查看原文
其他

འཆི་ཁ་མའི་སེམས་སྐད་ཅིག་འདི་ཤིན་ཏུ་གལ་ཆེ།

ཕེབས། 👉 Qiu1980
2024-09-29




ལེའུ་བདུན་པ།

ནང་པ་སངས་རྒྱས་པའི་འཆི་ཁའི་བྱམས་སྐྱོང་།





༩ འཆི་ཁ་མའི་སེམས་སྐད་ཅིག་འདི་ཤིན་ཏུ་གལ་ཆེ།

འཆི་ཁ་མར་གལ་སྲིད་རྣམ་རྟོག་ངན་པ་སྐྱེས་ན་ཚེ་གཅིག་ཏུ་དགེ་བ་བསྒྲུབས་པའི་དབང་དུ་བཏང་རུང་ཤི་རྗེས་ངན་སོང་དུ་ལྟུང་སྲིད། འཆི་ཁར་དགེ་བློ་ཡང་དག་རྒྱུད་ལ་སྐྱེས་ན་མི་ཚེ་ཧྲིལ་བོར་མི་དགེ་བ་བསྒྲུབས་ཀྱང་མཐོ་རིས་སུ་སྐྱེ་བའི་སྐལ་བ་ལྡན་པ་དང་ཐ་ན་ཐར་བ་ཐོབ་པའི་གོ་སྐབས་ཀྱང་ཡོད།

འཆི་ཁ་ནི་ཤིན་ཏུ་གལ་ཆེ་བའི་དུས་སྐབས་ཤིག་ཡིན་པས་དེའི་དུས་ཀྱི་དགེ་སེམས་དང་ངན་སེམས་ཀྱིས་ཕྱི་མའི་འགྲོ་ཕྱོགས་ལ་ཤུགས་རྐྱེན་རྒྱ་ཆེན་པོ་ཐེབ་ནུས།

རྒྱ་ནག་གི་བཀའ་འགྱུར་དཀར་ཆག་ཆོས་ཀྱི་གཏམ་པདྨ་དགའ་བའི་ཚལ་ཞེས་བྱ་བ་ལས་འཆི་ཁ་མར་གལ་སྲིད་རྣམ་རྟོག་ངན་པ་སྐྱེས་ན་ཚེ་གཅིག་ཏུ་དགེ་བ་བསྒྲུབས་པའི་དབང་དུ་བཏང་རུང་ཤི་རྗེས་ངན་སོང་དུ་ལྷུང་སྲིད། འཆི་ཁར་དགེ་བློ་ཡང་དག་རྒྱུད་ལ་སྐྱེས་ན་མི་ཚེ་ཧྲིལ་བོར་མི་དགེ་བ་བསྒྲུབས་ཀྱང་མཐོ་རིས་སུ་སྐྱེ་བའི་སྐལ་བ་ལྡན་པ་དང་ཐ་ན་ཐར་བ་ཐོབ་པའི་གོ་སྐབས་ཀྱང་ཡོད་དོ་ཞེས་གསུངས།

སྔོན་འདས་པའི་དུས་ན་རྒྱལ་པོ་ཨ་ཆི་ཏཱ་་བྱ་བ་ཞིག་ཡོད་ཅིང་སྐུ་ཚེ་གང་བོར་མཆོད་རྟེན་དང་གཙུག་ལག་ཁང་མང་པོ་བཞེངས་པ་དང་དགེ་བའི་ལས་རྒྱ་ཆེན་པོ་འདུ་བྱས་པས་ཚེ་འཕོས་རྗེས་ལྷའི་ཡུལ་དུ་སྐྱེ་བར་བྱེད་ནུས་པ་ཡིན། ཡིན་ཡང་ཚེ་འཕོ་ཁར་བྲན་འཁོར་ཞིག་གིས་རླུང་གཡབ་གཡོབ་པ་ན་རླུང་གཡབ་ལག་ནས་ཤོར་ཏེ་རྒྱལ་པོའི་གདོང་ཐོག་ཏུ་ལྷུང་། དེའི་རྐྱེན་གྱིས་སྡང་སེམས་ཤིག་སྐྱེས་པ་དང་མཉམ་དུ་ཚེ་འཕོས་པས་སྤྲུལ་གདུག་པ་ཅན་ཞིག་ཏུ་སྐྱེས་པ་རེད།

དེ་ལས་ལྡོག་སྟེ་ཐང་རྒྱལ་རབས་སྐབས་སུ་ཀྲང་ཧྲན་ཧི་བྱ་བའི་ཤན་པ་ཞིག་ཡོད། དེས་ཚེ་གཅིག་ཏུ་བ་གླང་བགྲང་གིས་མི་ལང་བ་བསད་པས་འཆི་ཁར་དམྱལ་བའི་སྣང་བ་མངོན་སུམ་དུ་འཕོས་པས་ལུས་བ་སྤུ་གཡོས་ནས་ཤིན་ཏུ་འཇིགས་སུ་རུང་བར་གྱུར། ཡིན་ཡང་བཙུན་པ་ཞིག་གི་ལམ་སྟོན་འོག་དེས་སྲོག་བསྡོས་ཀྱིས་འོད་མཚན་བརྗོད་ཅིང་ལན་བཅུ་ཡང་མ་ལོང་པར་ཚེ་འཕོས་ནས་དག་པའི་ཞིང་དུ་དྲངས་པ་རེད།

ཅིའི་ཕྱིར་འདི་འདྲའི་གནས་ཚུལ་བྱུང་བ་རེད་ཅེ་ན། དགེ་སློང་ནཱ་ག་སེ་ནཱས་རྒྱལ་པོ་མ་རང་འདུལ་བ་ཞེས་བྱ་བའི་མདོ་སྡེའི་ནང་དུ་དེའི་ལན་གསལ་པོར་གསུངས་ཡོད།

རྒྱལ་པོ་མི་ལན་དས་དགེ་སློང་ནཱ་ག་སེ་ནཱ་ལ་འཇིག་རྟེན་འདིར་ལོ་བརྒྱ་ཕྲག་གཅིག་ཏུ་མི་དགེ་བའི་ལས་ཁོ་ན་སྒྲུབ་པའི་མི་ཞིག་འཆི་ཁར་ཡུན་ཐུང་ངུའི་རིང་དུ་སངས་རྒྱས་ཀྱི་མཚན་བརྗོད་ནས་སྔར་བྱས་ཀྱི་སྡིག་པ་ལ་འགྱོད་བཤགས་བྱས་ན་ཐར་བ་ཐོབ་ནུས་པར་ནང་ཆོས་ལས་བཤད་པ་དེ་བདེན་ནམ། བདག་འདི་འདྲའི་བཤད་ཚུལ་དེར་གཏན་ནས་ཡིད་མི་ཆེས། ནང་ཆོས་ལས་ད་དུང་མི་ཞིག་གིས་དུས་རྒྱུན་བྱ་བ་ངན་པ་གང་ཡང་མ་བསྒྲུབས་རུང་སེམས་ཅན་གཅིག་གི་སྲོག་བཅད་པ་ཁོ་ནས་དམྱལ་བར་ལྷུང་ཞེས་བཤད་པ་དེ་ལ་ཡང་བདག་ཡིད་མི་ཆེས་ཞེས་སྨྲས།

དགེ་སློང་གིས་ཐོས་རྗེས་རྒྱལ་པོ་ལགས། གལ་སྲིད་མི་ཞིག་གིས་རྡེའུ་ཞིག་ཆུའི་སྟེང་དུ་བཞག་ན་རྡེའུ་དེ་ཆུ་ཁར་གཡེང་ངམ་ཆུའི་ནང་དུ་ནུབ་པར་འགྱུར་ཞེས་རྒྱལ་པོ་དེ་ལས་ལྡོག་སྟེ་དྲིས།

རྒྱལ་པོས་ཆུའི་ནང་དུ་ནུབ་པར་འགྱུར་བ་གདོན་མི་ཟ་ཞེས་སྨྲས།

གལ་སྲིད་པ་བོང་ཞིག་གྲུ་ཆེན་པོའི་ནང་དུ་བཞག་ན་ཡང་ཅུའི་ནང་དུ་ནུབ་པར་འགྱུར་རམ། 

དེ་ནུབ་པར་མི་འགྱུར།

དགེ་སློང་གིས་རིགས་པ་དེས་རྒྱལ་པོའི་བློ་སྒོ་འབྱེད་པར་དམིགས་ནས་པ་བོང་གི་ལྗིད་ཤིན་ཏུ་ཆེ་རུང་གྲུའི་ནུས་པས་ཆུའི་ནང་དུ་ནུབ་པར་མི་འགྱུར། དེ་དང་མཚུངས་པར་ཚེ་གཅིག་ལ་མི་དགེ་བའི་ལས་ཁོ་ན་སྒྲུབ་པའི་མི་ཞིག་འཆི་ཁར་ཡུན་ཐུང་ངུའི་རིང་དུ་སངས་རྒྱས་ཀྱི་མཚན་བརྗོད་ནས་སྔར་བྱས་ཀྱི་སྡིག་པ་ལ་འགྱོད་བཤགས་བྱས་ན་དམྱལ་བ་རུ་མི་ལྟུང་བ་མ་ཟད་ལྡོག་སྟེ་དག་པའི་ཞིང་དུ་སྐྱེ་ནུས།

རྡེའུ་ཞིག་ཐད་ཀར་ཆུ་ཁར་བཞག་ན་འཕྲལ་དུ་ཆུའི་ནང་དུ་ནུབ་པར་འགྱུར་བ་དང་འདྲ་བར་སངས་རྒྱས་ཀྱི་མཚན་བརྗོད་ནས་སྔར་བྱས་ཀྱི་སྡིག་པ་ལ་འགྱོད་བཤགས་བྱེད་མ་ནུས་ན་མི་དགེ་བ་གཅིག་ཁོ་ནས་ཀྱང་དམྱལ་བ་རུ་ལྟུང་ངོ་ཞེས་གསུངས།

རྒྱལ་པོ་དེས་ཐོས་རྗེས་རྨོངས་པ་ལས་གྲོལ་ཏེ་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཞེས་སྨྲས་ཏེ་མངོན་པར་བསྟོད་དོ། །

དེའི་ཕྱིར་དགེ་བའི་ཆོས་ལ་ནུས་མཐུ་བསམ་གྱིས་མི་ཁྱབ་པ་ཡོད་པས་སྡིག་པ་རྨད་པོ་ཆེ་ཇི་ལྟར་ལྡན་རུང་བསམ་པ་དག་པས་མཐོལ་ཞིང་བཤགས་པ་དང་བརྩོན་པ་ཆེན་པོས་དགེ་བའི་ལས་འདུ་བྱས་ན་དག་པའི་ཞིང་དུ་སྐྱེ་བའི་གོ་སྐབས་ཡོད།

མི་སུ་ཡིན་རུང་ཚང་མ་འཇིག་རྟེན་འདི་ལས་ནམ་ཞིག་ན་འབྲལ་དགོས། མལ་ས་མཐའ་མར་ཉལ་ནས་གཉེན་ཉེ་མཛའ་གྲོགས་རྣམས་ཀྱི་གདུང་བའི་མིག་ཟུང་ལ་ལྟ་བཞིན་གཅིག་པུར་འགྲོ་བའི་དུས་ལ་བབས་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ་ཞེས་འདོན་རྒྱུ་ཅིས་ཀྱང་མ་བརྗེད་ཅིག དེ་ལྟ་ན་རང་གཅིག་པུར་འགྲོ་དགོས་ཀྱང་འོད་གསལ་གྱི་སྣང་བས་བགྲོད་ལམ་ཡོངས་སུ་གསལ་ནས་དགའ་བ་དཔག་ཏུ་མེད་པས་ལུས་སེམས་ཁྱབ་པར་འགྱུར་ནུས་སོ། །

ཁ་བྱང་ལྟར་ནང་དོན་རེ་རེ་བཞིན་གཟིགས་ཐུབ།







 


འདི་ནས་ལན་གཅིག་གནོན་རོགས།👇
继续滑动看下一个
Qiu1980
向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存