查看原文
其他

唯美诗歌 | 藏族青年优秀诗人作品集:扎西才让诗选(汉藏对照)

扎西才让 藏人文化网 2023-11-25
请点击上方的“藏网文摘”订阅
有您更精彩 投稿信箱tibetcul@126.com

老相好(组诗)

1

美丽浩淼的湖泊,一百单八条草原河汇成,

最终成为巨大的泪滴——都是先人讲的故事。

幽深莫测的爱情,三百六十颗天上星炼就,

这星辰照耀心灵——都是诗人怅望的天宇。


2

是那些繁茂的芨芨草,从血浆里生长,

做了底层的精英,挡住了来自异域的风沙。

是那些弱小的黑蚁,在草窠里建巢,

做成地下的宫殿,要上演蝼蚁才有的爱情。


3

红尘永恒的太阳,沐照藏地甘南,

热烈深情的他呀,你单只手遮盖不了。

天上下来的黄河,路过玛曲草原,

沉郁低回的她呀,你一时理解不了。


4

我转了万回佛塔,道路上,遇到了那么多的人,

——好不过遇到的你。

我拜了千尊真佛,寺院里,牵着启智开明的手,

——好不过执手不语。


5

南山林里的树里头,总有孤独的精灵。要说那最好的,

还是那与佛祖有缘的紫香檀。

世上拥挤的人里头,总有沉默的女子。要说那最好的,

还是那与我有缘的实心人。


6

穿水獭皮的少年,沿着曲折的花径走了。你走就走吧,

即使你的嘴上涂满蜂蜜,你也不是我的相好。

松柏一样的男子,循着黑暗的河面来了,你来就来吧,

即使你的一身都是疾病,你也是我等待的爱人。


7

梅花鹿成群结队,圆睁着黑亮的眼睛,

不是求偶的季节,也往那片密林深处去了。

你和我形只影单,守着利剑般的情欲,

不是约会的日子,也渴望远离寂寞的荒原。


8

那边,黑又矮的牛粪墙,倒了。阿妈说:

那可是家乡的黏土垒起来的。

这边,白又大的银月亮,羞了。相好说:

那可是你我的情意唤出来的。


9

风雪里的松和柏,枝叶交织在风中,

它们低语或者沉默,早就有了执手的交往。

你和我在岁月中,手脚缠绕在身上,

我们拥抱或者御寒,难道真有换心的情意?


10

在故乡,当白雨落在田里,洪水走过村庄,

……我也有能托事的近邻。

在远方,当白昼陷进坑里,黑夜挂在床头,

……我也有能换命的女人。


11

珊瑚做的珠子要献给月神,那光芒本就来自天上。

牛毛做的氆氇呢,要献给父母,那是亲人的血魂。

缎子做的长裙要献给爱人,为了血脉她怀了孕了。

良心做的歌声呢,要献给情人,那是心授的歌词。


12

恨情人,总是躲在月下的丛林,

你要有月光的意志,才能让她们显出身形。

爱万物,她们总在太阳的光里,

你要有浪子的胸怀,才能感受女性的温柔。


13

我就是这里的习俗,这里的天气,这里的人。

你若真是我的相好,就帮助我离开这里。

你若真是佛国来的度母,就度化我吧,

留下我的精血,梦想……和天上的星斗!


14

樵夫行走密林深处,他说:手执利斧时,

最容易的,是在森林里选木头。

刀客行走凶险江湖,他说:心有利刃时,

最困难的,是在人群里选女人。


15

在悬崖上,我为你开路。在渡口,我为你备舟。

为你流出鲜血的,是那有情有义的人。

过了河,你就拆了桥。上了房,你就搬走梯。

给我不留后路的,是那吃了麦草的畜生?


16

放纵的烈马从寒冷的高原,来到这闷热的盆地,

英雄哪,你若骑它,就要有过人的本事。

血性的汉子从遥远的拉萨,来到这深情的甘南,

姑娘哪,你若交他,就要有女人的妩媚。


17

那河堤上的裂缝,出现在倾城之恋的年代,

你我狭路相逢,迟早是决堤的先声。

你脾性中的毛病,暴露在情人拥挤的大街,

你我貌合神离,迟早是堕落的根源。


18

山上的遒柏劲松,高贵又挺拔。如果追忆往昔,

既有衰败的枯枝,也有满身的伤疤。

人间的亲朋密友,亲密更无间。如果仔细打量,

定有自己的脾性,也有不可告人的秘密。


19

一碗青稞酒下肚,你的脸就发红,有了心事。

你露出人性的恶,你的诺,太易变了!

一包袁大头在怀,你的心就黑了,变得乖戾。

你夺走人间的善,你的心,叫狼吃了!


20

你是狂风中的杨柳,听说前年,经了被肆虐的命运。

我是雨中的岩石,那些日子,也有过被冲刷的历史。

在这风雨的一隅,屋檐下,我俩是同甘共苦的命运。

但春花刚刚开放,就各自乱了情,做不了知心人了!



选自《当美和爱情化为星辰》(四川民族出版社)

藏族青年优秀诗人作品集

ཁག་གསུམ་པ། འཛའ་གྲོགས་རྙིང་པ།


བཀྲ་ཤིས་ཚེ་རིང་གིས་བརྩམས།

དཔལ་མགོན་སྐྱབས་ཀྱིས་བསྒྱུར།



མཛེས་སྡུག་ཡིད་འོང་གི་མཚོ་མོ་དེ། ཆུ་སྣ་བརྒྱ་དང་བརྒྱད་ཀྱིས་གྲུབ་ཅིང་།

མཚར་སྡུག་ཆེ་བའི་མིག་ཆུའང་དེ་ཡིན། གནའ་མིའི་ངག་ལས་བྱུང་བའི་སྒྲུང་རིང་ཡིན།

དཔག་པར་དཀའ་བའི་བརྩེ་དུང་དེ། རྣམ་པར་བཀྲ་བའི་སྐར་ཚོགས་ཀྱིས་གྲུབ་ཅིང་།

སེམས་ལ་འོད་སྣང་སྦྱིན། སྙན་ངག་པའི་སྨྱུག་སྣེ་ནས་བྱུང་བའི་དབྱངས་སྙན་ཡིན།



ཚིང་ཚིང་དུ་སྐྱེས་པའི་འབྲུ་རྟ་ས་འཛིན་ནི། ཁྲག་རྒྱུན་ལས་བྱུང་བ་ཡིན་ལ།

གདོད་མ་ནས་མཆོག་གྱུར་དུ་བརྩི་ཞིང་། བསྐལ་བ་ནས་བྱུང་བའི་རྡུལ་འཚུབ་བཀག

ཉམ་ཆུང་གི་གྲོག་ཆུང་དག་གིས། རྩྭ་གསེབ་ཏུ་ཚང་བཅའ་ཞིང་།

ས་འོག་གི་ཕོ་བྲང་གསར་དུ་བསྐྲུན། གྲོག་མར་དབང་བའི་བརྩེ་དུང་གི་གཏམ་རྒྱུད་བྲིས།



རྟག་བརྟན་དུ་གནས་པའི་སྲིད་པའི་མིག ཀན་ལྷོའི་ཡུལ་དུ་འོད་སྣང་སྦྱིན།

དྲོད་འཇམ་གྱིས་ཁེངས་པའི་ཉི་མ་ནི། ཁྱེད་ཀྱིས་ནམ་ཡང་ཁེབས་ག་ལ་ནུས།

མཁའ་ལས་བབས་པའི་རྨ་ཆུ། རྨ་ཆུ་རྩྭ་ཐང་དུ་ཧོལ་གྱིས་མཆོངས།

སྨྲ་བ་མེད་པའི་ཁོ་མོ་ནི། ཁྱེད་ཀྱིས་ནམ་ཡང་རྟོགས་ག་ལ་ནུས།



མཆོད་རྟེན་ལ་སྐོར་བ་རྒྱག་ཐེངས་རེར། ལམ་བར་དུ། མི་ཚོགས་མང་པོ་དང་འཕྲད་མོད།

ཁྱེད་དང་བྲལ་བ་ནི་ལས་དབང་ཡིན།

ལྷ་སྐུ་ཁྲི་འབུམ་ལ་ཕྱག་འཇལ་བྱས་ཤིང་། དགོན་སྡེ་ནས། གསོལ་བ་གང་མང་བཏབ་མོད།

ཁྱེད་དང་ལག་གདང་འབྲེལ་བ་ལས་མ་འདས།



ལྷོ་རིའི་ནགས་ཚལ་དུ། ཁུ་སུམ་མེར་འགྲེངས་བའི་ལྗོན་ཤིང་ཡོད་ལ། ཡིད་དུ་འོང་བ་ནི། ལྷ་

དང་ལས་འབྲེལ་རྫོགས་པའི་དཔག་བསམ་ལྗོན་པ་རེད།

འཇིག་རྟེན་གྱི་མི་ཚོགས་ཁྲོད། ཁུ་སུམ་མེར་བགྲོད་པའི་བུ་མོ་ཡོད་ལ། ཡིད་དུ་འོང་བ་ནི།

ང་དང་ལས་འབྲེལ་རྫོགས་པའི་གཞོན་ནུ་མ་དེ་ཡིན་ལགས།



སྲམ་པགས་གྱོན་པའི་གཞོན་ནུ། གོམ་པ་ཁྱར་འཁྱོར་ལེན་ཞོར་བུད་སོང་། སོང་ན་ཆོག་ཏེ།

ཁ་ཡག་ངོ་དགའི་ཚིག་ལ་སྤྲོ། ཁྱེད་ནི་ང་ཡི་གྲོགས་བཟང་མ་ཡིན།

ངར་ཤུགས་ཀྱིས་བརྫིས་པའི་སྟག་ཤར། མུན་ནག་འཐིབས་པའི་མཚོ་ངོགས་རྒྱུ་ནས་ཐོན་

འོང་། ཐོན་ན་ཆོག་ཏེ། ན་ཚས་མནར་ཡོད་ཀྱང་། ཁྱེད་ནི་ངའི་སྒུག་ཆོག་པའི་དགའ་ས་ཡིན།



ཤྭ་ཡུ་མོ་ཁྱུ་གཅིག་ཏུ་འདུས་ཤིང་། མིག་ཟུང་གིས་སྐར་འོད་ལ་འགྲན།

འགྲོ་རོགས་བཙལ་བའི་དུས་མིན་མོད། ཚིང་ཚིང་གི་ནགས་ཚལ་དུ་འགྲོ་བར་བྲེལ།

ཁྱེད་དང་འུ་གཉིས་མཉམ་འགྲོ་མཉམ་འདུག་བྱེད་ཅིང་། འདོད་པར་ཆགས་པ་སེལ།

དུས་ཆད་བྱེད་པའི་དུས་མིན་མོད། སུན་སྣང་གི་ཉིན་མོ་དང་འབྲལ་བར་འདོད།



ཕ་གིའི། ལྕི་བའི་བརྩིགས་པའི་གྱང་ལོག་སོང་། ཨ་མས།

དེ་ནི་ཕ་ཡུལ་གྱི་ས་ནག་གིས་བརྩིགས་པ་ཡིན་ཟེར།

འདི་རུ། དཀར་ཅིང་གསལ་བའི་ཟླ་བ་གནོང་སོང་། འགྲོགས་བཟང་གིས།

དེ་ནི་འུ་གཉིས་ཀྱི་བརྩེ་དུང་ལ་གནོང་བ་རེད་ཟེར།



བུ་ཡུག་ཁྲོད་ཀྱི་གསོམ་པ་དང་ཤུག་སྡོང་། འདབ་མ་བཀྲལ་ནས་རླུང་བུའི་ཁྲོད་འགྲེངས།

ཁ་རོག་གེར། ཁུ་སུམ་མེར་འདུག་མོད། ལྐོག་གྱུར་ངང་ལག་གདང་འབྲེལ་འདུག

ལོ་ཟླའི་ཁྲོད་ཀྱི་ཁྱེད་དང་འུ་གཉིས། རྐང་ལག་མཉམ་དུ་འབྲེལ་ལ།

མཉམ་དུ་པང་ནས་ཤ་དྲོད་སྦྱིན། འདི་ནི་སེམས་པའི་འབྲེལ་ཐག་ཡིན་ནམ།


༡༠

ཕ་ཡུལ་དུ། དྲག་ཆར་གྱིས་ས་ཞིང་བསྣུབས་ལ། ཤ་འོད་ཀྱི་གྲོང་སྡེ་བཅོམས།

ང་ལ་དོན་དག་བཅོལ་སའི་ཁྱིམ་མཚེས་ཡོད།

རྒྱང་རིང་དུ། ཉིན་དཀར་ས་དོང་ལ་འཐིབས་ཤིང་། མཚན་མོ་མལ་ཁྲི་རུ་ཡལ།

ང་ལ་ཡིད་སེམས་འགུག་པའི་བུད་མེད་ཡོད།


༡༡

བྱུ་རུའི་རྒྱུས་པའི་ཕྲེང་བ་དེ་ཟླ་བ་ལ་སྦྱིན་ཅིང་། འོད་ཟེར་ནི་བར་སྣང་ནས་བྱུང་།

ནོར་རྩིད་ཀྱིས་འཐག་པའི་འཕྲུག་ལ། ཕ་མར་འབུལ་ལ། འདི་ནི་གཉེན་ཉེའི་ཟུངས་ཁྲག་ཡིན།

དར་སྐུད་ཀྱིས་བཟོས་པའི་དོར་ལྭ་རིང་མོ་དགའ་མར་ཕུལ། ཁྱིམ་རྒྱུད་ཀྱི་ཆེད་དུ་མངལ་སྒྲིམ་འདུག

སེམས་པ་རྣལ་མོར་བཅིངས་པའི་གླུ་སྐད་དེ། སེམས་ཀྱི་དགའ་མར་འབུལ་ལ། འདི་ནི་

སེམས་ལས་བྱུང་བའི་གླུ་ཚིག་ཡིན།


༡༢

ཟླ་འོད་འོག་གི་ནགས་ཚལ་དུ་སྦས་པར་སྤྲོ་བའི་དགའ་བར་ཤིན་ཏུ་སྡང་།

ཁྱེད་ལ་ཟླ་འོད་ཀྱི་མཐུ་ནུས་ཡོད་ཚེ། ཁོ་མོ་ལྷང་ལ་འབུད་པར་བྱེད་ངེས།

ཁྱེད་ལ་ཁྲམ་པ་ཞིག་གི་བློ་སྟོབས་ཡོད་ཚེ། བུད་མེད་ཀྱི་ཞི་འཇམ་ལ་ངང་གིས་རོལ་ཐུབ།


༡༣

ང་ནི་ཡུལ་འདིའི་ཡུལ་སྲོལ། ཡུལ་འདིའི་གནམ་གཤིས། ཡུལ་འདིའི་མི་ཡིན་ནོ།

ཁྱེད་ནི་ང་ཡི་དགའ་མ་ཡིན་ཚེ། གནས་འདི་ལས་མཉམ་དུ་འབྲལ་བར་གྱིས།

ཁྱེད་ནི་འཕགས་ཡུལ་ནས་འོང་བའི་སྒྲོལ་མ་ཡིན་ཚེ། ང་རང་སྡུག་བསྔལ་ལས་སྐྱོབས་ཅིག

ངའི་ཟུངས་ཁྲག་དང་ཕུགས་བསམ། ད་དུང་ཨ་སྔོན་གྱི་རྒྱུ་སྐར་སྐྱུར་ཤིག


༡༤

ཤིང་མཁན་ཞིག་ནགས་ཚལ་དུ་བགྲོད་དུས། ལག་ཏུ་སྟ་རེ་བཟུང་ཡོད་ཚེ།

ནགས་ཚལ་ལས་ཤིང་སྡོང་ཞིག་བདམས་པར་བྱེད།

གྲི་མཁན་ཞིག་གིས་རྒྱལ་ཁམས་མྱུལ་དུས། སེམས་ཀྱི་གྲི་ཆུང་རྣོ་བར་བརྗོད་ཚེ།

ཆེས་ཁག་ཆེ་ས་ནི། མི་ཚོགས་ལས་བུད་མེད་བདམས་པ་དེ་རེད།


༡༥

གཡང་གཟར་དུ། ངས་ཁྱེད་ཀྱི་ལམ་སྣ་དྲངས། གྲུ་ཁ་རུ། ངས་ཁྱེད་ལ་སྟ་གོན་བྱས།

ཁྱེད་ཀྱི་དོན་དུ་ཟུངས་ཁྲག་བཏོན་མྱོང་མཁན་ནི། མི་འདང་བརྩེ་འདང་ཅན་དག་ཡིན།

ཆུ་ལས་བརྒལ་རྗེས། ཁྱེད་ཀྱིས་ཟམ་བ་བཤིག་སོང་། ཀླད་ལ་ཐོན་རྗེས། རྐས་ཐེམ་བླངས་སོང་།

ང་ལ་གཞུག་ལམ་མི་བསྐྱུར་མཁན་ནི། གྲོ་རྩྭ་ཟ་བའི་དུད་འགྲོ་ཡིན་ནམ།


༡༦

བག་མེད་དུ་རྒྱུ་བའི་རྟ་མཆོག་དེ། གྲང་ངར་ཆེ་བའི་མཐོ་སྒང་ལས་མར་བདེ་ཐང་ལ་བབས།

དཔའ་རྟུལ་ལགས། རྟ་འདི་ལ་བཅིབས་དང་། ཁྱད་འཕགས་ཀྱི་རྩལ་ཅིག་འཛོམས་དགོས།

རྟུལ་ཕོད་ཆེ་བའི་ཕོ་རྒོད་ཅིག རྒྱང་རིང་གི་ལྷ་ས་ནས་ཁོད་ཡངས་བའི་ཀན་ལྷོ་རུ་འབྱོར།

བུ་མོ་ལགས། ཁོ་ལ་འབྲེལ་བ་བྱེད་བསམ་ཚེ། ཞི་དུལ་གྱི་གཤིས་ཀ་ཞིག་ཡོད་དགོས།


༡༧

ཆུ་རགས་ཀྱི་གས་སྲུབས་ཏེ། བརྩེ་དུང་ལ་ཤོར་བའི་ལོ་ཟླ་རུ་བྱུང་།

འུ་གཉིས་གྱོད་ཡ་ལམ་ཐུག་ཡིན་མོད། བུའི་བཟང་ངན་ཀྱང་དེ་ལས་འགྲན་ཆོག

ཁྱེད་ཀྱི་གཤིས་རྒྱུད་ངན་པ་དེ། མཛའ་མོ་མང་པོའི་སྲང་ལམ་ནས་བཏོན་བྱུང་།

འུ་གཉིས་ནང་སེམས་འགལ་དུས། ངན་རུལ་གྱི་འབྱུང་ཁུངས་སུ་འགྱུར་སྲིད།


༡༨

རི་འགོའི་ཤུག་སྡོང་དང་གསོམ་སྡོང་། བརྗིད་ཆགས་གེར་འདུག འདས་དོན་ལ་ཕྱིར་མིག་

འཕངས་ཚེ། སྐྱོ་ངལ་གྱིས་གདུང་བའི་ཡལ་འདབ་ཡོད་ལ། ཆག་གྲུམ་དུ་ལུས་པའང་ཀུན་ནས་མོད།

མི་ཡུལ་གྱི་གཉེན་ཉེ་དང་གྲོགས་པོ། སྙིང་ཉེ་བར་འདུག ཞིབ་ཏུ་བསམ་བློ་རེ་བཏང་ཚེ།

རང་ཉིད་ཀྱི་གཤིས་རྒྱུད་རེ་ཡོད་ལ། ལྐོག་ཏུ་སྦ་དགོས་པའི་གསང་བའང་ཀུན་ནས་མོད།


༡༩

ནས་ཆང་ཕོར་བ་གང་བཏུང་རྗེས། ཁྱེད་ཀྱི་ངོ་གདོང་དམར་པོར་འགྱུར་སྲིད། སེམས་དོན་

མང་པོས་བརྫིས། མི་གཤིས་ཀྱི་བཙོག་ས་དེ་ཕྱིར་མངོན་ལ། ཁྱེད་ཀྱི་དམ་བཅའ། འགྱུར་བར་སླ།

དངུལ་སྲང་རུམ་དུ་བཅུག་རྗེས། ཁྱེད་ཀྱི་སེམས་པ་ནག་པོར་འགྱུར་སྲིད། གདུག་རྩུབ་ཅན་

དུ་གྱུར། མིའི་རིགས་ཀྱི་སྤྱོད་བཟང་ལ་རྡོག་བརྫིས་ཐེབས། ཁྱེད་ཀྱི་སེམས་པ། ངན་ལ་ཤོར།


༢༠

ཁྱེད་ཀྱི་རླུང་འཚུབ་ཁྲོད་ཀྱི་དབྱར་སྡོང་ཡིན། གོ་ཐོས་སུ་སྔ་ལོར། དུམ་གཅོད་བྱེད་པའི་ལས་

དབང་དང་འཕྲལ།

ང་ནི་དྲག་ཆར་ཁྲོད་ཀྱི་བྲག་རྡོ་ཡིན། ཉིན་དེ་གར། ཆུ་ཡིས་སྦགས་པའི་ལོ་ཟླ་དང་ཕྲལ།

ཆར་རླུང་གི་བར་གསེང་ནས། ཁྱེད་དང་འུ་གཉིས། ལས་འབྲེལ་གྱི་གྲོགས་སུ་གྱུར།

དཔྱིད་ཀྱི་མེ་ཏོག་བཞད་དུས། བརྩེ་བ་གཞན་ལ་ཤོར་ཞིང་། ཡིད་མཐུན་གྱི་གྲོགས་བྱེད་མ་ནུས།


《བརྩེ་དུངས་མཁའ་དབྱིངས་ཀྱི་སྐར་འོད་དང་མཚུངས།》(བཀྲ་ཤིས་ཚེ་རིང་གིས་བརྩམས།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།)

图片来自网络,如有侵权,请联系删除

作者简介
扎西才让,藏族,甘肃甘南人。中国作家协会会员,甘肃作家协会理事,甘南州作家协会主席,第二届甘肃诗歌八骏之一,中国诗歌网驻站诗人。作品见于《诗刊》《十月》《散文》等60多家文学期刊,被《新华文摘》《小说选刊》《散文选刊》《诗选刊》转载并入选50余部年度诗歌选本。获中国红高粱诗歌奖、甘肃省敦煌文艺奖、甘肃省黄河文学奖、海子诗歌奖、三毛散文奖、唐蕃古道文学奖等,出版诗集三部。
相关阅读
唯美散文 | 南泽仁 散文三章
唯美散文 | 程强:父性的怀抱
唯美散文 | 丹增:大师进藏记
藏地随笔 | 久美多杰:我的安多
唯美散文 | 韩玲:昌都寺的刻经人
唯美小说 | 严英秀:骊歌(节选)
唯美散文 | 韩玲散文:八家寨纪事
唯美诗歌 | 阿顿·华多太:甘南三章
唯美散文 | 格德瓦·志玛:康藏腹地
唯美诗歌 | 王琰散文诗:西梅朵合塘
唯美诗歌 | 石枫恋:穹苍之上(组诗)
唯美小说 | 尹向东中篇小说:野马(节选)
唯美小说 | 垃圾(才项南杰 著  旦正加 译)
唯美诗歌 | 布毛才仁:把四季当成歌谣(组诗)
唯美诗歌 | 端智嘉诗歌新译(岗路巴·完代克 译)
藏网酷评 | 雪归:才旦《安多秘史》的叙事特征浅析
唯美散文 | 赤·桑华:我们的童年是怎样的?——或者是一种忧虑(赤·先才  译)

扫描或长按        关注藏网文摘


继续滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存