查看原文
其他

བདག་བས་གཞན་གཅེས་ཀྱི་བསམ་བློའི་རྨང་བརྟན་པོ་འདིང་དགོས།

ཕེབས། 👉 Qiu1980
2024-09-29




ལེའུ་བརྒྱད་པ།

ལྟ་ཚུལ་གྱིས་འཇིག་རྟེན་དུ་འཚོ་ཚུལ་ལ་འགྱུར་བ་གཏོང་ནུས།





༣ བདག་བས་གཞན་གཅེས་ཀྱི་བསམ་བློའི་རྨང་བརྟན་པོ་འདིང་དགོས།


གལ་སྲིད་ཚེ་འདི་ཕྱི་གཉི་གར་རྣམ་སྨིན་ཡིད་དུ་འོང་བ་མྱོང་འདོད་ན་གསེར་བཟང་ལྟ་བུ་རིན་ཐང་གཞལ་དུ་མེད་པའི་གཞན་ཕན་གྱི་སེམས་ཡོད་དགོས།

ལ་ལ་དག་གིས་གཞན་ལ་སྟེས་དབང་གིས་རོགས་རམ་རེ་བྱས་ཀྱང་རང་དེ་ལ་དྲིན་ཤིན་ཏུ་ཆེ་བར་རློམ་ཞིང་།གལ་སྲིད་མི་དེས་ཆེད་གཉེར་གྱིས་མ་ཡིན་པར་དགོངས་འགལ་ཕྲན་ཙམ་བྱུང་བ་ན་ཤིན་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་མི་དེ་ལ་ལས་རྒྱུ་འབྲས་མི་འདུགསྔར་ཁོ་སྡུག་ལ་འཕྲད་སྐབས་ངས་རམ་འདེགས་མ་བྱས་པ་ཡིན་ན་ཁོ་ལ་དེ་རིང་གི་གཟི་བརྗིད་འདི་ག་ལ་ཡོད།ད་ལྟ་ཆང་ལན་ཆུ་འཇལ་བྱས་ཏེ་ང་རང་སེམས་སུ་མ་བཞག་པར་ཅི་ཞིག་ཅི་ཞིག་བསྒྲུབས་སོང་སོགས་སྨྲས་ཏེ་འཁང་བ་རེད།

ལ་ལ་དག་ནི་དགོས་པ་གང་ཡང་མེད་ཀྱང་རང་བསྟོད་གླུར་ལེན་བྱེད་པར་སྤྲོ། སྔོན་བདག་གིས་མི་མཐུན་རྐྱེན་ངན་གྱི་ཐོག་སེར་ཁ་བ་བུག་ཡུག་ལྟར་འཚུབ་པའི་ཀློང་ནས་ཅི་མི་སྙམ་པར་གདོང་མཆོངས་བྱས་ཏེ་དཔའ་རྟགས་གང་ཞིག་གང་ཞིག་བླངས་སོགས་བྱས་ནས་ལུས་ཀྱིས་གར་འཁྲབ་ཁ་མཆི་མ་ཐ་ར་ར་བྱས་ཏེ་སྨྲ་བ་རེད།

ལ་ལས་ནི་ཐོས་རྒྱ་ཆེ་བར་རློམ་ནས་གཞན་གྱི་བསྟོད་བསྔགས་ལ་སྐོམ་པ་ཆུ་འདོད་ལྟར་རེ་ནས་རྟག་ཏུ་རང་ཉིད་ཀྱི་ཡོན་ཏན་ཕྱི་རུ་སྒྲོག་པར་དགའ།

ཡང་ལ་ལ་དག་དགེ་བ་ཅུང་ཙམ་རེ་འདུ་བྱས་པ་ན་ཚང་མས་ཁོའི་རླབས་ཆེན་གྱི་བྱ་བ་བརྗེད་པར་དོགས་པའམ་ཁོའི་མཛད་རྗེས་ཆེན་མོ་གཞན་གྱིས་མི་ཤེས་པར་དོགས་པ་ལྟ་བུས་དྲྭ་ཐོག་ཏུ་བསྐུར་ནས་ཀུན་ལ་སྒྲོག

གོང་གི་སྤྱོད་པ་དེ་དག་གིས་གལ་སྲིད་སེམས་ཅན་ལ་ཕན་ཐོགས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཛད་པ་བསམ་གྱིས་མི་ཁྱབ་ཅིང་སོ་སོའི་སྐྱེ་བོའི་སྤྱོད་ཡུལ་མ་ཡིན་པས་རང་རེས་གང་ཡང་ཟེར་མི་ཕོད། གལ་སྲིད་རང་ཉིད་ཀྱི་ཀུན་སློང་དེ་ལྟ་བུ་ཞིག་མ་ཡིན་པར་མི་སྒེར་གྱི་ཁེ་གྲགས་ཙམ་འདོད་པ་ཡིན་ན་ཐེག་པ་ཆེན་པོ་སྤྱོད་པའི་གང་ཟག་རྣམས་ཀྱིས་ཁྲེལ་ཞིང་སྨད་བྱའི་གནས་ཁོ་ནའོ།།

ཅིའི་ཕྱིར་ཞེ་ན། ཐེག་པ་ཆེན་པོའི་ཆོས་ཀྱིས་བདག་བས་གཞན་གཅེས་ཀྱི་བསམ་བློས་བློ་གཙོ་བོར་སྦྱོང་ཞིང་སེམས་ཅན་གྱི་དོན་ཁོ་ན་མཆོག་ཏུ་བྱས་ནས་རང་ཉིད་ལས་སེམས་ཅན་རྣམས་ཀྱི་དོན་ལ་སྤྱན་གྱིས་བཙའ་བའི་ཕྱིར་རོ།།

སེམས་ཅན་ལ་རམ་འདེགས་བྱས་ཏེ་དེ་དག་གི་ཆེད་དུ་དཀའ་ངལ་ཕྲན་ཙམ་མྱོང་བ་ནི་འོས་པའི་ལས་ཤིག་ཡིན་པས་ངོམ་སྒྲོག་བྱ་རྒྱུ་ཅི་ཡང་མེད།


ཁ་བྱང་ལྟར་ནང་དོན་རེ་རེ་བཞིན་གཟིགས་ཐུབ།







 


འདི་ནས་ལན་གཅིག་གནོན་རོགས།👇
继续滑动看下一个
Qiu1980
向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存