查看原文
其他

ཕ་མ་དགོས་གལ་ལ་ཐུག་ཚེ་ཁྱོད་གང་དུ་ཡོད། བསོད་དར་རྒྱས་ཀྱིས་བརྩམས།

ཕེབས། 👉 Qiu1980
2024-09-29




ལེའུ་དྲུག་པ།

ཕ་མ་ལ་སྲི་ཞུ་སྒྲུབ་པའི་ཤེས་རབ།





༥  ཕ་མ་དགོས་གལ་ལ་ཐུག་ཚེ་ཁྱོད་གང་དུ་ཡོད།

ཀུན་རྫོབ་ཐ་སྙད་ཀྱི་དབང་དུ་བྱས་ན་འཇིག་རྟེན་འདིའི་སྟེང་དུ་ཕ་མ་ལས་གལ་ཆེ་བའི་དངོས་པོ་སྣ་གཅིག་ཀྱང་མེད་པ་ཤེས་དགོས།

གནའ་བོའི་དུས་སུ་བུ་བུ་མོས་ཕ་མ་ལ་སྲི་ཞུ་སྒྲུབ་པ་ནི་ཤིན་ཏུ་འོས་སུ་གྱུར་པའི་ལས་ཤིག་ལ་རྩི། ཡིན་ཡང་ད་ལྟ་ནི་བུ་བུ་མོས་ནད་ཁྲིའི་གམ་ནས་དྲག་ནད་ཀྱིས་བཟུང་བའི་ཕ་མ་ལ་བདག་སྐྱོང་བྱེད་སྐབས་བྱ་སྤྱོད་འདི་ཧ་ཅང་དམིགས་བསལ་བ་ཞིག་ཏུ་བྱས་ནས་གསར་འགྱུར་འཕྲིན་སྦྱོར་དག་གིས་རྟག་ཏུ་དྲིལ་བསྒྲགས་བྱེད་པ་རེད། དོན་དུ་ཕ་མ་ནད་ཀྱིས་བཟུང་སྐབས་གནམ་ཁབ་རྒྱག་པའམ་ཁབ་རྒྱག་པ། སྨན་ལེན་པ་སོགས་ཀྱི་ཚེ་བུ་བུ་མོ་དག་འཁྲིས་སུ་འགྲོགས་ནས་བདག་སྐྱོང་བྱེད་པ་འདི་ཤིན་ཏུ་འོས་སུ་ཆེ་བའི་བྱ་བ་ཞིག་ཡིན།ཡིན་ཡང་ལ་ལ་ཞིག་གི་ཕ་མ་སྨན་ཁང་དུ་སྡོད་བཅོས་བྱེད་སྐབས་མི་གླས་ཏེ་བདག་སྐྱོང་བྱེད་དུ་བཅུག་ཅིང་རྟག་ཏུ་ལས་དོན་ཤིན་ཏུ་བྲེལ་ཆེ་བས་ཁོམ་ལོང་མི་འདུག་སྐད་སྨྲས་ཏེ་དོ་ཁུར་ཅི་ཡང་མི་བྱེད་མཁན་འདུག

ཀུན་རྫོབ་ཐ་སྙད་ཀྱི་དབང་དུ་བྱས་ན་འཇིག་རྟེན་འདིའི་སྟེང་དུ་ཕ་མ་ལས་གལ་ཆེ་བའི་དངོས་པོ་སྣ་གཅིག་ཀྱང་མེད་པ་ཤེས་དགོས།  ལེགས་པར་སོམས་དང་།  སྔར་རང་ཉིད་ནད་ཀྱིས་བཟུང་ཚེ་ཕ་མས་བདག་སྐྱོང་ཇི་ལྟ་བུ་ཞིག་བྱས། ཁོང་ཅག་གི་སེམས་མེ་སྟག་འཚུབ་འཚུབ་བྱེད་ཅིང་ནམ་ཕྱེད་དུ་སྨན་ཁང་དུ་ཁུར་ནས་གྱོན་གོས་མི་འགྲོལ་བར་ལྟ་སྐྱོང་བྱེད་ལ།ད་ལྟ་ཁོང་ཅག་ནད་ཀྱིས་བཟུང་བ་ན་རང་རེས་དེ་ལྟར་སྒྲུབ་ཕོད་དམ།

གནའ་བོའི་མི་རྣམས་ནི་ངེད་ཅག་དང་མི་མཚུངས་པར་མཐོ་ལྷའི་གོང་མ་ཡིན་ཡང་ཕ་མ་ལ་བརྩེ་བ་ཆེན་པོས་ཞབས་ཏོག་སྒྲུབ་པ་རེད། ཧན་ཝིང་ཏི་ལིའུ་ཧིང་གི་ཡུམ་ཆེན་ནད་ཀྱིས་བཟུང་སྐབས་ཡུམ་གྱི་གམ་ནས་རྟག་ཏུ་བདག་སྐྱོང་བྱེད་པ་དང་སྨན་བསྐོལ་ཟིན་རྗེས་ཐོག་མར་རང་གིས་ཚ་འཇམ་ལྟ་ཞིང་འཇམ་པོར་གྱུར་རྗེས་ད་གདོད་ཡུམ་ལ་འདྲེན།ཡུམ་ལོ་གསུམ་ལ་ནད་ཀྱིས་བཟུང་བས་ལོ་གསུམ་དུ་ཡུམ་དང་མ་བྲལ་བ་རེད།

ང་རང་ཆུང་བའི་དུས་སུ་ཐེངས་ཤིག་ནམ་གུང་ལ་ན་སྟེ་ཨ་མས་ང་རང་པང་དུ་འཁྱེར་ནས་མཚན་ཐོགས་ཐག་ལ་རི་མང་པོ་བརྒལ་ཅིང་འཁྱར་རེ་འཁྱོར་རེར་སྤྱི་ལེ་བཅུ་ཕྲག་འགའ་ཞིག་སོང་ནས་སྨན་ཁང་དུ་བསྐྱལ།ནམ་རྒྱུན་ཡིན་ན་ཁོང་ཉིད་ནགས་གསེབ་ནས་འགྲོ་མི་ཕོད།འོན་ཀྱང་ངའི་སྲོག་རྟ་རྔ་ཙམ་འདི་སྐྱོབ་ཆེད་གང་ལ་ཡང་མ་འཛེམས་པར་སོང་།

ཨ་མའི་བཀའ་དྲིན་དྲན་ཐེངས་རེ་ལ་ང་རང་ཤིན་ཏུ་ངོ་གནོང་བཞིན་ཡོད།ངས་ཁོང་གི་བཀའ་དྲིན་འཇལ་བའི་ཆེད་དུ་བྱ་བ་མང་པོ་མ་བྱས་ཤིང་ཁོང་གི་གམ་དུ་འགྲོགས་པའི་དུས་ཚོད་ཀྱང་ཧ་ཅང་ཉུང་།དུས་རྒྱུན་དུ་ཨ་མ་ནད་ཀྱིས་བཟུང་བའམ་བྱ་བ་འགའ་ཞིག་སྒྲུབ་དགོས་ཚེ་ང་རང་བྱ་བ་སྣ་ཚོགས་ཀྱིས་རྟག་ཏུ་བྲེལ་བའི་རྐྱེན་གྱིས་གཞན་རྒྱ་ཆེན་པོ་སྒྲུབ་མི་ཐུབ་པས་ཆོས་ཁྲིད་ཀྱི་སྔོན་དུ་ཁོམ་པ་བཙལ་ནས་གམ་དུ་བཅར་བ་ཡིན།སྐབས་ལ་ལར་སྐར་མ་ཐུང་ཐུང་ཁ་ཤས་ལས་འདུག་ཁོམ་མེད་རུང་ཁོང་གིས་ཀྱང་དེ་ནི་དབུགས་དབྱུང་ཆེན་པོ་ཞིག་ཡིན་པར་བསམས་པ་རེད།

ཨ་མས་ཡིག་འབྲུ་ན་གཅིག་ཀྱང་མི་ཤེས་རུང་བདེ་སྨོན་དང་བཟང་སྤྱོད་སྨོན་ལམ།སྒྲོལ་མ་ཉེར་གཅིག་སོགས་བློ་རུ་འཛིན་ནུས་པ་དང་ང་རང་ཆུང་དུས་སུ་ཐམས་ཅད་ཁ་སློབ་བྱས་པ་རེད།ཡིག་འབྲུ་ན་གཅིག་ཀྱང་མི་ཤེས་པའི་མི་ཞིག་གིས་བློ་འཛིན་གྱི་ནུས་པ་རྐྱང་པ་ལ་བརྟེན་ནས་ཐམས་ཅད་བློ་རུ་ཟིན་དགོས་ན་ལས་སླ་མོ་ཞིག་མ་ཡིན།

ལོ་ན་རྒས་པའི་མི་རྣམས་ཀྱི་སེམས་ནི་གཞོན་ནུ་དག་དང་རྩ་བ་ནས་མི་འདྲ་བར་ཤིན་ཏུ་ཉམ་ཆུང་། གཉེན་ཉེ་རྣམས་ཀྱིས་སྟབས་ཉེས་ཏེ་ཚིག་ནན་མོ་གཅིག་ཙམ་ཁ་ནས་ཤོར་ཡང་ཁོང་ཅག་ལ་ཟུག་རྫུ་ཆེན་པོ་སློང་སྲིད་ཅིང་། སྤྱིར་བཏང་གི་སེམས་གསོ་བའི་ཚིག་གཅིག་གིས་ཀྱང་དུས་ཡུན་རིང་མོར་དགའ་བ་སྐྱེད་ནུས།

ཕ་མ་ལ་སེམས་ཁུར་ཇི་ལྟར་བྱེད། ཁྱད་པར་དུ་ཁོང་ཅག་ནད་ཀྱིས་བཟུང་ནས་བདག་སྐྱོང་དང་སེམས་གསོ་དགོས་སྐབས་སེམས་ཁུར་ཇི་ལྟར་བྱེད་དགོས་པ་སོགས་ལ་ང་ཚོས་བསམ་བློ་ཡག་པོ་གཏོང་བར་འོས་སོ།།

ཁ་བྱང་ལྟར་ནང་དོན་རེ་རེ་བཞིན་གཟིགས་ཐུབ།







 


འདི་ནས་ལན་གཅིག་གནོན་རོགས།👇
继续滑动看下一个
Qiu1980
向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存