随念本师法会极简仪轨
༈ སྟོན་པ་རྗེས་དྲན་དུས་མཆོད་ཀྱི་འདོན་ཆོག་ཤིན་ཏུ་བསྡུས་པ་བཞུགས།
随念本师法会极简仪轨
༄༅། ན་མོ་ཤཱཀྱ་མུ་ན་ཡེ། འདིར་ས་ཟླའི་སྟོན་པ་རྗེས་དྲན་དུས་མཆོད་ཀྱི་ཆོ་ག་ཤིན་ཏུ་བསྡུས་པ་ལ་སྦྱོར་དངོས་རྗེས་གསུམ་ལས།
南无夏迦牟纳耶!萨嘎月随念本师法会极简仪轨前行、正行、后行三者中:
དང་པོ་སྦྱོར་བ་སྐྱབས་སེམས་ནི།
第一前行皈依发心
སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །
僧吉秋邓曹杰巧南拉
诸佛正法贤圣三宝尊
བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །
兴切瓦德达呢嘉森且
从今直至菩提永皈依
བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །
达给允扫吉波索南吉
我以所修施等诸资粮
འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །
卓拉潘却僧吉哲巴效
为利有情故愿大觉成
ལན་གསུམ། 三遍
གཉིས་པ་དངོས་གཞི་བསྒོམ་བཟླས་ནི།
第二正行观修念诵
མདུན་གྱི་ནམ་མཁར་སངས་རྒྱས་དངོས་སུ་བཞུགས་པར་བསྒོམ་ལ།
观想于面前虚空中佛陀真实安住
གསེར་གྱི་མདོག་ཅན་ས་གནོན་ཕྱག་རྒྱ་ཅན། །
色杰道坚萨努恰嘉坚
具金色身手结压地印
རྨད་བྱུང་ཐུགས་རྗེ་བརྩོན་འགྲུས་ཆེན་པོའི་མཐུས། །
玛雄图吉尊这钦布提
稀有大悲胜大精进力
མི་མཇེད་འཇིག་རྟེན་ཁམས་ཀྱི་དཔལ་གྱུར་པ། །
莫吉吉定康结巴杰巴
转成娑婆世界之吉祥
འདྲེན་མཆོག་ཤཱཀྱའི་ཏོག་ལ་ཕྱག་འཚལ་ལོ། །
珍巧夏吉道拉恰擦洛
殊胜导师释迦顶前礼
❖
ཡན་ལག་བདུན་པ་འབུལ་བ་ནི།
七支供
ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །
恰擦瓦邓巧竟夏巴邓
所有礼赞供养福
རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །
吉瑟耶仍郭英索瓦耶
请佛住世转法轮
དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །
给瓦炯萨达给杰萨巴
随喜忏悔诸善根
ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །
兴切达给兴切确欧奥
回向众生及佛道
❖
མཚན་སྔགས་བཟླ་བ་ནི།
念诵名号心咒
བླ་མ་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བདུན་ནམ་ཉེར་གཅིག་གམ་བརྒྱ་རྩ་སོགས་ཅི་འགྲུབ་དང་།
喇嘛敦巴 炯丹迪 得允夏巴 扎炯巴 样达巴 作波桑吉 巴嘉瓦 夏迦 特巴拉 洽擦洛 窍多 嘉森切奥
顶礼、供养、皈依、本师、出有坏、如来、应供、正等觉释迦牟尼佛
念诵七或二十一或一百遍等
ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་ཅི་འགྲུབ་བཟླའོ། །
嗡莫尼莫尼玛哈莫纳耶娑哈
随力诵此
གསུམ་པ་རྗེས་བསྔོ་སྨོན་ནི།
第三后行回向发愿
དགེ་བ་འདི་ཡིས་མྱུར་དུ་བདག །
给瓦德益涅德达
愿我速以此善根
ཤཱཀྱ་མུ་ན་འགྲུབ་གྱུར་ནས། །
夏迦牟纳哲杰尼
成就释迦牟尼尊
འགྲོ་བ་གཅིག་ཀྱང་མ་ལུས་པ། །
卓瓦吉竟玛利巴
一切众生无一余
དེ་ཡི་ས་ལ་འགོད་པར་ཤོག །
得耶萨拉顾巴效
悉皆安置于此地
❖
བདེ་བར་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། །
得瓦夏巴切格杰扎邓
善逝如来汝之身
འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །
阔邓格才擦邓英康邓
眷属寿命与刹土
ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །
切杰灿巧仍博杰扎瓦
殊胜妙相等功德
དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །
得扎扣纳达扫杰瓦效
唯愿我等成如是
❖
སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང༌། །
僧吉格森尼波迅拉邓
以佛所获三身之加持
ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང༌། །
秋涅门杰定波迅拉邓
法性不变真谛之加持
དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །
根敦莫趣顿波迅拉吉
僧众不分和合之加持
ཇི་ལྟར་བསྔོ་བ་སྨོན་ལམ་འགྲུབ་པར་ཤོག །
杰达欧瓦门蓝哲巴效
如是回向发愿悉成就
ཏདྱ་ཐཱ། པཉྩནྡྲི་ཡ་ཨ་ཝ་བོ་དྷ་ནི་སྭཱ་ཧཱ།
达雅塔 班赞哲雅 阿哇波达呢娑哈
❖
སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་། །
敦巴吉定康瑟迅巴邓
本师降临世间界
བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང་། །
丹巴涅奥云德萨瓦灯
教法犹如日光明
བསྟན་འཛིན་དཔོན་སློབ་དར་ཞིང་རྒྱས་པ་ཡིས། །
丹增本洛达英吉巴意
持教师徒兴且盛
བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །
丹巴音仍尼波抓西效
教法久住愿吉祥
❖
འདི་ནི་ས་ག་ཟླ་བ་རིལ་བོར་ཉིན་རེ་བཞིན་སངས་རྒྱས་ཤཱཀྱ་ཐུབ་པའི་མཚན་བརྗོད་༧ རེ་དང་གཟུངས་སྔགས་༢༡རེ་མ་ཆག་པར་འདོན་པ་དང་། རྩ་བའི་དུས་མཆོད་ས་ག་ཟླ་བའམ་བོད་ཟླ་བཞི་པའི་ཚེས་བདུན་ནམ་བརྒྱད་དང་བཅོ་ལྔ་སྟེ་ཉིན་གསུམ་དང་ཡན་ལག་གི་དུས་མཆོད་ཆུ་སྟོད་ཟླ་བའམ་བོད་ཟླ་༦ ཚེས་༤ ནི་ཆོས་འཁོར་བསྐོར་བའི་དུས་ཆེན་དང་ཐ་སྐར་ཟླ་བའམ་བོད་ཟླ་༩ ཚེས་༢༢ ནི་སྟོན་པ་ལྷ་ལས་བབས་པའི་དུས་ཆེན་དང་མཆུ་ཟླ་བའམ་བོད་ཟླ་དང་པོའི་ཚེས་༡ ནས་༡༥ བར་ཆོ་འཕྲུལ་བསྟན་པའི་དུས་ཆེན་ཡིན་པས་དེའི་ཚེས་༡ ལྟ་བུ་སྟེ་རང་རང་གི་དུས་ཐོག་ཏུ་སླེབ་ཚེ་ཡི་གེ་ཆེར་མི་ཤེས་པའམ་ཤེས་ཀྱང་ཁོམ་ལོང་མེད་པ་དག་གིས་གནས་སྐབས་འདོན་ཆོག་འདི་ཙམ་རེ་བཏོན་ནས་དུས་མཆོད་འཚམ་པ་རེ་འཚོགས་རྒྱུ་འོང་བའི་རེ་འདུན་ནན་ཟབ་བཅས་ཕུལ།
在整个萨嘎月中每天不间断念诵佛陀释迦能仁名号7遍、心咒21遍。
根本佛诞节法会(藏历四月初七、初八、十五)有三天,而到支分法会日期时(比如藏历箕宿六月初四转法轮日、娄宿九月二十二本师天降日、星宿正月初一至十五神变日等),不太识字或者虽然识字但没有空闲时间的人,只念此段仪轨就可以了,并举行相应各自情况、规模适宜的法会。心怀殷切期盼而敬奉。
更多阅读