查看原文
其他

༦ སྨོན་ལམ་ལོག་པ་རང་གར་རྒྱག་མི་རུང་། བསོད་དར་རྒྱས་ཀྱིས་བརྩམས།

ཕེབས། 👉 Qiu1980
2024-09-29



ལེའུ་བཞི་པ།  

རྒྱུ་འབྲས་ལ་བླང་དོར་ཤེས་པའི་མི་ནི་བསོད་ནམས་ཆེ།





༦ སྨོན་ལམ་ལོག་པ་རང་གར་རྒྱག་མི་རུང་།


རང་ཉིད་ཀྱིས་སྨོན་ལམ་ལོག་པ་རྒྱག་མི་རུང་ཞིང་གཞན་ལ་ཡང་སྨོན་ལམ་ལོག་པ་རྒྱག་མི་རུང་བའི་གོ་འགུགས་བྱེད་དགོས། མི་ཐམས་ཅད་ཀྱིས་སྨོན་ལམ་བཟང་པོ་རྒྱག་དགོས་པ་ལས་གནས་སྐབས་ཀྱི་ཁོང་ཁྲོའི་དབང་དུ་གྱུར་ཏེ་སྨོན་ལམ་ལོག་པ་བརྒྱབས་ན་མ་འོངས་པའི་སྡུག་བསྔལ་དེ་ནི་རང་གར་ཐེག་ནུས་པ་ཞིག་མ་ཡིན།

ནམ་རྒྱུན་འཚོ་བའི་ཁྲོད་དུ་ང་ཚོས་བག་ཟོན་ཆེན་པོ་བྱེད་དགོས།གནས་སྐབས་སུ་མི་དགའ་བའི་རྐྱེན་གྱིས་སྨོན་ལམ་ལོག་པ་རྒྱག་མི་འོས།དེ་ལས་གཞན་སྨོན་ལམ་ལོག་པ་ཐེངས་གཅིག་ཙམ་ལ་བརྒྱབས་པས་ཀྱང་ཚེ་རབས་ཐམས་ཅད་ལ་སྡུག་བསྔལ་སྐྱེད་པར་བྱེད་པ་རེད།

སྟོན་པ་བཅོམ་ལྡན་འདས་སྐུ་འཚོ་བའི་དུས་ཀྱི་དགེ་སློང་མ་ཨུད་པ་ལ་ནི་དེ་ལྟར་ཡིན།

དེ་ཡང་སྔོན་འདས་པའི་དུས་ཡུན་རིང་མོ་ཞིག་ན་ཨུད་པ་ལ་ཁྱིམ་བདག་ཤིན་ཏུ་ཕྱུག་པ་ཞིག་གི་ཆེན་མ་ཡིན།ཁྱིམ་བདག་དེར་བུ་མེད་པས་སླར་ཡང་ཆུང་མ་ཞིག་བླངས་པས་སེམས་ཅན་དང་ལྡན་པར་གྱུར་ཏེ་ཟླ་བ་ཚང་ནས་བུ་ཞིག་བཙས།ཆེན་མ་ལ་བུ་མེད་པའི་རྐྱེན་གྱིས་ཕྲག་དོག་སྐྱེས་ནས་ཆུང་མའི་བུ་བསད།

ཆུང་མ་ཆེན་མ་ལ་དོགས་པ་ཟོས་ནས་ཚིག་གིས་བརྒལ་བས་ཆེན་མས་བསྙོན་བཏིང་ནས་འདི་སྐད་ཅེས་མནའ་བོར།གལ་ཏེ་ཁོ་མོས་ཁྱོད་ཀྱི་བུ་བསད་པར་གྱུར་ན་ཁོ་མོའི་སྐྱེ་བ་ཐམས་ཅད་དུ་ཁྱོ་བོ་སྤྲུལ་གདུག་པས་གསོད་པར་ཤོག་ཅིགབུ་ཞིག་ཡོད་ན་ཡང་ཆུས་ཁྱེར་བ་དང་སྤྱང་གིས་བཟའ་བར་ཤོག་ཅིགཁོ་མོའི་ལུས་ཡང་ནས་ཡང་དུ་གསོན་པོར་དུར་དུ་བཅུག་ཅིང་བུའི་ཤ་བཟའ་བར་ཤོག་ཅིགཕ་མའི་ཁྱིམ་དུ་མེ་ཤོར་ནས་ཐམས་ཅད་ཚིག་པར་ཤོག་ཅིག་ཅེས་སྨྲས།

མཐར་ཨུད་པ་ལས་ཚེ་རབས་ཐམས་ཅད་དུ་གོང་གི་རྣམ་སྨིན་ངན་པ་དེ་དག་མྱངས།

ལས་རྒྱུ་འབྲས་མི་ཤེས་པའི་མི་ནི་དེ་ལྟར་ཡིན་པ་རེད།གཞན་གྱི་ཡིད་ཆེས་འཐོབ་ཆེད་དམ་ཡང་ན་སྦ་གསང་བྱས་ཏེ་དོན་ཞིག་ལ་བསྙོན་ཆེད་རྫུན་བཤད་ཅིང་སྨོན་ལམ་ལོག་པ་ཁོ་ན་རྒྱག

ཀུན་གྱིས་རང་ཉིད་ཀྱི་འདས་སོང་ལ་འདང་ཞིག་རྒྱོབས་དང་འདི་འདྲའི་སྐད་ཆ་སྨྲ་སྐྱོང་ན་ཡང་ཐང་།ལ་ལ་ཞིག་གིས་རང་ཉིད་ཀྱི་ཉེས་པ་འགེབས་ཆེད་གལ་ཏེ་ངས་ལྐོག་ཟ་བྱས་ན་ང་རང་ཅི་ཞིག་གང་ཞིག་ཏུ་འགྱུར་བར་ཤོག་ཅིག་ཅེས་མནའ་འབོར་བ་དང་བཟའ་ཚང་འགའ་ཞིག་ཁ་རྩོད་བྱེད་སྐབས་གལ་སྲིད་ངས་བྱ་བ་དེ་བསྒྲུབས་ཡོད་ན་ང་རང་སྲང་ལམ་དུ་རླངས་འཁོར་གྱིས་གསོད་པར་ཤོག་ཅིགཆུ་འཐུང་སྐབས་ཆུས་བརྣངས་ཏེ་ཤི་བར་གྱུར་ཅིགཚེ་ཕྱི་མར་དམྱལ་

བ་རུ་སྐྱེ་བར་གྱུར་ཅིག་ཅེས་སྨྲ།འདི་དག་ཐམས་ཅད་ཀྱང་སྨོན་ལམ་ལོག་པའི་ཁོངས་སུ་འདུ།གལ་སྲིད་ཁྱོད་ཀྱིས་མནའ་འདི་ལྟ་བུ་འབོར་མྱོང་ཡོད་ན་མ་འོངས་པར་ལས་རྒྱུ་འབྲས་ཀྱི་རྒྱ་ལས་ཐར་མི་སྲིད།

དེའི་ཕྱིར་རང་ཉིད་ཀྱིས་སྨོན་ལམ་ལོག་པ་རྒྱག་མི་རུང་ཞིང་གཞན་ལ་ཡང་སྨོན་ལམ་ལོག་པ་རྒྱག་མི་རུང་བའི་གོ་འགུགས་བྱེད་དགོས།མི་ཐམས་ཅད་ཀྱིས་སྨོན་ལམ་བཟང་པོ་རྒྱག་དགོས་པ་ལས་གནས་སྐབས་ཀྱི་ཁོང་ཁྲོའི་དབང་དུ་གྱུར་ཏེ་སྨོན་ལམ་ལོག་པ་བརྒྱབས་ན་མ་འོངས་པའི་སྡུག་བསྔལ་དེ་ནི་རང་གར་ཐེག་ནུས་པ་ཞིག་མ་ཡིན།



ཁ་བྱང་ལྟར་ནང་དོན་རེ་རེ་བཞིན་གཟིགས་ཐུབ།







 


འདི་ནས་ལན་གཅིག་གནོན་རོགས།👇
继续滑动看下一个
Qiu1980
向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存