༩ དགེ་སེམས་ཀྱིས་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་རྫོགས་ནུས།
ལེའུ་བཞི་པ།
རྒྱུ་འབྲས་ལ་བླང་དོར་ཤེས་པའི་མི་ནི་བསོད་ནམས་ཆེ།
གལ་སྲིད་ང་ཚོས་བསམ་པ་དགེ་བ་ལ་གཅིག་ཏུ་བསླབས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བྱིན་རླབས་འཇུག་ཅིང་ཚེ་འདིའི་བྱ་བ་ཡོད་ཚད་བསམ་པ་བཞིན་དུ་འགྲུབ་ལ་འཆི་ཁར་ཡང་དབུགས་འཆད་པའི་སྡུག་བསྔལ་མི་བཟད་པ་མྱོང་མི་དགོས་པར་སྐྱེ་བ་ཐམས་ཅད་དུ་བསམ་གྱིས་མི་ཁྱབ་པའི་བདེ་བ་འབྱུང་ངོ་། །
ཆུ་ཤིང་གི་བསྟན་བཅོས་ལས་རབ་བྱུང་དང་ཁྱིམ་པ། མཐོ་བ་དང་དམན་པ་སུ་ཡིན་རུང་བསམ་པ་རྣམ་པར་དག་པ་ནི་མི་ཡ་རབས་ཞིག་བྱེད་པའི་རྩ་བ་ཡིན། དེ་ཡོད་ན་བྱ་བ་གང་ཞིག་བསྒྲུབས་ཀྱང་ལྷུན་གྱིས་འགྲུབ་ལ། གལ་སྲིད་བསམ་པ་གཅིག་སྒྲིལ་གྱིས་གཞན་ལ་ཕན་པ་བསྒྲུབས་ནས་བཟང་ལན་ལ་གཏན་ནས་མ་རེ་ན་ཡང་འབྲས་བུ་ཡིད་དུ་འོང་བ་འཕྲལ་དུ་སྨིན་པར་འགྱུར་རོ་ཞེས་གསུངས།
དཔེར་ན་ཧྥི་ལེ་མིང་ལྟ་བུ་སྟེ་ཁོ་ནི་ཤིན་ཏུ་དབུལ་བའི་ཡུལ་སུ་ཀོ་ཐྲི་ལན་དྷིའི་ཞིང་པ་ཞིག་ཡིན། ཉིན་ཞིག་ཁོས་ཞིང་ནང་དུ་ལས་ཀ་སྒྲུབ་བཞིན་པའི་ཚེ་ཉེ་འཁོར་གྱི་འདམ་མྱག་ལས་སྲོག་སྐྱོབ་ཅེས་པའི་ངུ་འབོད་ཐོས་པས་འཕྲལ་དུ་ཡོ་བྱད་བསྐྱུར་ནས་བརྒྱུགས་ཤིང་ཕྲུ་གུ་ཞིག་འདམ་མྱག་གི་ནང་དུ་ལྷུང་འདུག་པ་མཐོང་བས་མྱུར་དུ་ཚེ་སྲོག་བསྐྱབས།
ཕྱི་ཉིན་ཤིང་རྟ་ཤིན་ཏུ་གསར་བ་ཞིག་ཁོའི་ཁྱིམ་གྱི་སྒོ་ཁར་བསྡད་ནས་སྤྱོད་པ་ནི་དུལ་ལྡན་པའི་ཤེས་ལྡན་ཞིག་མར་བབས་ཏེ་ན་རེ། ཁྱོད་ཀྱིས་བདག་གི་ཕྲུ་གུའི་ཚེ་སྲོག་བསྐྱབས་པས་བདག་གིས་ཁྱོད་ཀྱི་དྲིན་ལན་འཇམ་དགོས།
ཞིང་ལས་ང་ནི་གཞན་གྱི་ཚེ་སྲོག་བསྐྱབས་པ་ལ་བཟང་ལན་གང་ཡང་མི་རེ་བ་ཞིག་ཡིན། ཞེས་སྨྲས་ཏེ་དང་ལེན་མ་བྱས།
དེ་ཚེ་ཞིང་པའི་ཕྲུ་གུ་ཕྱི་རོལ་ནས་ནང་དུ་ཐོན་པས་ཤེས་ལྡན་དེས་འདི་ཁྱོད་ཀྱི་བུ་ཡིན་ནས་ཞེས་དྲིས།
ཞིང་པས་སྙིང་སྟོབས་ཀྱིས་ཁེངས་ནམ་ཡིན་ཞེས་ལན་བཏབ།
ཤེས་ལྷན་དེས་ང་ཚོས་གན་རྒྱ་ཞིག་འབྲི། བདག་གིས་ཕྲུ་གུ་འདི་ཁྲིད་དེ་ཁོ་ལ་སློབ་གསོ་ཕུལ་དུ་བྱུང་བ་མྱོང་དུ་འཇུག་ཆོག་ཅིང་། མ་འོངས་པ་ལ་ཁྱོད་ཉིད་ང་རྒྱལ་སྐྱེད་པར་བྱེད་ནུས་པའི་སྐྱེས་བུ་ཞིག་ཏུ་འགྱུར་རྒྱུ་རེད་ཅེས་སྨྲས་ཤིང་། ཞིང་པས་ཀྱང་དང་ལེན་བྱས།
ཕྱིས་སུ་ཞིང་པའི་བུ་དེ་འཕགས་མ་མར་ཡམ་གསོ་རིག་སློབ་གླིང་ནས་སློབ་མཐར་ཕྱིན་ཏེ་འཛམ་གླིང་ན་སྐད་གྲགས་ལྡན་པའི་སྐུ་དྲག་ཧྥི་ལེ་མིང་ཨེ་ལེག་ཟན་ཏར་དུ་གྱུར་ཅིང་ཧམ་རྒྱུ་ནག་པོ་སྲོལ་གཏོད་མཁན་ཡང་ཡིན་པས། ༡༩༤༥ལོར་རྣོ་བྷེལ་གསོ་རིག་བྱ་དགའ་ཐོབ།
ལོ་འགའ་ཞིག་གི་རྗེས་ཤེས་ལྡན་དེའི་བུ་ལ་གློ་ཚད་ཕོག་པས་ཏག་ཏག་ཧམ་རྒྱུ་ནག་པོས་སྲོག་བསྐྱབས། ཤེས་ལྡན་དེའི་བུ་སུ་ཡིན་ཞེ་ན། དེ་ནི་དབྱིན་ཇིའི་བློན་ཆེན་ཆིར་ཆི་ཡིན་ནོ། །
ཞིང་པ་ཞིག་གི་དགེ་སེམས་ཆུང་ཆུང་ཞིག་གིས་འཛམ་བུ་གླིང་འདི་ལ་འདི་འདྲའི་འགྱུར་བ་ཆེན་པོ་གཏོང་བའི་མི་སྣ་གཉིས་འཚར་ལོང་ཡོང་བའི་རྒྱུ་བྱས། དེའི་ཕྱིར་དགེ་སེམས་ཀྱི་སྟོབས་ཤུགས་ནི་སྣང་ཆུང་བྱེད་དུ་རུང་བ་ཞིག་མ་ཡིན།
ཇོ་བོ་རྗེ་བོད་དུ་བཞུགས་སྐབས་ཐེངས་ཤིག་ཕྱག་ལ་གཟེར་རྒྱུགས་པས་ཁྱིམ་པའི་རྟེན་ཅན་གྱི་སློབ་མ་འབྲོམ་སྟོན་པའི་པང་དུ་བཞག་ནས་ཁྱོད་ལ་དགེ་སེམས་ལྡན་པས་ང་ལ་བྱིན་རླབས་གྱིས་གསུངས།
ངོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལྟ་བུའི་མཚན་སྙན་སྲིད་རྩེར་འབར་བའི་དགེ་བའི་བཤེས་གཉེན་ཞིག་གིས་སློབ་མ་ལས་བྱིན་རླབས་ཞུས་པས་ཁོང་གིས་བྱིན་རླབས་ཞུ་ས་གཞན་་རྙེད་པར་ཐབས་ཟད་འུ་ཁུག་ཏུ་གྱུར་ནས་སློབ་མ་ལ་ཞུས་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། སྤྱིར་བཤད་ན་ནད་ཀྱིས་བཟུང་བའི་སློབ་མས་བླ་མའི་བྱིན་རླབས་ཞུ་བ་ལས་ཟླ་མ་བསྙུན་ཏེ་སློབ་མས་བྱིན་རླབས་བྱེད་པ་ཞིག་རྩ་བ་ནས་གོ་མ་མྱོང་བ་ལྟ་བུ་རེད། འོན་ཀྱང་གཏམ་རྒྱུད་འདས་གནས་ལུགས་ཤིག་གསལ་བཤད་བྱས་ཡོད། དེ་ཡང་བླ་མ་དང་སློབ་མ་གང་ཡིན་རུང་བསམ་པ་བཟང་པོ་དང་ལྡན་ན་ཐ་ན་ཕུ་ཞིག་འདེབས་པའམ་ཡང་ན་རིམ་གྲོ་བྱས་པས་ཀྱང་སེམས་ཅན་ལ་ཕན་པ་འབྱུང་ངེས་ཅན་ཡིན་པའོ། །
བསམ་པ་ཧ་ཅང་བཟང་བའི་མི་ལ་བྱིན་རླབས་ཤིན་ཏུ་ཆེ། བོད་ལ་བཤད་སྲོལ་འདི་སྐད་ཅིག་ཡོད། གྲུབ་པ་ཐོབ་པའི་བླ་མ་འདི་ཧ་ཅང་ངོ་མཚར་བ་ཞིག་ཡིན། ཁོང་གིས་རིམ་གྲོ་མཛད་དེ་བྱིན་རླབས་བསྩལ་ན་བྱ་བ་ཐམས་ཅད་གེགས་མེད་པར་འགྲུབ་ངེས་ཅན་རེད། ཅིའི་ཕྱིར་ཞེ་ཁོང་ལ་བསམ་པ་རྣམ་པར་དག་པ་ཞིག་ཡོད་པ་རེད་ཅེས་ཟེར།
བོད་དུ་དགོན་པ་གང་ཞིག་ཡིན་རུང་གལ་སྲིད་དེ་རུ་བསམ་པ་རྣམ་པར་དག་པའི་སྐྱེས་བུ་ཆེན་པོ་ཡོད་ན་ས་གནས་དེའི་མི་རྣམས་ཀྱིས་མགོན་དུ་བྱེད་ཅིང་། གྲུབ་པ་ཆེན་པོ་ཐོབ་པའམ་ཆོས་པ་བསམ་གྱིས་མི་ཁྱབ་པ་ཞིག་མིན་པར་སྤྱིར་བཏང་གི་མི་རྒན་ནམ་དགེ་བསྙེན་ཞིག་ཡིན་རུང་། གལ་ཏེ་དེ་ལ་བསམ་པ་རྣམ་པར་དག་པ་ལྡན་ན་ཀུན་གྱིས་བྱང་ཆུབ་སེམས་དཔའ་ལྟ་བུར་རྩིའོ། །
གལ་སྲིད་ང་ཚོས་བསམ་པ་དགེ་བ་ལ་གཅིག་ཏུ་བསླབས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བྱིན་རླབས་འཇུག་ཅིང་ཚེ་འདིའི་བྱ་བ་ཡོད་ཚད་བསམ་པ་བཞིན་དུ་འགྲུབ་ལ་འཆི་ཁར་ཡང་དབུགས་འཆད་པའི་སྡུག་བསྔལ་མི་བཟད་པ་མྱོང་མི་དགོས་པར་སྐྱེ་བ་ཐམས་ཅད་དུ་བསམ་གྱིས་མི་ཁྱབ་པའི་བདེ་བ་འབྱུང་ངོ་། །ངས་དྲན་སོས་པ་ཞིག་ལ་ལུང་བར་མ་ལས་ཚེ་འཕོ་བའི་སྐབས་དགེ་བའི་སེམས་བསྐྱེད་ན་སེམས་ལས་བྱུང་བའི་ཆོས་ཀུན་ལྟ་བ་ཡང་དག་པ་
དང་མཐུན་པར་འགྱུར་ཞིང་། དེའི་རྒྱུ་དང་དེའི་རྐྱེན་གྱིས་དེ་ལུས་ཞིག་ཅིང་ཚེ་འཕོས་ནས་བདེ་བར་འགྲོ་བའི་ལྷ་ཡུལ་དུ་སྐྱེའོ་ཞེས་གསུངས། སྟོན་པའི་གསུང་དེ་ལྡོག་སྟེ་སྨྲས་ན་འདི་སྐད་ཡིན་
ཏེ། ཚེ་འཕོ་བའི་སྐབས་མི་དགེ་བའི་སེམས་བསྐྱེད་ན་སེམས་ལས་བྱུང་བའི་ཆོས་ཀུན་ལྟ་བ་ལོག་པ་དང་མཐུན་པར་འགྱུར་ཞིང་། དེའི་རྒྱུ་དང་དེའི་རྐྱེན་གྱིས་དེ་ལུས་ཞིག་ཅིང་ཚེ་འཕོས་ནས་ངན་སོང་གི་གནས་དམྱལ་བ་རུ་སྐྱེའོ་ཞེས་སོ། །