查看原文
其他

地方性知识:草原黑土化治理

雪境 GangriNeichog雪境 2022-09-21

阿昌ཨ་ཁྲང་།

黑土化草场的主人ས་ནག་ཏུ་གྱུར་བའི་རྩྭ་སའི་བདག་པོ།

黑河牧场ལྷ་སྡེ་བཀྲ་ཤིས་དགའ་འཁྱིལ།

阿昌说:以前分地的时候给我分了一块叫“扎西塘”的好土地。大约七八年过后,我的草地逐渐变成黑土,其程度愈发严重,致使无法饲养许多牲畜。因此我不得已将所有的牲畜托付给亲戚朋友后去县城打了两三年的工。我时常在考虑恢复草场的方法,而且也请教过很多人。后来听说巴让的团队在草原沙化和黑土的修复方面做过很多事情。我还在网络上查到了,戈尔登部落查科村等多个地方在草原修复方面取得了很大的进展。于是在2017年,我首先通过电话联系,向他们的团队提出了修复草原黑土化的申请,今年(2019年)正式批准启动黑土地修复工作。

ཨ་ཁྲང་ན་རེ། དང་མར་ས་བགོ་དུས་ང་ལ་ས་ཡག་པ་བཀྲ་ཤིས་ཐང་ཟེར་བ་འདི་བགོས་པ་རེད་མོད།དེའི་རྗེས་ནས་ཧ་ལམ་ལོ་ངོ་བདུན་བརྒྱད་ཞིག་གི་འགོར་རྗེས་ངའི་རྩྭ་ས་ས་ནག་རུ་འགྱུར་ཚད་ཇེ་ཆེ་ནས་ཇེ་ཆེ་རུ་སོང་སྟེ་མཐར་ཕྱུགས་ཟོག་མང་པོ་སོས་མི་ཐུབ་པར་གྱུར་བས།ངས་སེམས་ཅན་ཚང་མ་གཉེན་ཉེ་དང་གྲོགས་པོ་ཚོར་བཅོལ་རྗེས་རང་ཉིད་ལོ་གཉིས་གསུམ་ཞིག་ལ་རྫོང་མཁར་དུ་ཞོར་ལས་ལ་ཆས་པ་ཡིན། ནམ་རྒྱུན་རང་གི་རྩྭ་ས་འདི་ཇི་ལྟར་གསོ་པའི་སྐོར་ལ་བསམ་བློ་གཏོང་བ་དང་མི་མང་བོར་བློ་འདྲི་གང་མང་བྱས་རྗེས། གཞི་ནས་དཔལ་བཟང་གི་ཚོགས་པ་འདི་རྩྭ་ས་བྱེ་འགྱུར་དང་ས་ནག་ཉམས་གསོ་སོགས་ཀྱི་ཕྱོགས་ལ་མཛད་རྗེས་མང་པོ་ཡོད་པ་ཐོག་མར་གོ ད་དུང་དྲ་ལམ་ནས་ཀིརྟིའི་ཚ་ཁོ་སྡེ་བ་སོགས་ཀྱི་ས་ཆ་མང་པོར་རྩྭ་ས་ཉམས་གསོའི་སྐོར་ཀྱི་ལས་ཀར་ལེགས་འགྲུབ་ཆེན་པོ་བྱུང་འདུག་པ་ཡང་ངོས་སུ་མཐོང་སོང་། དེ་རྗེས་ངས་༢༠༡༧ལོར་ཐོག་མར་ཁོང་ཚོས་ཚོགས་པ་ལ་ཁ་པར་གྱི་ལམ་ནས་འབྲེལ་བ་ཞུས་ཏེ་ས་ནག་གསོ་པའི་རེ་ཞུ་རྒྱབ་པ་ཡིན་ལ། ད་ལོ་སྟེ༢༠༡༩ལོར་དངོས་སུ་ཆོག་མཆན་ཐོབ་ཏེ་ས་ནག་ཉམས་གསོའི་བྱ་བའི་ལས་འགོ་ཚུགས་འདུག་པ་འདིའོ།

贡布མགོན་པོ།

 草管会会员རྩྭ་ས་བདག་སྐྱོང་ཚོགས་པའི་ཚོགས་མི།

贡布说:对于这一家人来说,首次申请是在2017年。有一次我爸爸去远嫁到黑河牧场(དགའ་འཁྱིལ་)的妹妹家过夜,刚好妹妹家和阿昌家是邻居,阿昌对我爸爸说“听说你儿子在草原黑土化修复团队(黑土修复团队)工作。我的草地变成黑土无法放牧,因此我只好去县里打工。对于我家草场的问题,你儿子所在的团队已经申请了黑土修复。

མགོན་པོ་ན་རེ།ཁྱིམ་ཚང་འདི་བར་མཚོན་ན།༢༠༡༧ལོར་ཐོག་མར་རེ་ཞུ་རྒྱབ་པ་རེད་ལ།ཐོག་དང་པོར་ངེད་ཚང་གི་ཨ་ཕ་དགའ་འཁྱིལ་དུ་གནས་ལ་སོང་ཡོད་པའི་སྲུང་མོའི་ཁྱིམ་ལ་ཉིན་ཆ་ཅིག་ལ་ཞག་འདུག་ཏུ་སོང་དུས། སྲུང་མོ་ཚང་དང་འདི་ཁ་གཉིས་ནི་ཁྱིམ་འཚེས་ཡིན་འདུག་པས།ཨ་ཁྲང་གིས་ངའི་ཨ་ཕར་ཁྱོད་ཀྱི་ཞི་ལུ་ས་ནག་ཉམས་གསོའི་ཚོགས་པར་ཡོད་རབས་གོ་ལ།ངའི་རྩྭ་ས་ས་ནག་གི་སྐྱོན་གྱིས་ཕྱུགས་ཟོག་འཚོ་མ་ཐུབ་པར་རྫོང་ལ་ཞོར་ལས་སུ་མི་འགྲོ་ཐུ་མེད་དུ་གྱུར་འདུག་པས། ངེད་ཚང་གི་རྩྭ་ས་ས་ནག་ཏུ་གྱུར་བ་འདི་ལ་ཁྱེད་ཀྱི་ཞི་ལུའི་ཚོགས་པས་ཉམས་གསོ་ཞིག་བྱེད་ཨེ་ཐུབ་སྙམ་པས་རེ་ཞུ་རྒྱབ་འདུག

贡布说:今年有幕村(འབོས།)、玛曲乔科(རྨ་ཆུའི་ཁྲོ་ཁོ།)、黑河牧场(དགའ་འཁྱིལ།)的这一一户人家等共三家可以申请草原黑土化修复站。其中主要的工作重心还是这一家;一是因为私人草场较之公共草场的修复决心要小;二是私人家庭条件差,依靠草场赚钱似乎比外出打工更能帮到他们。

མགོན་པོ་ན་རེ།སྤྱིར་ད་ལོར་མཚོན་ན་ས་ནག་ཉམས་གསོའི་ལ་རེ་ཞུ་རྒྱབ་པའི་ས་ཚུགས་གསུམ་ཡོད་དེ་འབོས་དང་།རྨ་ཆུའི་ཁྲོ་ཁོ།དགའ་འཁྱིལ་གྱི་འདི་ཚང་བཅས་གསུམ་ཡོད་པས་ནང་ནས།གཙོ་བོ་འདི་ཚང་ལ་བཞག་ཏེ་ལས་ཀ་སྒྲུབ་པ་ཡིན། དེའི་རྒྱུ་མཚན་ནི། གཅིག་ནས་སྒེར་གྱི་ཁྱིམ་ཚང་གི་རྩྭ་ས་ཡིན་པས་རྩྭ་ས་སྤྱི་གཞུང་གི་ཁྱིམ་ཚང་ལས་ཅུང་སེམས་ཤུགས་ཆུང་བ། གཉིས་ནས་ཁྱིམ་ཚང་གི་ཆ་རྐྱེན་ཞན་པས་ཞོར་ལས་ནས་ཡོང་སྒོ་རེ་རེག་ཐབས་ལས་རྩྭ་སར་བརྟེན་ནས་ཡོང་སྒོ་རེ་བཙལ་རྒྱུའི་ཕན་རེ་འེ་ཐོགས་སྙམ་པའོ།

巴让说:通常我们团队的大部分工作是本着对村社谋福利而展开。在村社工作,不仅惠及许多个家庭,而且也能吸引很多人加入这项工作。

དཔལ་བཟང་ན་རེ། སྤྱིར་བཏང་ངེད་ཚོགས་པས་ལས་ཀ་མང་ཆེ་བ་ནི་སྡེ་བའི་སྤྱི་གཞུང་ལ་ཕན་འེ་ཐོགས་སྙམ་ནས་གཞུང་སའི་ཐོག་ལ་ལས་ཀ་སྒྲུབ་པ་ཡིན་ལ། སྤྱི་གཞུང་དུ་ལས་ཀ་བྱས་ཡོང་དུས། གཅིག་ནས་ཐད་ཀར་ཁྱིམ་ཚང་མང་པོར་ཕན་ཐོགས་ཡོང་བ་དང་། གཉིས་ནས་ལས་ཀར་ཞུགས་མཁན་གྱི་མི་མང་པོ་ཡོང་གི་ཡོད་པས་དེ་གཉིས་གཙོ་བོ་རེད། 

巴让说:我们的草原黑土化修复工作的主要目的包括:一是对草地退化进行修复,实现草地生态平衡;二是重新召集以前因栅栏而解散的村民回到一个工作岗位,并以此恢复村民间的交流和合作,从而推进村民间的互助精神。三是集众人之力去完成一家的工作,其影响力绝不容小觑。这不仅是村民们互助团结的民间力量的最好表现,而且也能让群众们认识到草原黑土化治理并不一定非得要依靠政府或专门的单位去完成,通过自己的双手同样可以实现黑土治理,这对增强增强他们的信心也将大有裨益。

དཔལ་བཟང་ན་རེ།ངེད་ཚོའི་ས་ནག་ཉམ་གསོའི་་ལས་ཀའི་དམིགས་ཡུལ་གཙོ་བོ་ཡང་གཅིག་ནས་རྩྭ་ས་ཞན་འགྱུར་དུ་གྱུར་བ་ལ་ཉམས་གསོའི་ལས་ཀ་བསྒྲུབ་ཏེ་སྤང་སའི་སྐྱེ་ཁམས་དོ་མཉམ་ཡོང་བར་བྱེད་རྒྱུ་དེ་ཡིན་ལ། གཉིས་ནས་སྔོན་མར་ལྕགས་རའི་དབང་གིས་ཁ་ཐོར་དུ་སོང་བའི་སྡེ་མི་རྣམས་སླར་ཡང་ལས་ཀ་གཅིག་གི་ཐོག་ལ་བབས་ནས།ཕན་ཚུན་བར་གྱི་འབྲེལ་འདྲིས་དང་རོགས་རེས་སོགས་ཀྱི་སྡེ་མིའི་འབྲེལ་ཐག་སླར་གསོ་བྱ་རྒྱུ་དང་དེ་ལ་བརྟེན་པའི་ཐུན་མོང་གི་སེམས་ཤུགས་སྤེལ་རྒྱུར་ཕན་པ་ངེས་ཅན་ཡོད་པར་འདོད།གསུམ་པ་ལ་འདི་ལྟར་ཁྱིམ་ཚང་གཅིག་གི་ཐོག་ལ་མི་མང་པོ་བསྡུ་རུབ་གྱིས་ལས་ཀ་འདི་ལེགས་པར་འགྲུབ་ན་དེའི་ཤུགས་རྐྱེན་ནི་ཆུང་ཆུང་མ་རེད། གཅིག་གྲོགས་གཅིག་གིས་བྱེད་པ་དང་དཀའ་ངལ་ལ་མཉམ་དུ་གདོང་གཏོད་ཐུབ་པ་མ་ཟད།ད་དུང་མང་ཚོགས་ཀྱི་བློ་ངོར་རྩྭ་ས་ས་ནག་གི་གནད་དོན་འདི་ཡང་སྲིད་གཞུང་ངམ་སྤྱི་གཉེར་ཁང་ཆེན་པོ་དེ་འདྲར་བརྟེན་མ་དགོས་མང་ཚོགས་རང་གིས་ཉམས་གསོ་ཐུབ་པས་ཡིད་ཆེས་དང་སེམས་ཤུགས་ཆེན་པོ་སྤེལ་ཐུབ་པས་ལས་འདི་གལ་ཆེན་པོར་འདོད།

巴让说:现在草地上有两个问题,即草地沙化和草地黑土化。

དཔལ་བཟང་ན་རེ།ད་བར་རྩྭ་སའི་ཐོག་ལ་གནད་དོན་གཉིས་ཡོད་པ་ནི་རྩྭ་ས་བྱེ་འགྱུར་དང་རྩྭ་ས་ས་ནག་ཅན་ཏུ་གྱུར་བའི་གནད་དོན་འདི་གཉིས་རེད། 

巴让说:近年来许多公司为了炫耀短浅的工作成效而采用机器开垦等方式了来修复黑土化。开垦对草地的破坏更严重,通过开垦将原本凹凸不平的天然草地整个夷为平地将会对草皮产生巨大的破坏。

དཔལ་བཟང་ན་རེ།ཉེ་དུས་ཀྱི་སྤྱི་གཉེར་ཁང་གྲགས་ཅན་མང་པོས་ས་ནག་ཉམས་གསོའི་ལས་ཀ་བྱེད་སྟངས་ནི་གནས་སྐབས་ཀྱི་ལས་ཀའི་གྲུབ་འབྲས་མངོན་གསལ་དོད་པོ་དེ་འུར་བསྒྲོག་བྱེད་ཆེད་འཕྲུལ་ཆས་སོགས་ཀྱིས་རྩྭ་ས་རྨོ་གི་འདུག རྩྭ་ས་རྨོས་ན་གནོད་པ་ག་རེ་ཡོད་ཟེར་ན།རང་བྱུང་གི་རྩྭ་སའི་ཕྱི་སྤགས་བསློག་ཏེ་མ་གཞིར་འབར་འབུར་དུ་ཡོད་པའི་ས་ཤུན་སྙོམས་འགྲོ་བས་སྤངས་ཤུན་ལ་གནོད་པ་ཚབས་ཆེན་ཐེབས་ངེས་རེད། 

巴让说:这几年我们一直在努力以不用翻开地皮来埋草种。从牧民的智慧中,可以找到两个好办法。第一步是将四五根铁棒牢牢地连结在三轮车的一端,把它们拖入黑土草地。它能将草种推到地鼠洞里,并且对地壳的破坏也较小。

དཔལ་བཟང་ན་རེ།དེ་བས།ལོ་འདི་འགར་ང་ཚོས་ས་ཤུན་མ་སློག་པར་རྩྭ་སོན་ས་འོག་དུ་བསྡུ་ཐབས་ལ་འབད་པས།འབྲོག་པའི་བློ་གྲོས་ལས་ཐབས་ཤེས་ཡག་པོ་གཉིས་རྙེེད་ལ།དང་པོ་ནི་རྐང་གསུམ་སོགས་འཕྲུལ་ཆས་ཀྱི་སྣེ་རུ་ལྕགས་སྡོང་བཞི་ལྔ་ཞིག་སྲ་མོར་སྦྲེལ་ནས་དེ་དག་ས་ནག་ཅན་གྱི་རྩྭ་སའི་ནང་འདྲུད་རྒྱུ་དེ་རེད་ལ།འདིའི་རྩྭ་སོན་ཨ་བྲའི་ཁུང་བུ་སོགས་སུ་འདེད་ཐུབ་ལ་ས་ཤུན་ལའང་གནོད་པ་ཆུང་། 

牛粪ནོར་གྱི་ལྕི་བ།

巴让说:另一种是播撒草种后,将牛羊赶到草地上,用它们的蹄子将草籽埋在地下,而且也兼施了牛粪、羊粪等天然肥料。这两种方法被认为是牧民在改进草场的实践中得出的重要经验。

དཔལ་བཟང་ན་རེ།གཞན་ཞིག་ནི་རྩྭ་སོན་གཏོར་རྗེས་རྩྭ་ཐོག་དུ་ཟོག་ལུག་དེད་དེ་སེམས་ཅན་གྱི་རྨིག་པས་རྩྭ་སོན་ས་འོག་དུ་བསྡུ་ཐུབ་ལ་ལྕི་བ་དང་རིལ་མ་སོགས་རང་བྱུང་ལུད་རྫས་ཡང་ཞོར་ནས་གཏོར་ཐུབ་པ་རེད།འདི་གཉིས་ནི་འབྲོག་པ་ཚོས་རྩྭ་ས་ལེགས་བཅོས་ཀྱི་ལག་ལེན་ཁྲོད་ནས་རྙེད་པའི་ཉམས་མྱོང་གལ་ཆེན་ཞིག་རེད་བསམ་སོང་།


巴让说:虽然田鼠也是草原的一个组成部分。但是最近由于内外多种原因,田鼠数量猛增,这是个问题。我们认为,鼠类的增多并不是草地退化的根本原因,它只是一个草地退化的现象。但是我们的基本主张是,草原生态平衡恢复了,草地上的鼠兔自然会减少。为了证实我们的看法,我们在当地的黑土滩修复工作前后,进行了鼠类数量统计。

དཔལ་བཟང་ན་རེ།སྤྱིར་ཨ་བྲ་ཡང་རྩྭ་ཐང་གི་གྲུབ་ཆ་ཞིག་ཡིན་པ་ནི་སྙོམ་དུ་མེད་མོད།ད་བར་ཕྱི་ནང་གི་རྒྱུ་མང་པོས་རྐྱེན་བྱས་ཏེ་ཨ་བྲ་འབོར་ཆེན་ཇེ་མང་ལ་ཕྱིན་འདུག འདི་ནི་གནད་དོན་ཞིག་རེད།ང་ཚོའི་ངོས་ལེན་ལྟར་ན་ཨ་བྲ་ཇེ་མང་དུ་ཕྱིན་པ་ནི་རྩྭ་ས་ཞན་འགྱུར་གྱི་རྩ་བའི་རྒྱུ་རྐྱེན་དེ་མིན་པར།དེ་ནི་རྩྭ་ས་ཞན་འགྱུར་གྱི་སྣང་ཚུལ་ཙམ་རེད།ཡིན་རུང་།ང་ཚོའི་རྩ་བའི་འདོད་ཕྱོགས་ནི་རྩྭ་ཐང་སྐྱེ་ཁམས་དོ་མཉམ་སླར་གསོ་བྱུང་ཚེ་རྩྭ་སའི་ཐོག་གི་ཨ་བྲ་ཡང་རང་ཤུགས་ཀྱིས་ཇེ་ཉུང་དུ་འགྲོ་སྲིད་པ་དེ་རེད།ང་ཚོས་ལྟ་ཚུལ་འདི་བདེན་མིན་ར་སྤྲོད་བྱ་ཆེད་ང་ཚོས་དངོས་སུ་ས་འདིིའི་ས་ནག་ཉམས་གསོའི་ལས་ཀའི་སྔ་ཕྱི་ནས་ཨ་བྲའི་གྲངས་ཀ་ཚད་ལེན་བྱས་ཡོད།

巴让说:鼠类问题是青藏高原最大的生态问题,为人所熟知。为了这个问题,无论从公私方面都动用大量资金进行放毒、托毒等多种手段,但基本上鼠类还在不断地增加。

དཔལ་བཟང་ན་རེ། ཨ་བྲའི་གནད་དོན་ནི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་གནད་དོན་ཆེ་ཤོས་ཤིག་ཡིན་པ་ཀུན་གྱིས་བསྒྲོགས་བཞིན་པ་དེ་ལྟར་རེད། གནད་དོན་འདིའི་ཆེད་དུ་གཞུང་སྒེར་གང་རུང་ནས་མ་དངུལ་འབོར་ཆེན་བཏང་དེ་དུག་གཏོང་བ་དང་ཝ་དྲངས་པ་སོགས་ཀྱི་ཐབས་ལམ་སྣ་ཚོགས་ཞིག་བགྱིས་མོད། སྤྱིའི་ཆ་ནས་ཨ་བྲ་ནི་ད་རུང་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདུག་ཟེར་མཁན་རྐྱང་རྐྱང་ཡིན་ཚོད་རེད།

贡保才让མགོན་པོ་ཚེ་རིང་།

草地专家རྩྭ་སའི་ཆེད་མཁས་པ།

西南财经大学副教授ལྷོ་ནུབ་ནོར་དཔལ་སློབ་གྲྭ་ཆེན་པོའི་དགེ་རྒན་གཞོན་པ།

贡保才让:以往其他民族的商人会在牧区租用草场几十年,虽然目前此类现象除少部分地区外在呈下降趋势。但这一点万不可忽视,尽管现在买卖草地合法,但是我们要考虑未来。比如,有的牧民把自己的草场卖给别人十几年,自己却进城打工;而酥油和奶渣等生活的必需品则要反过来从这些商人手中购得。这里存在一个问题,就是我们牧民刚进城的时候,因草场的出售,手中有一笔可观的积蓄,但在城市里生活,如果没有一个稳定的收入则很难长期生活下去,而当他们重新返回牧场时,就必须要以高价从原先的这些外地买家手中重新买回草地,此类现象很普遍。因此,草场出售虽然合法,但如果牧民自己没有稳定的收入,就应对此十分警惕。特别是,近年来许多研究人员都指出,牧民在草原上放牧可以保护当地的生物多样性。当草地被大量卖给他人,草地的性质被商品化时,会严重影响环境的延续。购买草场的当事人只会以一己的利益为重,而不会考虑过度放牧所导致的草场恶化和可持续问题。因此,是否出售草地,我认为这是牧民们在草场管护方面的一个重要选择。

མགོན་པོ་ཚེ་རིང་ན་རེ། མི་རིགས་གཞན་གྱི་ཚོང་གཉེར་བ་དག་འབྲོག་ས་རུ་ཡོང་ནས་ལོ་བཅུ་ཁ་ཉིས་ཤུ་ལྷག་ལ་ས་གླས་ཏེ་འདུག་རྒྱུ་དེ། དེང་སང་ས་ཆ་ལ་ལར་ད་དུང་དམིགས་གསལ་དུ་ཡོད་པ་མ་གཏོགས་ས་ཆ་མང་ཆེ་བར་ཉུང་ངུར་ཕྱིན་ཡོད་འདུག་མོད། དེ་ལ་དོགས་གཟབ་ངེས་པར་ཡོད་དགོས་འདུག དེང་སང་ཁྲིམས་ཀྱི་ཐོག་ནས་རྩྭ་ས་བཙོང་པའམ་ཉོ་ཆོག་གི་ཡོད་མོད། མ་འོངས་པར་ཕུགས་རྒྱང་རིང་བོར་བསམ་བློ་བཏང་རྒྱུ་ཞིག་ནི།  དཔེར་ན་འབྲོག་པ་ལ་ལས་རང་གི་རྩྭ་ས་མི་གཞན་ལ་ལོ་བཅུ་ཁ་ཉི་ཤུར་བཙོང་ཏེ་རང་ཉིད་གྲོང་ཁྱེར་ལ་ཞོར་ལས་སུ་འགྲོ་བཞིན་འདུག་ལ། འཚོ་བའི་དགོས་ངེས་ཀྱི་མར་ཆུར་སོགས་ནི་རྩྭ་ས་ཉོ་མཁན་གྱི་ཚོང་བ་དེའི་ལག་ནས་ཉོ་དགོས་པ་ལྟ་བུར་སྣང་། འདི་ལ་གནད་དོན་ཞིག་ཡོད་པ་ནི། ང་ཚོ་འབྲོག་པ་ཚོ་ཐོག་མར་གྲོང་ཁྱེར་ལ་ཐོན་དུས་རྩྭ་ས་སོགས་བཙོང་རིན་གྱིས་མ་རྩ་ཅུང་མོད་པོ་ཡོད་མོད། གྲོང་ཁྱེར་ནས་དུས་ཡུན་རིང་བོར་གཏན་འཇགས་ཀྱི་ཡོང་སྒོ་ཐོབ་ཐབས་ཞིག་མེད་ཚེ་ཕྱིར་འབྲོག་ས་རུ་ཡོང་དགོས་ལ། སྔར་གྱི་རང་གི་རྩྭ་ས་རང་གིས་རིན་གོང་མཐོན་པོ་སྤྲད་དེ་ཉོ་དགོས་པ་དེ་འདྲ་མང་པོ་རེད། དེ་བས། ཁྲིམས་ཐོག་ནས་རྩྭ་ས་བཙོང་ཆོག་མོད་འབྲོག་པ་རང་རང་ལ་གཏན་འཇགས་གི་ཡོང་སྒོ་ཞིག་མེད་ཚེ་དེ་ལ་དོགས་གཟབ་ནན་མོ་བྱེད་དགོས་པར་འདོད། ལྷག་པར། ད་བར་ཞིབ་འཇུག་པ་མང་པོས་འབྲོག་པ་རྩྭ་ཐང་ནས་ཕྱུགས་འཚོས་ཏེ་བསྡད་ན་ས་ཐོག་དེའི་རི་སྐྱེས་སྲོག་ཆགས་སོགས་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་ཐུབ་པར་བསྟན་འདུག་མོད།  རྩྭ་ས་མི་གཞན་ལ་ལོ་མང་པོར་བཙོང་ཏེ་རྩྭ་སའི་ངོ་བོ་ཚོང་རྫས་རུ་སྒྱུར་ཡོང་དུས་ཁོར་ཡུག་གི་རྒྱུན་མཐུད་ལ་གནོད་པ་ཚབས་ཆེན་ཐེབས་ཡོང་བ་ནི།  རྩྭ་ས་ཉོ་མཁན་གྱི་བསམ་བློའི་ངོས་ན་ཕྱོགས་གཉིས་ཀྱི་གན་རྒྱ་ལྟར་རང་གི་ཁེ་ཕན་ལྟར་རྩྭ་སའི་ཆེས་མཐོའི་ཐེག་ཚད་ལས་བརྒལ་བའི་ཕྱུགས་རིགས་འཚོས་ཏེ་ཡོང་སྒོ་ཇེ་མཐོར་གཏོང་རྒྱུ་ལས། རྩྭ་སའི་གཉོམ་ཞན་དང་རྒྱུན་མཐུད་སོགས་ལ་བསམ་བློ་གཏོང་མཁན་ནི་ཉུང་ཉུང་རེད། དེ་བས་རྩྭ་ས་བཙོང་མིན་གྱི་གནད་འདི་ནི་འབྲོག་པ་རྣམ་གྱི་རྩྭ་སའི་བདག་སྐྱོང་སྐོར་གྱི་འདེམ་གསེས་གལ་ཆེན་ཞིག་ཡིན་པར་ཁོ་བོས་འདོད་དོ།

修复好的草原  སླར་གསོ་བྱུང་བའི་རྩྭ་ས།


巴让说:我们根据以往的草原黑土化修复经验在黑土地区种植草籽,植物生长至一定程度后鼠类也将自然减少。这是个很好的方法,在植物得以生长、生态得到平衡的状态下,经过修复的草地会聚集鸟类等多种生物。昨天我们去草原调查时,亲眼目睹了在青藏高原土生土长的狐狸经过草地,这是当地黑土化治理成效最为有利的证据。

དཔལ་བཟང་ན་རེ།ང་ཚོས་སྔོན་གྱི་ས་ནག་ཉམས་གསོ་ཉམས་མྱོང་ལས་ས་ནག་ས་རུ་རྩྭ་སོན་བཏབ་པ་ཡིན་ལ།རྩྭ་རྩི་སོགས་རིང་བོར་སྐྱེས་ཏེ་ས་བཅུད་གང་འཚམ་རྒྱས་ཡོང་དུས་ཨ་བྲ་ཡང་རང་ཤུགས་ཀྱིས་ཇེ་ཉུང་དུ་འགྲོ་ཡི་འདུག་པས།ཐབས་འདི་ལེགས་པོར་མཐོང་ལ།རྩྭ་སྐྱེས་ཏེ་སྐྱེ་ཁམས་སོགས་དོ་མཉམ་ཡོང་དུས་ཉམས་གསོ་་བྱས་པའི་རྩྭ་ས་རུ་འདབ་ཆགས་སོགས་སྐྱེ་དངོས་ཡང་མང་པོ་འདུ་ཡོང་གི་འདུགདཔེར་ན།ཁ་སང་ང་ཚོ་རྩྭ་སར་བརྟག་དཔྱད་ལ་འགྲོ་སྐབས་རང་སའི་ས་སྐྱེས་རྡོ་སྐྱེས་ཀྱི་རང་གི་མཚོ་བོད་མཐོ་སྒང་གི་ཝ་ངོ་མ་དེ་འགྲོ་བཞིན་པ་མཐོང་ཡོང་ལ།ས་ནག་ཉམས་གསོ་ལེགས་པར་འགྲུབ་པ་ནས་སྣོད་བཅུད་དོ་མཉམ་ཡང་ཞོར་ནས་ཡོང་གི་ཡོད་ས་རེད།

黑土滩治理(前后比较图)

翻译:更太才让    青海热贡人   一个无拘无束的胖青年

本文翻译自“རྩྭ་ས་ས་ནག་ཅན་དུ་གྱུར་བ་ཉམས་གསོ།”感谢作者扎琼仓生态文化交流中心授权雪境将此文翻译为汉文!

འབྲེལ་ཡོད་རྩོམ་ཡིག་ཀློག་པ།

དུས་སྐབས་མི་འདྲ་པའི་འབྲོག་ཁུལ་མང་ཚོགས་ཀྱི་བྱ་སྤྱོད་ལ་བསྡུར་བ།

གངས་རི་གནས་མཆོག་གི་བོད་ཡིག་གི་སློབ་ཁྲིད་འགོ་ཚུགས་པ་རེད།

"མི་དང་གཅན་གཟན་བར་གྱི་གདོང་གཏུག"་ལ་ཡང་བསྐྱར་བསམ་གཞིགས་བྱ་དགོས།

如果您恰好是三江源当地老百姓或是本地兽医,希望里可以扫描下方二维码,参与野生动物救助的调查问卷,帮助我们找到最优的解决方案。

欢迎大家扫描填写【三江源地区野生动物救助的调查问卷】

也欢迎你扫码支持雪境的野生动物救助众筹项目

帮助我们每一个生命都能共享雪山圣境

温馨提示:欢迎大家转发

转载或应用文字和图片请与我们联系!

您可能也对以下帖子感兴趣

文章有问题?点此查看未经处理的缓存