ཧ་ཅང་ངོས་ཟིན་བདེ་བར་སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་ཚོམ་བུར་བཀོད་པ།
ཨ་ཙརྱ་རིག་གཞུང་འཕྲིན་སྟེགས།
ཨ་ཙརྱ་རིག་གཞུང་འཕྲིན་སྟེགས་ནི་བོད་ཁུལ་དེང་རབས་ཀྱི་བརྡ་འཕྲིན་བརྒྱུད་ལམ་གསར་བ་ཞིག་ལ། འདིར་གར་དེང་རབས་ཀྱི་རྩིས་འཕྲུལ་དང་བརྡ་འཕྲིན་ཤེས་བྱ་སྣ་ཚོགས་ངོ་སྤྲོད་བྱེད་བཞིན་ཡོད་ལ། ལྷག་པར་བོད་ཀྱི་རིགས་གནས་སློབ་གསོ་དང་། འཚོ་བའི་གྲུ་གར་གླན་པའི་གློག་བརྙན་སྣ་ཚོགས་རོ་མྱོང་བྱེད་ཐུབ་ལ། མ་ཟད་སྤྲོ་དགའི་སྣང་བ་སྟེར་བའི་གླུ་བྲོ་དང་བཞད་གར། དགའ་སྐྱོའི་རྟོགས་འགྱུ་གཟུགས་སུ་ཕབ་པའི་སྙན་རྩོམ་སོགས་མདོར་ན་སྔོན་དང་ད་ལྟའི་བོད་ཀྱི་ངག་ཐོག་རིག་གནས་གང་མང་རྒྱུས་ལོན་དང་ལོངས་སུ་སྤྱོད་ཐུབ། དེ་བས་འཕྲིན་སྟེགས་འདི་ནི་གནའ་དེང་གི་རིག་གནས་སྣ་ཚོགས་གསོག་ཉར་བྱ་སའི་བརྡ་འཕྲིན་གྱི་འཇིག་རྟེན་ཆུང་ཆུང་ཞིག་དང་ཡིད་འོང་གི་གར་སྟེགས་ཤིག་ཀྱང་ཅི་ལ་མིན།
༄༅། །རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་ལུགས་ལྟར་
ཀར་གླིང་ཞི་ཁྲོའི་དཀྱིལ་འཁོར་བཞུགས།
ཕྱི་ལོ་༢༠༢༡ལོའི་ཟླ་བཅུ་གཅིག་པ་དང་རབ་གནས་ལྕགས་གླང་ལོའི་ཟླ་དགུ་པའི་ནང་ཀར་གླིང་ཞི་ཁྲོའི་ཆོ་གའི་དངོས་གཞི་དང་དཀའ་འགྲེལ་གསལ་བྱེད་སྐྱ་རེངས་དང་པོའི་མཆན་འགྲེལ་ཉིན་བྱེད་སྣང་བའི་ཁྲིད་ཀྱི་དགོངས་པ་དང་བསྟུན། ཞི་བ་དང་ཁྲོ་བོའི་བཞུགས་གནས་ཀྱི་བཤད་པ་དག་ལག་ལེན་ལ་བསྟར་བདེ་བའི་ཕྱིར། འདིར་གཙོ་བོ་ལྷ་གནས་སོ་སོར་ཚོམ་བུ་བཀོད་པ་རི་མོའི་ལམ་ནས་གསལ་བར་བྱ་བ་ལ།
དེ་ཡང་གཞལ་ཡས་ཁང་གི་སྟེང་ཁང་ཞི་བའི་དཀྱིལ་འཁོར་གྱི་དབུས་བུམ་པ་ཟླུམ་པོའི་ནང་གི་འཁོར་ལོ་རྩིབས་བཞིའི་ལྟེ་བའི་མཁའ་ལ་རྣམ་སྣང་ཡབ་ཡུམ་དང་དེའི་སྤྱི་བོར་ཀུན་བཟང་ཡབ་ཡུམ་བཏེགས་ལ། འཁོར་ལོ་རྩིབས་བཞིའི་ཤར་ཕྱོགས་སུ་རྡོར་སེམས་རིགས་ལྔ་ཡུམ་དང་བཅས་གཙོ་འཁོར་དྲུག་དང་། དེ་བཞིན་ལྷོར་རིན་ཆེན་རིགས་ཀྱི་གཙོ་འཁོར་དང་། ནུབ་ཏུ་པདྨ་རིགས་ཀྱི་གཙོ་འཁོར་བྱང་དུ་ཀརྨ་རིགས་ཀྱི་གཙོ་འཁོར་བཅས་སེམས་དཔའ་སེམས་མ་རྣམས་དང་། དེ་བཞིན་དུ་ཀུན་བཟང་ཡབ་ཡུམ་གྱི་སྟེང་དུ་ལྷ་ཡི་ཐུབ་པ་བརྒྱ་བྱིན་དང་། རྣམ་སྣང་ཡབ་ཡུམ་གྱི་འོག་ཏུ་དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ་པོ། འཁོར་ལོའི་ཤར་ལྷོའི་རྩིབས་མཆན་ལ་ཐག་བཟང་དང་། ལྷོ་ནུབ་ཏུ་ཤཱཀ་ཐུབ། ནུབ་བྱང་སེང་རབ། བྱང་ཤར་ཁ་འབར་བཅས་ཐུབ་པ་དྲུག་གོ། དེའི་ཕྱོགས་ཀྱི་སྒོ་བཞིའི་ཤར་སྒོར་ཡབ་རྣམ་རྒྱལ་དང་ཡུམ་ལྕགས་ཀྱུ་མ། ལྷོ་སྒོར་ཡབ་གཤིན་རྗེ་དང་ཡུམ་ཞགས་པ་མ། ནུབ་སྒོར་རྟ་མགྲིན་དང་ལྕགས་སྒྲོག་མ་ཡབ་ཡུམ། བྱང་སྒོར་བདུད་རྩི་འཁྱིལ་བ་དང་དྲིལ་བུ་མ་བཅས་སྒོ་བ་ཡབ་ཡུམ་བརྒྱད་དེ་ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་བཞུགས་སོ།།
ཁྲག་འཐུང་ཁྲོ་བོའི་དཀྱིལ་འཁོར།
གཞལ་ཡས་ཁང་གི་འོག་ཁང་སྒོ་སྦྲགས་ཅན་གྱི་དབུས་འཁོར་ལོ་རྩིབས་བཞིའི་ལྟེ་བའི་ནམ་མཁར་ཆེ་མཆོག་ཡབ་ཡུམ་དང་། ཆེ་མཆོག་གི་འོག་དབུས་ཀྱི་གདན་ལ་བྷུདྡྷཱ་ཧེ་རུ་ཀ་དང་ཕྱོགས་བཞིའི་རྩིབས་སྟེང་དུ་བཛྲ་རཏྣ་པདྨ་ཀརྨ་བཅས་ཁྲག་འཐུང་གཙོ་བོ་ཡབ་ཡུམ་བཅུའོ།།
དཀྱིལ་འཁོར་གྱི་གློ་འབུར་དུ་ཀཽ་རཱི་སོགས་ཕྱོགས་མ་བཞི་དང་གྲུ་ཆད་དུ་པུསྐ་སོགས་མཚམས་མ་བཞི་བཅས་ཀོའུ་རཱི་བརྒྱད།
དཀྱིལ་འཁོར་གྱི་ཁྱམས་ནང་མ་གསེར་ཁྱམས་ལ་སིངྷ་བརྒྱད།
དཀྱིལ་འཁོར་གྱི་ཁྱམས་ནང་མའི་སྒོ་བཞི་རུ་སྒོ་མ་བཞི་སྟེ་སྲས་མོ་ཉི་ཤུའོ།།
དཀྱིལ་འཁོར་གྱི་ཁྱམས་ཕྱི་མའི་ཁྲག་ཁྱམས་སུ་ཕྱོགས་རེ་ལ་ལས་མཛད་དྲུག་དྲུག་དང་།
དེའི་སྒོ་ཕྱི་མ་བཞི་ལ་སྒོ་མ་བཞི་བཅས་དབང་མོ་ཉེར་བརྒྱད་བཅས་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དོ།།
སླར་ཡང་ཞི་ཁྲོའི་དཀྱིལ་འཁོར་གྱི་ས་བོན་དག་ངོས་འཛིན་བདེ་བའི་ཕྱིར་དུ་བཀོད་ན།
ཐོག་མར་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཚོམ་བུ་ས་བོན་དང་བཅས་པ་བཞུགས།
གཉིས་པ་ཁྲོ་བོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཚོམ་བུ་ས་བོན་དང་བཅས་པ་བཞུགས།
དེ་ལྟར་ཞི་བ་བཞི་བཅུ་རྩ་གཉིས་དང་འབར་བ་ལྔ་བཅུ་རྩ་བརྒྱད་ཆེ་མཆོག་ཡབ་ཡུམ་དང་བཅས་ཞི་ཁྲོ་བརྒྱ་རྩ་གཉིས་བཅས་བཞུགས་སོ།།
ཞེས་བོད་ཆུ་སྟག་ལོའི་ཟླ་༡ ཚེས་༣ ལ་ཨ་ཙརྱས་
ཁ་པར་ལམ་ནས་བསྒྲིགས།
སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་བཞུགས།
ལྷ་རེ་རེ་བཞིན་ངོས་ཟིན་བདེ་བའི་ཕྱིར་ཚོམ་ལྟར་བཀོད་པ།
བྱང་སེམས་ཞི་བའི་ལྷ་ཚོགས།
ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས།
འདིར་ཡང་བོད་ཆུ་སྟག་ལོའི་ཟླ་༨་ཚེས་༢༥་སྟེ་རིག་བཟང་རིགས་བཟང་མཁའ་འགྲོ་འདུ་བའི་དུས་ཚེས་དགེ་བར་ཞི་བ་དང་ཁྲོ་བོའི་ལྷ་ཚོགས་ཆེད་དུ་ངོས་ཟིན་བདེ་བར་བཀོད་པ་ཡིན་ལ།
མ་ཟད་གོང་གི་པར་རིས་འདི་གཉིས་པོ་pngརྣམ་པ་བྱས་ནས་རྒྱབ་ལྗོངས་མེད་པར་བཟོ་ཡོད་པས་གཞི་གང་ལ་འཇོག་འདོད་པ་ཚོར་ཧ་ཅང་སྟབས་བདེར་བསྐྲུན་པའོ།།
ཆ་འཕྲིན་སྐོར་གྱི་ཤེས་བྱ་སྣ་ཚོགས་ཤེས་འདོད་ན།
འོག་གི་ཁ་བྱང་དེ་དག་ལ་ནོན།
མ་ལག་དགོས་ན་འདི་ན་ཡོད་པས་འབྲེལ།
འབུར་གཟུཊ་དང་ཨ་ལོང་སོཊ་བཟོ་ཚུལ།
སྤྱོད་སྒོ་ཆེ་བའི་མ་ལག ཇུས་འགོད།
འཕྲིན་ཕྲན་གྱི་གད་སྙིགས་གཙང་སེལ།
PDFཡི་གེ་Wordརྣམ་པར་བསྒྱུར་ཚུལ།
སྒྲ་སྙན་ཀྱི་དབྱངས་དང་ཀྲོལ་སྟངས།
གསང་གྲངས་བརྗེད་ན་བསྐྱར་བཟོ་བྱེད་སྟངས།
Phonto བཀོལ་ནས་ཉི་ཟླ་བཟོ་སྟངས།
ཁ་པར་ལས་ཡིག་ཆ་གསུབ་ཟིན་པ་ཕྱིར་འཚོལ་སྟངས་གསར་བ། བརྙན།
རྩིས་འཕྲུལ་སྐོར་གྱི་བསླབ་སྟོན་སྣ་ཚོགས། བརྙན།
ཀུ་ཤུ་ཁ་པར་ནང་གི་གསུབ་ཟིན་པའི་ཡིག་ཆ་ཕྱིར་འཚོལ་ཐབས།
Phonto བཀོལ་ནས་ཉི་ཟླ་བཟོ་སྟངས།
ངེས་པར་ཤེས་པའི་དཔེ་ཆ་ལ་ཚོན་གདབ་སྟངས།
ཀུ་ཤུ་ཁ་པར་གྱི་ཡིག་གདན་ཐག་གཅོད།
དྲ་སྡེར་བརྒྱ་འདུས་སྤྲིན༼百度云༽ཐོ་འགོད་དང་བེད་སྤྱོད་བྱ་ཚུལ།
ཀུ་ཤུ་གློག་ཀླད་མ་ལག(MAC)བདག་སྐྱོང་མཉེན་ཆས་ངོ་སྤྲོད།
ཁྱེད་ཀྱི་ཁྱེའུ་འཕྲིན་གསང་གྲངས་བརྗེད་སོང་ན་འདི་ལ་ལྟོས། བརྙན། ▶️
འཕྲིན་ཕྲན་གསང་གྲངས་བརྗེད་སོང་བ་གཏོར་སྟངས། རྩེ་ཐང་བུ་ལོ། ▶️
འཕྲིན་ཕྲན་དང་འབྲེལ་བའི་ཨང་གྲངས་མེད་ན།
ཁ་པར་ཨང་གྲངས་གཅིག་གིས་འཕྲིན་ཕྲན་མང་པོ་བཟོས་ཆོག
འཕྲིན་ཕྲན་དང་དངུལ་བྱང་མཐུད་སྟངས། ▶ བརྙན་ལམ་སློབ་ཁྲིད།
སྐད་འཕྲིན་དང་ཐོབ་དཔང་མཐུད་སྟངས། ▶ བརྙན་ལམ་སློབ་ཁྲིད།
【视频】ཐོབ་དཔང་དང་འཕྲིན་ཕྲན་ཇི་ལྟར་འབྲེལ་ཚུལ།
ཁུག་དམར་གྱི་གསང་གྲངས་བརྗེད་སོང་ན་འདི་ལྟར། ▶ བརྙན་ལྡན།
ཁུག་དམར་གྱི་ཉེན་ཁ་གསར་བ་ཞིག ངེས་པར་གཟིགས་རོགས་ཞུ།
ཀུ་ཤུ་རྟགས་ཅན་ཁ་པར་ནང་འཕྲུལ་དེབ་བཟོ་ཚུལ། བརྙན་ལམ་སློབ་ཁྲིད།
Mayaརྩིས་འཁོར་དུ་བསྒྲིག་འཇུག་བྱེད་ཐབས།
བོད་མི་རང་གིས་བཟོས་པའི་ཁ་པར་སྒྲ་མཛོད་ཆེན་མོ།
རྩིས་འཕྲུལ་ནང་དུ་བོད་ཡིག་ལས་ཀ་བྱེད་མཁན་ཚོར་དམིགས་པའི་འོས་སྦྱོར།
འཕྲིན་ཕྲན་གྱི་གྲོགས་ཚོམས་སུ་བརྙན་རིང་པོ་བསྐུར་ཐབས། ▶️
རིན་མེད་འཕྲིན་ཕྲན་གཙང་སེལ་གྱི་ཉེན་ཁ། ▶️ བརྙན།
ཀུ་ཤུའི་རྩིས་འཕྲུལ་ནང་དུ་ཡིག་གཟུགས་གསར་བ་ཁ་སྣོན་བྱེད་ཚུལ།
ཁ་པར་གྱི་སྒྲ་སྒམ་མཐའ་འཁོར་ན་ཡོད་པའི་ས་རྡུལ་སེལ་ཐབས། སྒྲ།
སྣ་མང་ཁ་པར་ནང་དུ་བོད་ཡིག་འཇོག་ཚུལ།
འཕྲིན་སྟེགས་ནང་གི་སྒྲ་ལེན་ཚུལ་གྱི་སློབ་ཁྲིད། བརྙན། ▶️
དྲྭ་ངོས་ཀྱི་སྒྲ་དང་བརྙན་སྟབས་བདེའི་ངང་ཕབ་ལེན་སྐོར་གྱི་སློབ་ཁྲིད།
དྲྭ་ངོས་ཀྱི་སྒྲ་དང་བརྙན་སྟབས་བདེའི་ངང་ཕབ་ལེན་བྱེད་སྟངས། བརྙན།
ཀུ་ཤུའི་འཆར་ངོས་ཡོངས་ལ་བོད་ཡིག་བཀོལ་སྟངས།
ཁ་པར་གྱི་རྒྱུན་ཤེས་འདི་དག་མ་ཤེས་ཐབས་མེད་རེད། ཕན་པར་ཤོག
གློག་ཀླད་མེད་ན་སྒྲ་བརྙན་འདི་ལྟར་ལོངས།
པར་དང་བརྙན་སོགས་ཀྱི་སྟེང་དུ་ཡིག་གཟུགས་རྣ་ཚོགས་བཀོལ་སྟངས།༼བརྙན།༽
ཀུ་ཤུ་ཁ་པར་གྱི་ཤེས་བྱ་ཆུང་ཆུང་། འོས་སྦྱོར། བརྙན།
ཁྱོད་ལ་འཕྲིན་ཕྲན་དང་འབྲེལ་བའི་ཁ་པར་ཨང་གྲངས་མེད་ན་འདི་ལྟར་བྱོས།
ཀུ་ཤུ་རྟགས་ཅན་ཁ་པར་དུ་བོད་ཡིག་དབུ་མེད་སོགས་འཇུག་ཐབས། ༼པར།༽
ཨན་ཏྲོ་ཁ་པར་ནང་དུ་བོད་ཡིག་འཇོག་ཚུལ། 视频|
ཀུ་ཤུ་ཁ་པར་གྱི་ཁོག་ཇེ་ཆེར་གཏོང་ཐབས། པར་རིས་སློབ་ཁྲིད།
ཀུ་ཤུ་ཁ་པར་གྱི་མ་ལག་ཚད་རིམ་IOS10སྒྱུར་ཐབས།
༈ ཡོངས་འཛིན་ཀྱི་མཉེན་ཆས་ཕབ་ལེན་བྱེད་སྟངས།
བོད་ཡིག་བཀོལ་ནས་དངུལ་ལེན་དགོས།
ཡིག་བསྒྱུར་མ་ལག་ངོ་སྤྲོད། གསར།
ཚན་རིག་ཤེས་བྱའི་གར་ཐུང་། བརྙན།
PDFཡི་གེ་Wordརྣམ་པར་བསྒྱུར་ཚུལ།
འཕྲིན་ཕྲན་གྱི་གད་སྙིགས་གཙང་སེལ།
ཀུ་ཤུ་ཁ་པར་དང་ཨ་ཕོད་ཀྱི་ནང་སོག་གམ་ཁོག་པ་ཆེ་རུ་གཏོང་ཐབས།
འཕྲིན་སྟེགས་བཟོ་ཚུལ་པར་རིས་སུ་བཀོད་པ། 微信公众平台
འཕྲིན་སྟེགས་བཟོ་ཚུལ་པར་རིས་སུ་བཀོད་པ།
འཕྲིན་སྟེགས་ནང་དུ་དབྱིན་ཡིག་སྐུར་ནས་ལྟད་མོ་ལྟ་བ།
བརྙན། འཕྲིན་ཕྲན་འདི་དག་བཀོལ་ན་སེམས་ཆུང་བྱོས།
ཚད་གསུམ་འགུལ་རིས་མཉེན་ཆས་MAYAལ་འཇུག་པའི་སྒོ། ༡ ▶ བརྙན།
ཚད་གསུམ་འགུལ་རིས་མཉེན་ཆས་MAYAལ་འཇུག་པའི་སྒོ། ༢ ▶ བརྙན།
ཚད་གསུམ་འགུལ་རིས་མཉེན་ཆས་MAYAལ་འཇུག་པའི་སྒོ། ༣ ▶ བརྙན།
ཆ་འཕྲིན་ཤེས་བྱ་སྣ་ཚོགས། རིན་མེད་ཡིན་པས་དོ་ཁུར་རེ་གནང་རོགས།
བརྙན། ▶️ ཡིག་སྒམ་ཐོ་འགོད་བྱེད་ཚུལ།
ཡིག་སྒམ་བེད་སྤྱོད་བྱེད་ཚུལ། ▶️ བརྙན།
ཀུ་ཤུ་ཁ་པར་བཙོན་གྲོལ(越狱)བྱེད་ཚུལ་གྱི་འདྲ་རིས་སློབ་ཁྲིད།
བིམ་མཛོད་ཨང་དང་ཡིག་ཟམ་བཟོ་ཚུལ།
བུམ་མཛོད་གསང་གྲངས་ཐོ་འགོད་བྱེད་ཚུལ་དང་དེའི་ཁྱད་ཆོས། ▶ བརྙན།
ཀུ་ཤུ་ཁ་པར་གྱི་བིམ་མཛོད་བཟོ་སྟངས།
ཨ་ཙརྱ་རིག་གཞུང་འཕྲིན་སྟེགས་སྐོར་གྱི་གསལ་བཤད། བརྙན། ▶
ཆ་འཕྲིན་ཤེས་བྱ་སྣ་ཚོགས་ཤེས་འདོད་ན་འདི་ནས་འབྲེལ།
ཚང་མས་ངེས་དགོས་པའི་དོ་དམ་པའི་གསལ་བཤད། འཕྲིན་སྟེགས་འདིའི་ཁེ་དབང་ནི་གཙོ་སྒྲུབ་པ་ཨ་ཙརྱ་ལ་དབང་བས། འདི་གར་དོ་དམ་པས་ཆེད་དུ་བསྒྲིགས་པའི་ནང་དོན་དག་ཕྲིན་སྟེགས་གཞན་པས་དོ་དམ་པ་ཡིད་འཐད་མིན་པར་གང་འདོད་དུ་ཁ་བྱང་སོགས་རྐུ་བཤུ་བྱེད་མི་ཆོག་པར་མ་ཟད། གལ་ཏེ་ནང་དོན་རྐུ་མཁན་ཡོད་ན་རང་ཉིད་ལ་ཁྲིམས་ཆད་ཕོག་ངེས་པས་དེ་ལུགས་ཐུགས་འཇགས་འཚལ་ཞུ་བ་དང་། འཕྲིན་སྟེགས་འདི་གར་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཡོད་ཚེ་དོ་དམ་པར་འབྲེལ་གཏུག་བྱོས་དང་ཐད་ཀར་བསུབ་ངེས་ལགས།
ཁྱེད་ཉིད་ཨ་ཙརྱའི་རིག་གཞུང་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ། ཉིད་ཀྱིས་ཕྲན་ལ་རྒྱབ་སྐྱོར་དང་དོ་ཁུར་གནང་བར་སྙིང་ནས་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག གཞན་ཁྱོད་ལ་འཕྲིན་སྟེགས་འདིར་འགོད་དགོས་པའི་རྩོམ་ཡིག་དང་། གླུ་དང་རྡུང་ལེན། གསལ་བརྡ། ཚོང་ལས་བརྡ་ཁྱབ་སོགས་ཡོད་ན། དོ་དམ་པར་འབྲེལ་བ་བྱོས་དང་རིན་གོང་ཧ་ཅང་སླ་མོའི་སྒོ་ནས་ཁྱོད་ལ་རྒྱབ་སྐྱོར་བྱེད་ངེས།
སྒྲིག་སྦྱོར་པ། ཨ་ཙརྱ།
རིག་གཞུང་འཕྲིན་སྟེགས་ནི་བོད་ཁུལ་དེང་རབས་ཀྱི་བརྡ་འཕྲིན་བརྒྱུད་ལམ་ཞིག་ཡིན་པས།
འདིས་ཁྱོད་ཀྱི་འཚོ་བའི་དགོས་མཁོ་སྐོང་ཐུབ་པར་སྨོན།