查看原文
其他

བརྙན་པར་གྱི་མཛེས་སྡུག་གིས་བློ་དང་རིག་པའི་གོ་རྟོགས་སད་དུ་བཅུག།

迦入 CHARU 2021-09-15

汉语版

点击图片阅读

法国喇嘛,他用摄影传递灵性的觉醒。




མཱ་སེའུ་རི་ཆར་དྷ།
(Matthieu Ricard) 
马修·里卡德

བོད་བརྒྱུད་ནང་བའི་བསྟན་པའི་དགེ་འདུན་པ་དང་། བརྙན་པར་བ། རྩོམ་པ་པོ། སྐྱེ་དངོས་རིག་པ་བ། མི་ཆོས་རིང་ལུགས་པ་བཅས་ཡིན། 

ཁོང་ནི་༡༩༤༦ལོར་ཧྥ་རན་སིར་སྐུ་འཁྲུངས་ཤིང་། གཞོན་དུས་སུ་པཱ་སི་ཏེ་ཞིབ་འཇུག་ཁང་དུ་ཆ་རྡུལ་རྒྱུད་འཛིན་རིག་པར་ཞིབ་འཇུག་གནང་། ༡༩༧༢ལོར་ཚན་རིག་ཞིབ་འཇུག་གི་མི་ཚེ་མཚམས་བཞག་ནས་བལ་ཡུལ་གྱི་ཧི་མ་ལ་ཡའི་རི་ཁུལ་དུ་ཕེབས། དེར་བོད་ཀྱི་ནང་བའི་བསྟན་པ་ལ་ཞིབ་འཇུག་དང་སྒོམ་སྒྲུབ་ཉམས་ལེན་གྱི་སྐོར་ལ་སློབ་གཉེར་གནང་སྟེ། ༡༩༧༩ལོར་དངོས་སུ་རབ་ཏུ་བྱུང་། ༡༩༩༧ལོར་༼དགེ་འདུན་པ་དང་མཚན་རིག་པ༽་ཞེས་པའི་དཔེ་དེབ་པར་སྐྲུན་བྱས་པར་ཕྱོགས་ཡོངས་ནས་གདེང་འཇོག་ལེགས་པོ་ཐོབ་སྟེ། སྔ་ཕྱིར་སྐད་རིགས་༢༡ལྷག་དུ་བསྒྱུར། དེའང་མི་ལོ་མང་པོའི་རིང་ལ། ཁོང་གིས་པར་ཆས་ལ་བརྟེན་ནས་ཧི་མ་ལ་ཡའི་རི་ཁུལ་དུ་གནས་པའི་ཡུལ་སྲོལ་རིག་གནས་ཀྱི་སྣང་ཚུལ་སྣ་ཚོགས་ཤིག་ཟིན་ཐོར་བཀོད་ནས། ༼བོད་ཀྱི་བླ་སྲོག༽་དང་༼འབྲུག་ཡུལ། བག་ཕེབས་ཀྱི་ཞིང་ཁམས༽་ཞེས་པ་སོགས་པར་སྐྲུན་བྱས།

མ་རྩོམ། མཱ་སེའུ་རི་ཆར་དྷ།

བརྙན་པར། མཱ་སེའུ་རི་ཆར་དྷ།

རྩོམ་སྒྲིག། ཕུར་སྲུང་སྐྱབས།
ཡིག་བསྒྱུར། ཕུར་སྲུང་སྐྱབས།


འདི་ནི་འོད་སྣང་ལས་ཐར་བའི་སེམས་ཀྱི་འགྲུལ་བཞུད་ཅིག་རེད།


 

དགེ་འདུན་པ་དང་མཚན་རིག་པ། འཛམ་གླིང་རྩེར་སོན་གྱི་བརྙན་པར་བ།
 
མཱ་སེའུ་རི་ཆར་དྷ་ནི་ཧྥ་རན་སིའི་ཁྱིམ་རྒྱུད་གྲགས་ཅན་ཞིག་ཏུ་འཁྲུངས་ལ། ཨ་ཕ་ནི་ཧྥ་རན་སིའི་མིང་དུ་གྲགས་པའི་མཚན་ཉིད་རིག་པ་བ་དང་། ཨ་མ་ནི་སྒྱུ་རྩལ་པ་ཞིག་ཡིན། ཆུང་དུས་ནས་རིག་གནས་སྣ་མང་གི་བག་ཆགས་བཟང་པོ་བཞག་པའི་རྐྱེན་གྱིས་རྣམ་དཔྱོད་རབ་ཏུ་རྒྱས་ཏེ། དགུང་ལོ་༢༦སྟེང་དུ་སྐྱེ་དངོས་རིག་པའི་འབུམ་རམས་པའི་བསླབ་གནས་ཐོབ། ཁོང་གིས་སྐྱེ་དངོས་རིག་པར་ཞིབ་འཇུག་བྱེད་པ་ཙམ་མ་ཟད། ད་དུང་མཐོང་ཚོར་སྒྱུ་རྩལ་གྱི་ཐད་ལ་ལའང་སྤྲོ་བ་ཆེན་པོ་ཡོད་པ་དང་། རང་བྱུང་ཁམས་ལ་དགའ་ཞེན་ཟབ་མོ་ཡོད་སྟབས། དགུང་ལོ་༡༥ནས་བཟུང་པར་ལེན་གྱི་ལས་ལ་གཞོལ་ཞིང་། སྐབས་སུ་ཧྥ་རན་སིའི་སྲོག་ཆགས་བརྙན་ལེན་པའི་གྲས་ཀྱི་སྔོན་བྱོན་པར་གྲགས་པའི་ཨན་དྷི་རེ་ཧྥ་ཐྲ(Andr Fatras) ཡི་བསླབ་སྟོན་ཡང་ཐོབ་མྱོང་། དགུང་ལོ་༢༦སྟེང་བླངས་པའི་རང་བྱུང་མཛེས་ལྗོངས་སྐོར་གྱི་བརྙན་པར་འབོར་ཆེན་ཞིག་འབྲེལ་ཡོད་དུས་དེབ་གྲགས་ཅན་ཁག་ཏུ་སྤེལ་བ་དང་། དེ་ནས་བཟུང་བརྙན་པར་ནི་ཁོང་གི་འཚོ་བའི་ཚོར་ཉམས་དང་ཡིད་ཀྱི་འཆར་སྒོ་མཚོན་བྱེད་ཀྱི་ལམ་བུ་ཞིག་ཏུ་གྱུར། 


༡༩༧༢ལོ་ནས་བཟུང་། ཁོང་ཉིད་ཧི་མ་ལ་ཡའི་རི་ཁུལ་དུ་གཏན་སྡོད་བྱས་པ་དང་། དེ་གར་འཚོ་བ་སྐྱེལ་བའི་མི་ལོ་༤༠ལྷག་ཙམ་གྱི་རིང་དུ། ཧི་མ་ལ་ཡའི་ཡུལ་དང་འབྲེལ་བའི་བརྙན་པར་འབོར་ཆེན་ཞིག་བཏབ་ཡོད། "ཐེངས་ཤིག་ལ། འབྲུག་ཡུལ་དུ་ཉིན་བཞིའི་རིང་དུ་ཡུལ་སྐོར་དུ་ཕྱིན་ཅིང་། ལམ་བར་དུ་མཚེའུ་ཞིག་དང་སྨི་༧༠༠༠ལྷག་ལྡན་པའི་འཁྱགས་རོམ་ཞིག་དང་ཕྲད། ཡུལ་སྣང་དེས་ང་ལ་རང་ཉིད་ལོ་༡༦སྟེང་མཇལ་མྱོང་བའི་ཨན་དྷི་རེ་ཧྥ་ཐྲ་(Ansel Adams)ཡི་ཚབ་མཚོན་རང་བཞིན་གྱི་བརྙན་པར་དེ་དྲན་དུ་བཅུག་སོང་། དེ་ནི་མདུན་ལ་བྲག་རྡོ་དང་མཚེའུ་ཡོད་པ་ཞིག་དང་། རྒྱབ་ཀྱི་མཐོང་སྣང་རིང་དུ་བསྲིངས་ཏེ་རི་གདོང་གི་རྫོངས་ལ་ཐུག་ཡོད་པ་ཞིག་རེད། སྐབས་དེར་གནམ་གཤིས་ཧ་ཅང་རྩུབ་ཅིང་གྲང་རླུང་དྲག་ཏུ་གཡུགས་པས། ངའི་གྲོགས་པོས་ང་ལ་འོག་གི་ལུང་ཁུག་ཏུ་སོང་ནས་ཞག་སྡོད་བྱེད་དགོས་པ་བཤད། ཕྱི་ཉིན་གྱི་སྐྱ་རེངས་ཤར་དུས་ཙ་ན། མཚེའུ་ནི་གཡའ་དག་པའི་མེ་ལོང་བཞིན་ཤིན་ཏུ་ལྷིང་འཇགས་ཤིང་། ཟབ་ཅིང་གཏིང་རིང་བ་ཞིག་ཏུ་འདུག་པས།  བརྙན་པར་དེ་འདྲ་ཞིག་གི་དོན་དུ་རྐང་ལམ་དུ་ཉིན་བཞི་རིང་ལ་བསྐྱོད་དགོས་རུང་དེ་ནི་ཧ་ཅང་དོན་དང་ལྡན་པ་ཞིག་རེད"་ཅེས་བཤད། 


རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་༧༠༠༠ཅན་གྱི་འཁྱགས་རོམ། འབྲུག་ཡུལ།

ཁོས་བརྙན་པར་ལ་ལྷག་བསམ་རྣམ་དག་གི་རྣམ་འགྱུར་བཟུང་ནས་ཁོ་རང་ས་མཚམས་ནང་ཁུལ་གྱི་ཆེས་བརྩི་འཇོག་ཐོབ་པའི་བརྙན་པར་རྒྱག་མཁན་ཞིག་ཏུ་གྱུར། སྐད་གྲགས་ཆེ་བའི་ཁྲོམ་སྦྱར་བརྙན་པར་རྒྱག་མཁན་ཧེང་ལི་ཁ་ཏི་ཨའེ་པུའུ་ལེ་སུང་གིས་"པར་ཆས་དང་མཱ་སེའུ་ཡི་བསམ་པའི་འཚོ་བ་གཞི་གཅིག་ཏུ་འབྲེལ་ནས་དུས་ཡུན་ཐུང་ཞིང་ཡུན་གཏན་འགྱུར་མེད་གྱི་པར་རིས་འདི་དག་བྱུང་བ་རེད"་ཅེས་གདེང་འཇོག་གནང་མྱོང་། 

མཱ་སེའུ་ཡིས་བརྙན་པར་ལེན་པ་ནི་རེ་བའི་འབྱུང་ཁུངས་ལ་ཆ་བཞག་ནས། མི་དང་རང་བྱུང་ཁམས་བར་ལ་འཆམ་མཐུན་མཉམ་གནས་ཀྱི་མཛེས་པ་འཛིན་བཟུང་བྱས། ཁོང་གིས་"ངའི་དམིགས་ཡུལ་ནི་བརྗིད་ཆགས་ཤིང་ཉམས་དགའ་བའི་འཇིག་རྟེན་གྱི་ནུས་ཤུགས་དང་གཏིང་ཚད་མཉམ་སྤྱོད་བྱ་རྒྱུ་དེ་ཡིན་ལ། ངས་བརྙན་པར་ལ་བརྟེན་ནས་མི་གཤིས་ལ་བཅངས་པའི་ཡིད་ཆེས་སླར་གསོ་བྱེད་རྒྱུ་དང་འབྲེལ་ང་ཚོས་རང་བྱུང་ཁམས་ཀྱི་འོད་སྟོང་འཕྲོ་བའི་ཤེས་དཔལ་གྱི་མཚར་སྣང་གི་བསམ་པ་སླར་ཡང་སྐུལ་མ་གཏོང་བར་བྱ་རྒྱུ་ཡིན"་ཞེས་བཤད།  


མཱ་སེའུ་ཡིས་བརྙན་པར་རྒྱབ་པའི་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ཚང་།



བློ་གྲོས་དང་མཛེས་སྡུག་ལྡན་པའི་འོད་སྣང་གི་ལྗོངས་རྒྱུ། 

༡༩༧༩ལོར་མཱ་སེའུ་རབ་ཏུ་བྱུང་ནས་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ཚང་དགེ་རྒན་ལ་བསྟེན་ནས་བོད་བརྒྱུད་ནང་བའི་བསྟན་པའི་དགེ་འདུན་པར་གྱུར། འདིས་ཁོ་ལ་རླབས་ཆེ་བའི་དགེ་རྒན་རྣམས་ཀྱི་ཐུན་མོང་མ་ཡིན་པའི་གཤིས་རྒྱུད་བདེན་དཔང་བྱེད་པའི་གོ་སྐབས་ཡོད་པར་བྱས་ལ། ད་དུང་ནང་བའི་བསྟན་པའི་དགོན་པ་དག་གི་མཛད་སྒོ་དང་དེ་བཞིན་བོད་ཀྱི་རི་མཐོ་ཐང་སྟོང་གི་རི་གསེབ་ཀྱི་ཡུལ་མིའི་རྒྱུན་གཏན་གྱི་འཚོ་བར་ཡང་རྒྱུས་ལོན་བྱུང་། 

ཁོང་གིས་༼ཧི་མ་ལ་ཡའི་རི་ཁྲོད་པ་ཡི་འཇམ་ཐིང་ངེ་ཡི་འགྲུལ་བཞུད་༽ཅེས་པའི་དངོས་འབྲི་ཆེད་དེབ་ཀྱི་བརྙན་པར་འདེབས་དུས། ཀཋམཎ་ཌུའི་ཉེ་འཁོར་གྱི་པདྨ་འོད་གསལ་ཞེས་པའི་རི་ཁྲོད་གཅིག་ཏུ་ལོ་གཅིག་རིང་དུ་སྒོམ་སྒྲུབ་མཛད་པ་དང་། རི་ཁྲོད་ནི་ཕྱོགས་བཞིའི་ཡུལ་ལྗོངས་ལྟ་ན་སྡུག་ཅིང་། སྔོ་ལྗང་ལྗང་གི་དེའུ་འབུར་གྱིས་ཡོངས་སུ་བསྐོར་བའི་རི་གསེབ་ཅིག་ཏུ་ཆགས་ཡོད་ཕྱིར། ཉམས་རྟོགས་དང་འཕེལ་བའི་འོད་སྣང་ཞིག་ལ་རེ་སྒུག་ཡོད་པའི་རྣམ་པ་ཞིག་གི་ངང་དུ་འདུག།


༼ཧི་མ་ལ་ཡའི་རི་ཁྲོད་པ་ཡི་འཇམ་ཐིང་ངེ་ཡི་འགྲུལ་བཞུད༽ཞེས་པའི་དངོས་བྲིས་མདུན་ཤོག།


ཁོང་གིས་བཤད་རྒྱུར་“རྒྱུ་མཚན་ཅིའི་ཕྱིར་ཞེས་ན་ང་དུས་རྟག་ཏུ་དབེན་སར་བསྡད་ནས་སྒོམ་སྒྲུབ་གནང་གི་ཡོད་ཀྱང་། འོན་ཀྱང་། ཞོགས་པའི་སྐྱ་རེངས་ནས་དགོང་མོ་བར་ངའི་རི་བོ་ཧི་མ་ལ་ཡའི་བརྗིད་ཆགས་ཤིང་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་རོལ་མྱོང་བྱེད་ཐུབ་པ་བང་། མཚམས་རེར། ཐུན་མོང་མ་ཡིན་པའི་འོད་སྣང་ཞིག་གིས་ཡུད་ཙམ་ལ་གསལ་བར་བྱས་པས་ང་རང་ཧ་ལས་སུ་བཅུག།

“ཁྱད་མཚར་བའི་དུས་སྐབས”་རབ་དང་རིམ་པ་འདི་དག་ཚང་མ་མཱ་སེའུ་ཡི་དབེན་གནས་དང་ཡང་ན་སྨི་བཅུ་ཕྲག་ཁ་ཤས་ཀྱི་ས་ནས་འཛིན་བཟུང་བྱས་པ་ཞིག་རེད། གཟའ་འཁོར་རེར་བརྙན་པར་གཅིག་གི་འགུལ་ཚད་ལ་བརྟེན་ནས་མཐའ་འཁོར་གྱི་བརྗིད་ཉམས་ལྡན་ཞིང་ཡིད་དབང་འཕྲོག་པའི་མཛེས་ལྗོངས་དག་ཇི་སྲིད་བར་དུ་མི་ནུབ་པར་བྱས། ཡུན་རིང་གི་ཅི་ཞིག་སྒུག་ཀྱང་སྒུག་མི་དགོས་པའི་མཇུག་འབྲས་ཀྱིས་རང་བྱུང་ཁམས་ཆེན་མོའི་འཆམ་མཐུན་དང་སྒོམ་སྒྲུབ་པའི་བདེ་སྐྱིད་གཞི་གཅིག་ཏུ་འདྲེས་སུ་བཅུག་པར་བྱས། 

ཁོ་ལ་མཚོན་ནས་བཤད་ན་བརྙན་པར་ལེན་པ་ནི་སྙན་ངག་ཡག་པོ་ཞིག་དུ་བརྩིས་བཞིན་ཡོད་ལ། ཁོས་བརྙན་པར་ལ་བརྟེན་ནས་རང་གི་རྣམ་དཔྱོད་དང་མཛེས་སྣང་ལ་ཕྱོགས་པའི་སེམས་ཀྱི་འགྲུལ་བཞུད་མཚོན་བཞིན་ཡོད་ལ། བློ་དང་རིག་པ་དང་རྒྱུན་ལྡན་གྱི་འཚོ་བའི་འབྲེལ་བ་དམ་ཟབ་ངང་གནས་ཡོད། 



མཱ་སེའུ་སྐབས་འགར་དུས་ཡུན་རིང་བོར་མི་སེམས་འགུལ་བའི་བརྙན་པར་ཞིག་གི་མཛེས་སྣང་དང་སྒྲིག་གཞི། ཐུན་མོང་མ་ཡིན་པའི་གསར་གཏོད་རང་བཞིན་དང་འོད་ཐིག་གི་ཁྲོད་དུ་འཐིམས་ཡོད་པ་དང་། ཁོས་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་བའི་བརྙན་པར་ལ་བལྟས་སུན་སྣང་མི་སྐྱེས་བར་མ་ཟད་མི་རྣམས་ལ་ཧུར་བརྩོན་ཡར་སྐྱེད་ཀྱི་ཚོར་སྣང་ཞིག་ཀྱང་སྟེར་བར་འདོད། ཁོས་བརྙན་པར་ཅི་ཞིག་ལེན་དགོས་པར་བློ་རྩེ་གཅིག་སྒྲིམ་གྱིས་འཆར་གཞི་ཅི་ཡང་བཟོ་མི་སྲིད་ལ། དམིགས་བསལ་གྱི་དུས་ཚོད་དང་ས་གནས་ངེས་ཅན་ཞིག་ཏུ་མི་སྣ་དང་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་མངོན་པའི་སྐབས་སུ་འགོག་ཐབས་བྲལ་བའི་ངང་མིག་རྒྱ་དེའི་ནང་དུ་འཕེན་སྲིད།  

དུས་རབས་ཉི་ཤུ་བའི་སྤྱིན་ཤོག་དུས་རབས་སུ། ཁོ་ལ་སྒོར་མོ་མང་པོ་མེད་པའི་རྐྱེན་གྱིས་སྤྱིན་ཤོག་ལ་གྲོན་ཆུང་བྱེད་ལ། རྒྱུ་མཚན་ཅིའི་ཕྱིར་ཞེས་ན་ཐོན་ཁུངས་ལ་ཚད་བཀག་ཡོད་པའི་གནས་ཚུལ་འོག་ཆེས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཀྱང་བརྙན་པར་ཐེངས་གཅིག་ལ་མ་གཏོགས་མི་ལེན་པ་དང་། ཁོས་སྔར་ལས་ལྷག་པའི་ཚོར་བ་རྣོན་པོའི་སྒོ་ནས་འོད་ཀྱི་འགྱུར་ལྡོག་ཤེས་ཐུབ། སྔོན་ཆད་ཁོའི་གྲོགས་པོ་ཏན་ཉི་ཨེར་ཧྥུར་སྨི་(DanielleFllmi)ཡིས་ཁོ་ལ་ཁྱེད་ཀྱིས་འོད་བེད་སྤྱད་ནས་རི་མོ་འབྲི་བཞིན་ཡོད་ལ། འདིས་ང་ལ་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག་ཞེས་བཤད། 



བརྙན་པར་གྱི་མཛེས་སྡུག་གིས་བློ་དང་རིག་པའི་གོ་རྟོགས་སད་དུ་བཅུག།


༡༩༧༩ལོར་རབ་ཏུ་བྱུང་རྗེས། མཱ་སེའུ་ཡིས་དུས་ཚོད་མང་ཆེ་བ་ཐོས་བསམ་སྒོམ་གསུམ་ལ་སྤྱད་པ་དང་། ཁོས་དགེ་རྒན་དག་གི་སྣེ་ཁྲིད་འོག་སངས་རྒྱས་ཆོས་ལུགས་ཀྱི་ཐབས་དང་ཤེས་རབ་རྟོགས་པར་མ་ཟད་ནང་བསྟན་རིག་པའི་བསམ་བློ་སྐོར་གྱི་དཔེ་ཆ་ཡང་མང་པོ་བྲིས། དེ་དག་ལས་ཆེས་ཁྱབ་ཆེ་བ་དང་མི་མང་པོའི་དགའ་བསུ་ཐོབ་པ་ནི་ཨ་ཕ་དང་བཀའ་མོལ་གནང་རེས་ཀྱི་ཁོངས་སུ་གཏོགས་པའི་༼དགེ་འདུན་པ་དང་མཚན་རིག་པ༽་ཟེར་བ་དེ་ཡིན། དེ་ཙམ་མ་ཟད། ཁོས་TEDཡི་གཏམ་བཤད་ཁྲོད་མི་མང་པོ་ཞིག་ལ་མི་ཚེའི་བདེ་སྐྱིད་ཀྱི་གསང་བ་དང་བསམ་བློ་གཏོང་བའི་བཟང་ཆ་སོགས་བཤད་ལ། མི་རྣམས་ཀྱིས་ཁོ་ལ་འཛམ་གླིང་སྟེང་གི་ཆེས་བདེ་སྐྱིད་ལྡན་པའི་མིའི་མཚན་ཉིད་གནང་། 


སྨུག་པའི་ཁྲོད་ཀྱི་ཧི་མ་ལ་ཡའི་རི་རྒྱུད།

བརྙན་པར་ལེན་མཁན་ཞིག་ཡིན་པའི་ཆ་ནས་ཁོས་བརྙན་པར་གྱི་རྣམ་པས་རང་བྱུང་ཁམས་ཀྱི་འཆམ་མཐུན་དང་མིའི་རིགས་ཀྱི་ནང་སེམས་ཀྱི་མཛེས་པ་ཐད་ཀར་མངོན་འདོད་ལ། དེའི་ཁྲོད་ནས་ཀྱང་མི་མང་པོ་ཞིག་ལ་ནང་སེམས་ཀྱི་རང་དབང་ཐོབ་པར་བྱེད་རྒྱུ་དང་བརྩེ་དུང་གི་ཤེས་རབ་དང་བློ་དང་རིག་པའི་གོ་རྟོགས་སད་དུ་འཇུག་འདོད་པ་དེ་ཡིན། ཁོང་གིས་"བརྙན་པར་ཞིག་གིས་ང་ལ་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་པའི་སྐབས་སུ་ངས་དུས་ཚོད་མང་པོ་ཞིག་དེའི་ཐོག་དུ་བེད་སྤྱད་ནས་དེའི་མཛེས་པའི་སྟོབས་ཤུགས་སམ་ཡང་ན་བརྒྱུད་སྤྲོད་བྱས་པའི་ཆ་འཕྲིན་དག་བསྡུ་ལེན་བྱས་པ་ཡིན། འདི་ནི་བརྙན་པར་ལེན་མཁན་གྱི་ལྟ་ཕྱོགས་ལ་འགྱུར་ལྡོག་གཏོང་བའི་པར་རིས་ཤིག་ཡིན་པ་དང་འཛམ་གླིང་ལ་ལྟ་སྟངས་འཛིན་པའི་བྱེད་ཐབས་གསར་པ་ཞིག་ཀྱང་ཡིན། བྱེད་ཐབས་འདི་ལ་རྟོལ་ཤུགས་ལྷག་ཏུ་ལྡན"་ཅེས་བཤད།


མགོ་ལོག། 2003


ཁོའི་བསམ་པར་སྡུག་བསྔལ་དང་གནོད་འཚེ། མནར་གཅོད་བཅས་མྱོང་བའི་བརྙན་པར་མང་པོ་ཞིག་ཡོད་པ་ནི་ང་ཚོའི་ཤེས་རྟོགས་མཐོ་རུ་གཏོང་བར་ངེས་པར་དུ་མཁོ་བ་ཞིག་ཡིན་མོད། འོན་ཀྱང་ང་ཚོས་ངེས་པར་དུ་དོ་མཉམ་རྒྱུན་འཁྱོངས་བྱས་ཏེ་“འཇིག་རྟེན་ངན་པའི་ཕྱོགས་བསྡུས་ནད་རྟགས”་སུ་མི་ལྷུང་བར་བྱེད་དགོས། ཕྱོགས་བསྡུས་ནད་རྟགས་འདི་རིགས་ཀྱིས་ང་ཚོའི་རེ་བ་བརླག་འགྲོ་པ་དང་། མི་ནི་རྩ་བ་ནས་ངན་པ་ཞིག་ཡིན་པ་ང་ཚོར་ཡིད་ཆེས་སུ་བཅུག། དོན་དངོས་ཐོག་ང་ཚོའི་སེམས་ཀྱི་གཏིང་ན་རྡོ་སོལ་ཁྲོད་ཀྱི་གསེར་རྡོག་དང་འདྲ་བའི་ཐུན་མོང་མ་ཡིན་པའི་བྱམས་སེམས་དང་ཤེས་བྱ། བློ་སྒོ་འབྱེད་པ་བཅས་ཀྱི་མི་མངོན་པའི་སྟོབས་ཤུགས་ཡོད། དེ་ལས་ཀྱང་གལ་ཆེ་བ་ནི་མི་མངོན་པའི་སྟོབས་ཤུགས་དེ་རིགས་ཤེས་རྟོགས་བྱས་ནས་དེ་གསར་སྒྱུར་བྱ་དགོས་པར་མ་ཟད་དེ་ཉིད་ཆེས་ལེགས་སར་སླེབས་པའང་བྱ་དགོས། འདི་ནི་ཁོས་ལོ་༥༠ཡི་རིང་ལ་བརྙན་པར་བརྒྱུད་ནས་འབོད་སྐུལ་བྱེད་པའི་བྱ་བ་ཡིན། 



བརྙན་པར་བརྒྱུད་ནས་ཁོའི་གཞན་ཕན་རིང་ལུགས་ཀྱི་རིན་ཐང་གི་དགོངས་དོན་འཇིག་རྟེན་དུ་བརྒྱུད་བསྒྲགས་བྱས།


མཱ་སེའུ་ནི་བོད་བརྒྱུད་ནང་བའི་བསྟན་པའི་དགེ་འདུན་པ་ཞིག་ཡིན་པའི་ཆ་ནས། གཞན་ཕན་རིང་ལུགས་ཀྱི་དགོངས་དོན་ནི་ཁོའི་མི་ཚེ་གང་བོའི་རེ་སྙེག་བྱེད་ས་རུ་གྱུར་བ་དང་། ཁོས་སྔོན་ཆད་ཐེངས་མང་པོའི་སྤྱི་བསྒྲགས་གཏམ་བཤད་ཁྲོད་གཞན་ཕན་རིང་ལུགས་ཀྱི་གལ་ཆེའི་རང་བཞིན་བཤད་མྱོང་ལ། བརྙན་པར་གྱི་མཚོན་ཚུལ་ལ་དེའི་ཚད་བཀག་རང་བཞིན་ཡོད་ནའང་། འོན་ཀྱང་མཱ་སེའུ་ཡིས་ལྷག་བསམ་རྣམ་དག་གིས་བརྙན་པར་བརྒྱུད་ནས་ཁོའི་གཞན་ཕན་རིང་ལུགས་ཀྱི་རིན་ཐང་གི་དགོངས་དོན་མི་གཞན་ལ་བརྒྱུད་བསྒྲགས་བྱས། མཱ་སེའུ་ཡིས་“ང་ཚོའི་འཇིག་རྟེན་དང་རྣམ་པ་ཡོད་ཚད་ཀྱི་ཚེ་སྲོག་གི་མཛེས་སྡུག་གིས་ང་ཚོར་འདྲ་མཉམ་མིན་པ་དང་གནམ་གཤིས་འགྱུར་ལྡོག་ལ་སྒོ་མོ་འབྱེད་པའི་མིག་རྒྱང་རྒྱུན་འཁྱོངས་བྱེད་པར་སྐུལ་མ་གཏོང་དགོས། དེ་ལྟར་བྱས་ན་ང་ཚོའི་སྒུལ་ཤུགས་ལ་སྐུལ་སློང་བྱས་པར་མ་ཟད། ང་ཚོ་སྔར་ལས་ལྷག་པར་ཁོང་གི་འཇིག་རྟེན་གྱི་ཕྱོགས་སུ་སྐྱོད་པར་སྐུལ་མ་བཏང་བ་རེད།

ཟླ་བརྒྱད་པ་ཡིན་ཡང་ཨ་མྱེས་རྨ་ཆེན་སྔར་བཞིན་ཁ་བས་གཡོགས་པ། 


ལྷག་པར་དུ་དེང་སྐབས་འཛམ་གླིང་ཅན་དུ་འགྱུར་བའི་དུས་རབས་སུ་མི་དང་རང་བྱུང་ཁམས་བར་ལ་འབྲེལ་བ་དམ་ཟབ་ཡོད་པ་དང་སྐྱེ་དངོས་སྲོག་ཆགས་གཞན་དག་དང་ཕན་ཚུན་གཅིག་ལ་གཅིག་བརྟེན་ངང་གནས་ཡོད་པས། ང་ཚོ་སུ་ཞིག་ཡིན་ཡང་མི་རྟག་པའི་ཚོད་བགམ་ལས་ཐར་ཐུབ་མཁན་གཅིག་ཀྱང་མེད། མིའི་རིགས་ནི་དགེ་སྡིག་སྒྲུབ་ཐུབ་པའི་སྐྱེ་དངོས་ཉག་གཅིག་ཡིན་པའི་རྒྱུ་མཚན་ནི་མིའི་ལྟ་ཚུལ་དང་རྣམ་འགྱུར། ཀུན་སློང་བཅས་མི་འདྲ་སྟེ། འདི་ནི་ང་ཚོས་སེམས་ཁམས་ཅི་འདྲ་ཞིག་གིས་འཇིག་རྟེན་འདི་ལ་ལྟ་སྟངས་འཛིན་པར་རག་ལས་ཡོད། མི་གཞན་ལ་བསམ་བློ་གཏོང་བ་དང་མཉམ་ལས་བྱེད་པ་ནི་ཐུན་མོང་ཐོག་སྔར་ལས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་པའི་གནད་འགག་གི་རིན་ཐང་ལྟ་བ་ཡིན་པ་མ་ཟད། དཔལ་འབྱོར་མཐུན་སྒྲིལ་དང་སྤྱི་ཚོགས་དྲང་བདེན་སྔར་ལས་ཡོང་བར་སྐུལ་འདེད་གཏོང་བའི་ཐབས་ཤེས་ཡང་ཡིན། དྲག་ཤུགས་མ་ཡིན་པ་དེ་ངེས་པར་དུ་མིའི་རིགས་དང་སྲོག་ཆགས། ང་ཚོ་འཚོ་སྡོད་བྱེད་བཞིན་པའི་རང་བྱུང་ཁོར་ཡུག་བཅས་ལ་སྤྱོད་དགོས།

ང་ཚོས་ངེས་པར་དུ་མི་གཞན་ལ་སྒོ་མོ་འབྱེད་ཕོད་དགོས་པ་དང་། མིའི་རིགས་དང་རང་བྱུང་ཁམས་ཕན་ཚུན་བར་ལ་བརྟེན་སའི་རང་བཞིན་ལྡན་པའི་སྒོ་མོ་འབྱེད་ཕོད་པ་བྱས་ཏེ་མི་རབས་རྗེས་མ་དང་སྐྱེ་དངོས་གཞན་དག་ཡོད་ཚད་ཀྱི་ལས་དབང་བློ་ལ་བརྟན་པོར་ངེས་དགོས། སྐྱེ་དངོས་འདི་དག་ང་ཚོ་དང་འདྲ་བར་ཚང་མས་སྡུག་བསྔལ་ལས་ཐར་ཐབས་བྱས་ནས་མུ་མཐུད་དུ་གསོན་པར་རེ་བ་བྱེད་བཞིན་ཡོད་པ་དང་། ང་ཚོས་གཞན་ཕན་གྱི་རིང་ལུགས་དར་སྤེལ་གཏོང་ཕོད་པ་དང་དེ་ཉིད་ང་ཚོའི་ཐག་གཅོད་དང་ལམ་ལུགས་ཀྱི་སྲོག་ཤིང་དུ་འཇོག་ཕོད་པ། ལྷག་པར་དུ་ང་ཚོས་བསམ་གཞིགས་བྱེད་སའི་སྲོག་ཤིང་དུ་འཇོག་ཕོད་པ་བྱེད་དགོས།”




མཱ་སེའུ་ཡིས་ཁོའི་མི་ཚེ་གང་བོའི་སེམས་ཤུགས་ཀྱིས་གཞན་ཕན་གྱི་བསམ་བློ་དར་སྤེལ་དུ་བཏང་བ་མ་ཟད། བྱམས་སྙིང་རྗེ་དང་བློ་དང་རིག་པའི་གོ་རྟོགས་སད་དུ་བཅུག་ལ། སྣ་མང་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་ཚེ་སྲོག་སྟབས་བདེ་རུ་གཏོང་བར་སྐུལ་མ་བཏང་། ཁོང་གི་བརྙན་པར་ཁྲོད་ནས་ཁོས་བརྒྱུད་སྤྲོད་བྱས་པའི་བདེ་སྐྱིད་ཀྱི་གསང་བ་དང་རང་བྱུང་ཁམས་ཀྱི་ལྷིང་འཇགས་འཆམ་མཐུན་ཚོར་སྲིད། འོད་མུན་ནག་ཁྲོད་ཡོངས་སུ་འདྲེས་པའི་སྐབས་སུ། ཁྱོད་ཀྱིས་གློ་བུར་དུ་ཁྱོད་ནི་མ་གཞི་རང་བྱུང་ཁམས་ནས་སྐྱེས་པ་ཡིན་པ་མ་ཟད་རང་བྱུང་ཁམས་དང་ཁ་བྲལ་མ་མྱོང་པ་ཡང་ཤེས་སྲིད། 

ད་ལྟ་ནི་མཐའ་མེད་པའི་བྱ་དངོས་གཅིག་པུ་དེ་ཡིན། 


རི་ཁུག་ཏུ་རྡོ་རྗེ་དཀྱིལ་ཀྲུང་ལ་བཞུགས།  

འོད་ཀྱིས་ཁུང་བུ་བརྟོལ་དེ་མིག་ལ་བརྒྱུད། 

རྫོགས་རྒྱུ་མེད་པའི་ལྗོངས་རྣམ་དག།

སེམས་ཀྱི་གསོས་སུ་བབས། 

ཞི་འཇགས་ཀྱི་གནས་དེ་ང་ཚོ་སུ་ལའང་ཁྱད་མེད་དུ་དབང་། 



曲珍老师制作的智慧嘎乌盒

点击图片可进入小程序了解

来自钦乐手造的大鹏金翅吊坠
点击图片可进入小程序了解



往期文章

可点击图片阅读

穿透喜马拉雅的光线 ▎世界级摄影大师马克·吕布

国家地理摄影师 ▎西藏朝圣,信仰不在废墟

美国《国家地理》金牌摄影师的表白  ▎藏地是最爱

藏族人与东京人的碰撞,日本摄影师的90年代西藏肖像。

石川直树,在喜马拉雅山重生。

英国皇家地理协会的西藏摄影  ▎喜马拉雅的"光头"世界
万花筒中的喜马拉雅朝圣 ▎彩色摄影先驱恩斯特·哈斯

野牦牛研究者,40年藏地游牧探索和无限热爱。

三获荷赛奖的摄影师,活在喜马拉雅命运里法国导演


བོད་སྐད་ཞབས་ཞུ་སྐད་འཕྲིན་ཨང་གྲངས། :CHARU1607

客服微信:charuspace

未经作者允许请勿随意印刷转载 后果自负

合作及投稿微信:charuspace


: . Video Mini Program Like ,轻点两下取消赞 Wow ,轻点两下取消在看

您可能也对以下帖子感兴趣

文章有问题?点此查看未经处理的缓存