོང་ཁྲོའི་ཉེས་པ་ལས་ཐར་ཐུབ་པ་སྟེ། ཁོང་ཁྲོ་ལས་བྱུང་བའི་འཇིགས་ཉེན་མེད་པ་བཟོ་ཐུབ། ༤ བརྩོན་འགྲུས་ཀྱིས་རྣམ་གཡེང་ལས་ཐར་ཐུབ་པ་སྟེ། ཤེས་ཡོན་གྱི་འགལ་རྐྱེན་སྒྱིད་ལུག་མེད་པ་བཟོ་ཐུབ། ༥ བསམ་གཏན་གྱིས་རྣམ་གཡེང་ལས་ཐར་ཐུབ་པ་སྟེ། དོན་མེད་ལ་གཡེང་བ་མེད་པ་བཟོ་ཐུབ། ༦ ཤེས་རབ་ཀྱིས་རྨོངས་པའི་མུན་པ་ལས་ཐར་ཐུབ་པ་སྟེ། མ་རྟོགས་ལོག་རྟོག་ཐེ་ཚོམ་བཅས་མ་རིག་པ་མེད་པ་བཟོ་ཐུབ་པ་སོགས་ཡིན། དེ་ལྟར་ཕར་ཕྱིན་དྲུག་གི་ཉམས་ལེན་ཚུལ་བཞིན་དུ་གནང་ན་བསྡུ་བའི་དངོས་པོ་བཞིའི་ཉམས་ལེན་རང་ཤུགས་ཀྱིས་འོང་བ་ཞིག་ཡིན་ཞིང་། བསྡུ་བའི་དངོས་པོ་བཞི་ནི། སྦྱིན་པ་དང་། སྙན་པར་སྨྲ་བ། དོན་སྤྱོད་པ། དོན་མཐུན་པ་བཅས་ཡིན། འདི་ཡང་གཞན་ཕན་གྱི་བྱ་བ་འབའ་ཞིག་ཡིན་ཏེ། ༡ སྦྱིན་པས་བསྡུ་བ་ནི། ཆོས་དང་ཟང་ཟིང་སོགས་དངོས་པོ་ཅི་ཞིག་འདོད་ན་དེ་སྦྱིན་ནས་མཛའ་མཐུན་སྔ་བས་ཇེ་བཟང་དུ་གཏོང་བ།  ༢ སྙན་པར་སྨྲས་ནས་བསྡུ་བ་ནི་མི་ཡི་སེམས་ཁམས་དང་བསྟུན་ནས་ངག་འཇམ་པོ་སྨྲ་བ་སོགས་ཀྱིས་ཕ་རོལ་པོའི་སེམས་སྤྲོ་རུ་འཇུག་པའི་སྒོ་ནས་རང་གི་ཉེ་སར་བསྡུས་ནས་དཀའ་སྡུག་སེལ་རོགས་བྱེད་པ། ༣ དོན་སྤྱོད་པས་བསྡུ་བ་ནི། ལུས་ངག་ཡིད་གསུམ་ཀས་གཞན་ལ་ཕན་པའི་ཐབས་ཁོ་ན་འཚོལ་ཞིང་། ཁེ་དང་སྙན་གྲགས་གཞན་ལ་སྟེར། གྱོང་དང་ཕམ་ཁ་རང་གིས་འཁུར་ཏེ་འགྲོ་ཀུན་ལ་མཛའ་མཐུན་ཇེ་ཟབ་ཏུ་བཏང་ནས་སྡུག་བསྔལ་སེལ་བའི་ཐར་ལམ་སྟོན་པ། ༤ དོན་མཐུན་པས་བསྡུ་བ་ནི། སྤྱི་ཚོགས་ལ་བདེ་སྐྱིད་ཀྱི་སྣེ་ཁྲིད་ཐུབ་པའི་དབང་འཛིན་རིམ་གྲས་ཁག་དང་། སྤྱི་ཚོགས་ལ་ཤུགས་རྐྱེན་ཆེ་བའི་ལས་རིགས་ཁག་གི་མི་སྣའི་བར་མཐུན་ལམ་ཇེ་བཟང་དུ་བཏང་སྟེ། དེ་དག་དང་ལྷན་དུ་སྤྱི་ཚོགས་ལ་སྨན་པའི་ལས་རིགས་ཁག་རོགས་རམ་བྱེད་པ་སོགས་ཀྱིས་སེམས་ཐག་ཉེ་བོ་གྱུར་སྐབས་ལས་དང་སྐལ་བ་ལྡན་ན་ཐར་པའི་ལམ་དུ་འཁྲིད་པ་བཅས་ཡིན།དེས་ན་སྦྱིན་སོགས་ཕར་ཕྱིན་དྲུག་དང་བསྡུ་བའི་དངོས་པོ་བཞི་ཉམས་ལེན་ཚུལ་བཞིན་བྱས་པས་མི་དང་མིའི་བར་འབྲེལ་ལམ་ཞི་མཐུན་ཡོང་ཐུབ་ཅིང་། གོང་དུ་གསལ་བ་བཞིན་སྤྱི་ཚོགས་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། འཚོ་བ་ལྷིང་འཇགས། ཡ་རབས་སྤྱོད་བཟང་། ཁོར་ཡུག་ལེགས་བཅོས། དམངས་ཕན་ལས་བཟང་སོགས་ཏེ། མདོར་ན་དམངས་ཀྱི་བདེ་སྡུག་སྙིང་ལ་བཅངས་ཏེ་མཛེས་ཤིང་སྡུག་པའི་འཚོ་བ་བསྐྲུན་རྒྱུ་དང་། སྤྱི་ཚོགས་ལེགས་ལམ་དུ་བསྐྱོད་པར་བྱ་རྒྱུ་དེ་ཡིན་པས། ང་ཚོ་བོད་བརྒྱུད་ནང་བསྟན་པས་ཀྲུང་གོ་གུང་ཁྲན་ཏང་དང་། རླབས་ཆེན་མེས་རྒྱལ། རྒྱ་ཆེའི་མི་དམངས་བཅས་ཀྱི་བཀའ་དྲིན་སྙིང་ལ་བཅངས་ཏེ་རྒྱལ་ཁབ་ལ་ཕན་པ་དང་། འཛམ་གླིང་བདེ་བའི་ཆེད་དུ་ལེགས་སྐྱེས་འབུལ་རྒྱུའི་ཁྲིད་སྟོན་གང་ནུས་བྱེད་དགོས་ངེས་སུ་མཐོང་ངོ་། །

 ——向巴贡觉西藏自治区类乌齐县甲桑寺僧人


【内容摘编:兰木卡】

【藏文审校:环多加】

往期精彩回顾

【教义阐释】土登曲觉堪布对“扶贫济苦 善愿同行”的观点

【教义阐释】“拓然巴”日巴对“扶贫济苦 善愿同行”的观点

【教义阐释】阿旺索多对“扶贫济苦 善愿同行”的观点

【教义阐释】甘旦群培经师对“扶贫济苦 善愿同行”的观点

【教义阐释】索巴叶西经师对“扶贫济苦 善愿同行”的观点

【教义阐释】智华经师对“扶贫济苦  善愿同行”的观点

  回放 |2020年藏传佛教教义阐释研讨会

【扶贫济苦·善愿同行】多吉扎西堪布在研讨会上这么说

【扶贫济苦·善愿同行】勒绘活佛谈慈悲心

【扶贫济苦·善愿同行】嘎让罗周坚措活佛在研讨会上说了什么?

【扶贫济苦·善愿同行】听彭措朗加堪布说

【教义阐释】来孟经师对“扶贫济苦 善愿同行”的观点

 


 


您可能也对以下帖子感兴趣

文章有问题?点此查看未经处理的缓存