ཨ 阿
The following article is from AR阿热藏餐 Author 阿热藏餐
邱阳创巴仁波切书法
བོད་ཡིག་གསལ་བྱེད་སུམ་ཅུའི་སྲོག་ཡིག“ཨ”
藏文字母之灵魂“ཨ”
“ཨ”ནི་བོད་ཡིག་གི་གསལ་བྱེད་སུམ་ཅུའི་ཡ་གྱལ་ཡིན་ལ།ཆེས་གལ་ཆེ་བའི་གསལ་བྱེད་ཤིག་ཀྱང་ཡིན། ཧིན་རྡུའི་ཆོས་ལུགས་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས།ད་དུང་ཧི་མ་ལ་ཡའི་ཉེ་འདབས་ཀྱི་རིག་གནས་ཁྲོད་དུ་“ཨ”ལ་སྒྲ་གདངས་ཧ་ཅང་ཆེན་པོ་ཞིག་ཡོད་དེ།དཔེར་ན་ཚེ་སྲོག་གི་འབྱུང་ཁུངས་དང་འདྲ་བར་གོ་གནས་ཧ་ཅང་གལ་ཆེན་དང་རིན་ཐང་ཆེན་པོ་ཞིག་ཡོད་པའི་ངོས་འཛིན་བྱེད་ཀྱི་འདུག
བོད་ཡིག་གི་གསུང་རབ་དང་བསྟན་བཅོས་མང་པོ་ཞིག་གི་ཁྲོད་དུའང་“ཨ”ཡིག་གི་གལ་ཆེན་རང་བཞིན་བཀོད་ཡོད་ལ།དཔེར་ན།
ཨ་ནི་ཡི་གེ་ཀུན་གྱི་མཆོག །
ཨ་ནི་ཡི་གེ་ཀུན་གྱི་སྲོག །
ཨ་ནི་ཡི་གེ་ཀུན་གྱི་མ། །
ཨ་ནི་ཡི་གེ་ཀུན་གྱི་བླ། །
ཞེས་ཨ་ནི་ཡི་གེ་ཀུན་གྱི་ཨ་མ་དང་སྲོག་ལྟ་བུ་ཞིག་ཡིན་པར་བཀོད་འདུག
བོད་ཡིག་གི་གསལ་བྱེད་སུམ་ཅུའི་གཟུགས་དབྱིབས་ཐད་རང་རང་སོ་སོར་ཁྱད་ཆོས་ལྡན་མོད། འོན་ཀྱང་སྒྲ་གདངས་ཀྱི་ནང་དུ“ཨ”ཞུགས་ཡོད་ལ། སྒྲ་གདངས་ཀྱི་ནང་དུ་ཞུགས་ཡོད་པའི“ཨ”ཡིག་ནི་གསལ་བྱེད་ཀྱི་ཚེ་སྲོག་དང་རྣམ་ཤེས་ལྟ་བུར་མཚུངས་བས།ཡབ་མེས་གོང་མ་རྣམས་ཀྱིས་“ཨ”ཡིག་གི་གསལ་བྱེད་སུམ་ཅུའི་མཇུག་སྒྲིལ་བ་ལའང་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ཞིག་ལྡན་པར་བསམ།
“ཨ”ཡིག་གི་སྟེང་ལ་རྟགས་“ོཾ”འདི་བསྣན་རྗེས་༼ ཨོཾ ༽དུ་གྱུར། བོད་བརྒྱུད་ནང་བསྟན་དུ་ཡི་གེ་འདི་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན།སྒྲ་འབྱིན་པ་ཁོ་ནས་ཀྱང་མི་ཡི་མགོ་བོའང་ཅུང་ཙམ་སྦྲིད་པའི་ཚོར་སྣང་སྐྱེས་སྲིད།
རི་མོ་བ།ལྟག་ཆོས་འཕེལ་རིན་པོ་ཆེ།
绘图丨耷·琼培仁波切
འདྲ་པར་ཡོང་ཁུངས། Google
钹上的“ ཨོཾ ”丨图源Google
སྤར་ཁའི་རྒྱབ་ཕྱོགས་ཀྱི“ཨ”ཡིག
འདྲ་པར་ཡོང་ཁུངས།Google
九宫八卦牌背面的“ ཨོཾ ” 丨图源Google
“ཨ”ཚེ་སྲོག་གི་འབྱུང་ཁུངས།
“ཨ”生命之源
ངག་རྒྱུན་ལྟར་ན་འཇིག་རྟེན་གསར་དུ་བསྐྲུན་པའི་དུས་སུ་གནམ་སའི་བར་དུ་བྱུང་བའི་སྒྲ་དང་པོ་ནི་“ཨ”ཡིན་ལ། རྗེས་སུ“ཨ”སྒྲ་ནི་ལྷའི་དུས་རབས་སུ་གསར་གཏོད་བྱས་པའི་སྒྲ་ལ་ངོས་འཛིན་པ་དང་། འཇིག་རྟེན་ཐོག་གི་བྱ་དངོས་ཐམས་ཅད་གསར་དུ་གཏོད་མཁན་གྱི་ཀྱི་སྒྲ་་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད།
འདྲ་པར་གྱི་ཡོང་ཁུངས།Google
图源丨Google
བྱིས་པ་སྐྱེས་པའི་སྐབས་སུ་ངུ་སྒྲ་དང་པོའི་ནང་དུ་“ཨ”ཡོད་ལ། སྐད་ཆ་ཅུང་ཙམ་བཤད་ཤེས་པའི་སྐབས་སུའང་ཐོག་དང་པོར་བཤད་ཐུབ་པའི་སྒྲ་ནི་“ཨ”རེད། དེ་ཡི་རྗེས་སུ་ད་གཟོད“ཨ་མ”དང་“ཨ་ཕ”སོགས་ཀྱི་མིང་ཚིག་འདི་དག་བྱུང་བ་རེད།མི་ཚེ་ལས་འདས་པའི་སྐབས་སུའང་ཆེས་མཇུག་མཐར“ཨ”ཞེས་བའི་སྒྲ་ཤོར་ནས་མི་ཚེ་མཇུག་རྫོགས་བཞིན་ཡོད།
རི་མོ་བ།ལྟག་ཆོས་འཕེལ་རིན་པོ་ཆེ།
图源丨耷·琼培仁波切
བོད་ཡིག་གི་ཁྲོད“ཨ”ཡིག་གི་གྲུབ་ཚུལ་ནི་ས་གཞི“ས”དང་ཆུ་བོ“ཞབས་ཆུ”ཡིས་གྲུབ་ཡོད་དེ།ས་ཆུ་འཛོམས་པའི་གནས་ལ་ཚེ་སྲོག་གི་འབྱུང་ཁུངས་ཟེར།
生命从开始到结束,都以“ཨ”来贯穿,“ཨ”是生命之源、生命之脉,其藏文图腾的表达也深含此意。
藏文里“ཨ”字的结构是土地ས与河流ཞབས་ཆུ་的结合,土地肥沃、水源充足之地即为生命之源。
རི་མོ་བ།ལྟག་ཆོས་འཕེལ་རིན་པོ་ཆེ།
绘图丨耷·琼培仁波切
“ཨ”最殊胜的称谓
“ཨ”ཡིག་ལ་དམིགས་བསལ་གྱི་གོ་དོན་དང་སྟོབས་ཤུགས་ཆེན་པོ་ཞིག་ལྡན་པས།བོད་པ་རྣམས་ཀྱི་དུས་རྒྱུན་འཚོ་བའི་ཁྲོད་དུ་གུས་པར་འོས་པའི་བླ་མ་དང་རྒན་རབས་པའི་མིང་གི་སྔོན་དུ་“ཨ”ཡིག་སྦྱར་ནས་དེ་ལ་བརྩི་བཀུར་དང་ཡིད་སྨོན་མཚོན་པར་བྱེད་བཞིན་ཡོད།
རང་ཉིད་དང་ཆེས་ཉེ་བའི་རྒན་རབས་པའི་མིང་གི་སྔོན་དུའང་“ཨ”ཡིག་སྦྱར་ནས་འབོད་བཞིན་ཡོད་པ།དཔེར་ན། ཨ་མ། ཨ་ཕ། ཨ་ཁུ། ཨ་ནེ་ལྟ་བུའོ། འདི་དག་གིས་ཀྱང་བརྩི་བཀུར་དང་མཛའ་གཅུགས་ཀྱི་བསམ་པ་མཚོན་བཞིན་ཡོད།
རི་མོ་བ།ལྟག་ཆོས་འཕེལ་རིན་པོ་ཆེ།
绘图丨耷·琼培仁波切
ཐོད་པ་སྟེང་གི“ཨ”ཡིག་རང་བྱོན།
颅骨上自然呈现的“ཨ”
ངག་རྒྱུན་ལྟར་ན་རི་ཁྲོད་འགྲིམས་པའི་དགེ་འདུན་པ་ཞིག་གིས་རང་ཉིད་སྐུ་གཤེགས་རྒྱུ་ཡིན་པ་ཚོར་ནས།ཁོང་གི་གྲོགས་པོ་ཞིག་ལ་ང་སྐུ་གཤེགས་ན་སྐུ་གདུང་བཞུགས་འབུལ་གཏོང་དུས་ཁྱེད་རང་ངེས་པར་དུ་ཐོན་དགོས།ང་ལ་དམིགས་བསལ་གྱི་ལེགས་སྐྱེས་ཞིག་ཁྱེད་ལ་སྟེར་རྒྱུ་ཡོད་ཞེས་བཤད།རི་ཁྲོད་པ་དེ་སྐུ་གཤེགས་རྗེས།ཁོང་གི་གྲོགས་པོའང་དུས་ལྟར་སྐུ་གདུང་བཞུགས་འབུལ་གྱི་ཆོ་གའི་སྟེང་དུ་ཞུགས།སྐུ་གདུང་བཞུགས་འབུལ་བྱས་ནས་ཅུང་ཙམ་འགོར་རྗེས་འུར་སྒྲ་ཆེན་པོ་ཞིག་དང་མཉམ་དུ་མེ་ལྕེའི་ནང་དུ་ཐོད་པ་ཆུང་ངུ་ཞིག་གྲོགས་པོའི་པང་དུ་ལྷུང་། གྲོགས་པོས་ཞིབ་མོར་བལྟས་པ་ན།ཐོད་པ་སྟེང་དུ་“ཨ”ཡིག་རང་བྱོན་ཡོད་པ་དང་། དུས་དེ་ནས་བཟུང་གྲོགས་པོ་དེའི་ཁྱིམ་རྒྱུད་དུ་བླ་མ་མང་པོ་ཞིག་སྐུ་འཁྲུངས་བའི་བཤད་སྲོལ་འདུག
རི་ཁྲོད་པ་ལས་གཞན།ད་དུང་བཤད་རྒྱུན་ཞིག་ལ་གེ་སར་རྒྱལ་བོའི་གདུང་རྒྱུད་སོགས་ཁྲག་རྒྱུད་ཧ་ཅང་དམིགས་བསལ་ཅན་གྱི་ཁྱིམ་རྒྱུད་ཁྲོད་དུའང་ཐོད་པར་“ཨ”ཡིག་རང་བྱོན་འབབ་པ་ཡོད་མོད། འོན་ཀྱང་དེ་འདྲ་ཧ་ཅང་དཀོན།
在藏区,很多品德高尚修行到位的活佛和僧人在圆寂之后,颅骨上都会有自然呈现的“ཨ”字。
相传一位修行到位的僧人自知即将离世,便在圆寂前叮嘱他一位非常要好的朋友定要参加他的火葬仪式,他有特殊的礼物要送给他。
这位修行者圆寂后,朋友如约参加了他的火葬仪式。在火化法体不久后,大家都听到了一声爆裂声,这时有一小片头盖骨从火焰中蹦出“投”到了朋友的怀中。
他细看后发现这小片头盖骨上呈现着一个“ཨ”字,之后这位朋友的家族中诞生了多名活佛。
除了修行者,据说像格萨尔王后裔等这类血统十分特殊的家族,其颅骨也有自然呈现的“ཨ”,但十分少见。
འབར་ཁམས་ས་ཁུལ་གྱི་རྡོ་རྩིག་སྟེང་གི“ཨ”ཡིག་རང་བྱོན།
马尔康地区石壁上自然呈现的“ཨ”丨图源Google
དགའ་ལྡན་དགོན་པའི་རྡོ་རྩིག་སྟེང་གི“ཨ”ཡིག་རང་བྱོན།མཚོན་མདོག་ནི་རྗེས་རབས་པས་བཏང་བ་རེད།
甘丹寺石壁上的“ཨ”,颜色为后人所绘。丨图源Google
甘丹寺石壁上的“ཨ”
རྗེ་རིན་པོ་ཆེ་དགུང་ལོ་བཅུ་དྲུག་གི་སྐབས་སུ་ཕ་ཡུལ་དང་ཁ་གྱེས་ནས་མ་ཡུམ་དང་ཐུག་འཕྲད་བྱུང་མ་ཐུབ་པ་དང་།ངག་རྒྱུན་ལྟར་ན་རྗེ་རིན་པོ་ཆེ་དགའ་ལྡན་དགོན་པའི་ཕྱི་སྐོར་དུ་ཕེབས་པའི་སྐབས་སུ་ཁུ་བྱུག་ཞིག་གྲགས་ནས་ཕ་ཡུལ་དུ་ཡོད་པའི་ཨ་མ་དྲན་ནས་“ཨ་མ”ཞེས་རང་དབང་མེད་པར་ཞལ་ནས་ཤོར་བས་རྡོ་རྩིག་སྟེང་དུ་“ཨ”ཡིག་རང་བྱོན་བྱུང་ལ།དུས་དེ་ནས་བཟུང་ས་དེ་གནས་མཆོག་ཁྱད་པར་བ་ཞིག་ཏུ་གྱུར།
“ཨ”ཡིག་རང་བྱོན་དེ་ད་ལྟ་ད་དུང་དགའ་ལྡན་དགོན་པའི་རྒྱབ་རིའི་རྡོ་རྩིག་སྟེང་དུ་ཡོད་ལ། དེ་ནི་རྗེ་ཙོང་ཁ་པའི་ཨ་མ་དྲན་པའི་བརྩེ་བ་ལས་བྱུང་བ་ཞིག་ཡིན་པས། བོད་པ་རྣམས་དགའ་ལྡན་དགོན་པ་ལ་མཇལ་ན་ཕ་མའི་དྲིན་ལན་འཇལ་ཐུབ་པར་བསམ་བཞིན་ཡོད།
自然呈现的“ཨ”字至今依存在甘丹寺后山的石壁上,此象源于宗喀巴大师对母亲思念之情,藏族人认为朝拜甘丹寺也可报父母恩亲。
རི་མོ་བ།ལྟག་ཆོས་འཕེལ་རིན་པོ་ཆེ།
绘图丨耷·琼培仁波切
“阿柔部落”是距今已有几千年历史的由血缘关系形成的土著游牧部落,是历史上青海部落“环海八族”之一,部落根源在果洛阿尼玛卿圣山一带。
民间相传在果洛草原的一对牧人夫妇,每年都会去阿尼玛卿转山朝拜,某年妻子身怀有孕休息在家,丈夫独自前往阿尼玛卿转山时在途中看到了山壁上自然呈现的一个“ཨ”字。
转山结束后,丈夫欣喜地回家时,妻子已生一子,他因朝拜途中喜见“ཨ”字,便为其儿取名为“ཨ་རིག (阿柔)”,“རིག”意为“看到”,即ཨ་རིག意为“看见阿字”。
这位名叫阿柔的男孩长大后成为了当地英勇多谋的头人,并成立了由血缘关系形成的“阿柔部落”。
ཨ་རིགས་བོད་ཟས་ཀྱིLogoསྟེང་གི་“ཨ”ཡིག
ལྟག་ཆོས་འཕེལ་རིན་པོ་ཆེ་ཡིས་བྲིས།
阿热藏餐Logo中心的“ཨ”为
耷·琼培仁波切所绘
“ཨ是生命之源,人的一生很简单,就像这个一笔绘成的‘ཨ’字,自始至终延续在一条脉络中。如火焰般的线条两段,更代表着生命的延续与传承。民以食为天,食物是延续生命的能量,健康的食物更是生命之源。”
——耷·琼培仁波切所述
རི་མོ་བ།ལྟག་ཆོས་འཕེལ་རིན་པོ་ཆེ།
绘图丨耷·琼培仁波切
ས་ཆུ་འཕྲད་ན་མཛེས་སྡུག་ཡིན།
མཛེས་སྡུག་ལྡན་ན་བདེ་སྐྱིད་ཡིན།
来自诺布匠人手绘的藏式木箱
点击图片可进入小程序了解
▼
冈仁波齐吊坠
点击图片可进入小程序了解
▼
海拔四千米的御医藏药茶
点击图片可进入小程序了解
▼
往期文章
点击图片阅读
▼
ཧྥ་རན་སིའི་དཔེ་སྐྲུན་བྱས་པའི་ཧི་མ་ལ་ཡའི་གཏམ་རྒྱུད་ཀྱི་སྒྲུང་དཔེ།
加入迦入,微信号:charuspace转自阿热藏餐撰文:阿秀毛 藏文翻译:央金拉姆 普桑加
感谢耷·琼培仁波切指导
文中素材请勿随意印刷转载 后果自负合作及投稿请加微信:charuspace