收录于话题
#世界游牧
7个内容
汉语版
点击图片阅读
▼
卡尔梅克共和国 ▎从萨满到藏传佛教
文章来源:《Kalmykia: Lore and Memoryat the Far Side of the Buddhist World》《Transforming Traditions: Mountain Worshipin the Culture of the Kalmyk People》校对:刘时
ཁལ་མུག་པ་ནི་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་གྲུབ་ཆ་གཙོ་བོ་ཁལ་མུག་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཤིག་ཡིན་ལ། སྔོན་ཆད་ཞི་པའོ་ལི་ཡའི་ལྷོ་ཕྱོགས་སུ་འཚོ་སྡོད་བྱས་ཡོད་པ་དང་། དེའི་རྗེས་སུ་ཧྥུར་ཅ་ཆུ་བོའི་སྨད་རྒྱུད་ལི་ཧའེ་ནུབ་བྱང་འགྲམ་རྒྱུད་དུ་གནས་སྤོ་བྱས། ཁལ་མུག་པས་གཙོ་བོ་རུ་བ་སྐྱས་སྤོ་བྱེད་པའམ་ཡང་ན་འབྲོག་ལས་ཕྱེད་ཙམ་བྱེད་བཞིན་ཡོད་པ་དང་། རྟ་ལུག་དང་རྔ་མོང་སོགས་གསོ་སྐྱོང་བྱེད་པའི་ཁར་མི་ཁག་གཅིག་གིས་ཉ་རིགས་ཀྱང་གསོ་སྐྱོང་བྱེད་བཞིན་ཡོད། དུས་རབས་༡༩པའི་ལོ་རབས་༣༠པ་ནས་བཟུང་ཁོ་ཚོས་རིམ་བཞིན་གཞིས་ཆགས་ཞིང་ལས་གཉེར། ཁོང་ཚོ་ནི་ཡོ་རོབ་གླིང་གི་བོད་བརྒྱུད་ནང་བའི་བསྟན་པ་ལ་དད་པ་བྱེད་མཁན་གྱི་ས་ཁུལ་གཅིག་པུ་དེ་ཡིན།
ཁལ་མུག་སྲས་མོ་དང་ཁོ་མོའི་ཞབས་ཏོག་པ།
ཆེས་མཇུག་མཐའི་ཁལ་མུག་རྒྱལ་སྲས།
ཆེས་མཇུག་མཐའི་ཁལ་མུག་སྲས་མོ།
ཨུ་རུ་སུའི་ལོ་ཆུང་དམག་མིའི་ལས་གོས་གྱོན་པའི་ལོ་ན་གཞོན་པའི་ཁལ་མུག་རྒྱལ་སྲས།
གླག་རྒོད་འདུལ་གསོ་བྱེད་མཁན་ཞིག་གི་འགྲམ་དུ་སྐམ་ཡོད་པའི་རྟ་ལུད།
ས་རྒྱུ་ཞན་པའི་ས་ཞིང་སྟེང་དུ་རྔ་མོང་གིས་ཆུ་ཟོ་འདྲུད་བཞིན་པ།
འདྲ་པར་ཡོང་ཁུངས། ༼༡༨༩༨ལོ་ནས་༡༩༡༢ལོའི་བར་གྱི་ཤར་དུ་བསྐྱོད་པའི་འགྲུལ་བཞུད་ཐེངས་བདུན་པ༽ཁལ་མུག་པ་ནི་ཨོས་ལོད་(Oirats)ཀྱི་རྗེས་རབས་པ་ཡིན་ཞིང་། ཐོ་འགོད་བྱས་པ་ལྟར་ན་ཨོས་ལོད་ནི་གཙོ་བོ་Vosmirechye(Sekiz-Moron)རུ་འདུས་ཡོད་པ་དང་། གནས་འདི་ནི་མཐའ་བཞི་རི་བོའི་སྐོར་ཞིང་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དང་ནགས་ཚལ་ཁུལ་གྱི་འབྲེལ་མཚམས་སུ་ཆགས་ཡོད་ལ། ཁལ་མུག་པའི་མེས་པོ་རི་ཁུལ་དུ་གཞིས་ཆགས་པ་དེས་ཁོང་ཚོས་རི་བོ་མཐོན་པོ་ལ་དད་མོས་བྱེད་པ་ཞིག་ངང་ངམ་ཤུགས་ཀྱིས་གྲུབ།
སོག་པོའམ་ཀྲུང་གོའི་པར་ལེན་པས་པར་བླངས་པའི་ཨོས་ལོད་(Oirats)འབྲོག་པ་གྲོང་བརྡལ་དུ་སོང་ནས་ཚོང་ཟོག་ཉོ་ཚོང་བྱེད་པའི་རྣམ་པ། དུས་རབས་༡༧པའི་དུས་འགོར་ཁལ་མུག་པ་ཞི་པའོ་ལི་ཡའི་ལྷོ་རྒྱུད་ཀྱི་རྩྭ་ཐང་ཆེན་པོ་ནས་ཨེར་ཆི་སི་ཆུ་བོའི་(ErtyshRiver)འགྲམ་རྒྱུད་དུ་རུ་བ་སྤོས་ནས་མཐར་ཧྥུར་ཅ་ཆུ་བོའི་སྨད་རྒྱུད་ས་ཁུལ་དུ་སླེབས་པ་དང་། ཁོང་ཚོས་རང་ཉིད་ལི་ཧའེ་བྱང་ངོས་ཀྱི་མངའ་ཁོངས་ཧྲིལ་པོར་ཁ་ཐོར་དུ་གནས་པ་དང་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ནི་ཁོང་ཚོའི་གཞིས་ཆགས་ས་གཙོ་བོ་ཡིན་པ་ཤེས་རྟོགས་བྱུང་།
རི་བོ་མཐོན་པོ་ལ་དད་པ་བྱེད་པའི་འགྱུར་ལྡོག།ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་སྟེང་དུ་རི་བོ་མཐོན་པོ་མེད་པའི་རྐྱེན་གྱིས་རི་བོ་ལ་དད་པ་བྱེད་པ་དེ་དེའུ་འབུར་ལ་དད་པ་བྱེད་པར་གྱུར། རི་བོ་མཐོན་པོར་དད་པ་བྱེད་པ་ནི་ད་ལྟའི་བར་དུ་ཁལ་མུག་པའི་མེས་པོའི་སྲོལ་རྒྱུན་རིག་གནས་ཁྲོད་ཐོག་མཐའ་བར་གསུམ་དུ་ལེགས་བཅོས་ཀྱི་རྣམ་པའི་ཐོག་ནས་དར་ཁྱབ་བྱུང་ཡོད།
ཁ་བས་གཡོགས་པའི་རྒྱང་རིང་གི་རི་བོ་དང་ཁལ་མུག་གི་སྦྲ་གུར།
གནའ་རྫས་རྟོག་ཞིབ་པ་U. E. Erdnievཡིས་བཤད་པ་ལྟར་ན། ཁལ་མུག་པས་རི་རྒྱུད་ལྷ་ལྟ་བུར་བསྒྱུར་བར་མ་ཟད། རྡོ་ལ་ཡང་ཧ་ཅང་དད་པ་ཆེན་པོ་བྱེད་པ་དང་། ཁོ་ཚོས་བཤད་པ་ལྟར་ན་རྡོ་ནི་རི་ཡི་གཞི་བདག་ཡིན་ཟེར། བྷོར་གྷི་རྡོར(Bogdo)ནི་གནས་རི་ཞིག་ཡིན་ལ། ཁལ་མུག་པས་སྔོན་ཆད་རི་བོ་འདིའི་སྟེང་དུ་རྡེའུ་མང་པོ་སྤུངས་ནས་དེ་ལ་ཕྱག་མཆོད་བྱས་མྱོང་། རི་བོ་འདི་ནི་ད་ལྟའི་བར་དུ་སྔར་བཞིན་ཁལ་མུག་པའི་གནས་རི་གཙོ་བོ་ཞིག་དུ་གྱུར་ཡོད།བོད་བརྒྱུད་ནང་བའི་བསྟན་པ་ལ་དད་པ་བྱེད་པ།
Bolshederbetovsky ulusཁལ་མུག་གི་གྲྭ་པ།
དུས་རབས་༡༧པ་ནས་བཟུང་སྐད་གྲགས་ཆེ་བའི་ཨོས་ལོད་ཀྱི་(Oirats)བོད་བརྒྱུད་ནང་བའི་བསྟན་པའི་མཁས་པ་ཛ་ཡ་པཎྜི་ཏ་Zaya Pandita(༡༥༩༩-༡༦༦༢)ཡིས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཞི་པ་མཆོག་(༡༥༧༠–༡༦༦༢)གི་མདུན་ནས་སློབ་སྦྱོང་བྱས་ནས་སོག་པོ་རིགས་རྒྱུད་ཀྱི་ཚོགས་པའི་(ཁལ་མུག་ནང་དུ་ཚུད་པ)དབར་བོད་བརྒྱུད་ནང་བའི་བསྟན་པའི་གྲུབ་མཐའ་དར་སྤེལ་བྱས།སྐབས་དེར་ཁོ་ཚོས་སྦྲ་གུར་དགོན་པའི་ཚབ་ཏུ་བྱས་ནས་ཁལ་མུག་པས་ཚོ་བ་གནས་སྤོར་བྱས་པ་དང་ཆབས་ཅིག། ཁལ་མུག་པས་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་གྲུབ་མཐར་དད་པ་བྱས་ནས་ད་ལྟའི་བར་དུ་རྒྱུན་མཐུད་དེ་གནས་ཐུབ་པ་བྱུང་། ཁོང་ཚོ་ནི་ཡོ་རོབ་གླིང་གི་བོད་བརྒྱུད་ནང་བའི་བསྟན་པ་ལ་དད་པ་བྱེད་མཁན་གྱི་ས་ཁུལ་གཅིག་པུ་དེ་གྱུར།
རྩྭ་ཐང་སྟེང་གི་གོས་སྐུ་བཤམས་པའི་ཆོ་ག།
རྩྭ་ཐང་སྟེང་གི་ནང་བའི་བསྟན་པའི་ཆོས་ལུགས་ཀྱི་ཆོ་ག།
༡༨༩༨ལོ་ནས་༡༩༡༢ལོའི་བར་དུ་ཧྥིན་ལན་རྒྱལ་ཁབ་ཀྱི་མིང་དུ་གྲགས་པའི་སྐད་བརྡ་རིག་པ་བ་གྷུལ་སི་ཐཱ་ཝ་ཇོན་རོམ་སི་ཐའེ་ཐེ(Gustav John Ramstedt)དེ་སྔ་ཧྥིན་ལན་ནས་ཨུ་རུ་སུ་བརྒྱུད་དེ་ཨེ་ཤེ་ཡ་དབུས་མར་བསྐྱོད། ཁོའི་དམིགས་ཡུལ་ནི་སོག་པོ་དང་གྲུ་གུའི་སྲོལ་རྒྱུན་རིག་གནས། ལོ་རྒྱུས། སྐད་ཆ་སོགས་ལ་ཞིབ་འཇུག་བྱ་རྒྱུ་དེ་ཡིན་པ་དང་། ༡༩༠༥ལོར་རོམ་སི་ཐའེ་ཐེ(Ramstedt)སི་ཐཱ་ཐོ་པའོ་ཨར་(Statopolལ་སོང་སྟེ། ས་དེ་རུ་བསྡད་ཡོད་པའི་ཁལ་མུག་པར་ཞིབ་འཇུག་བྱས།ཁོང་གིས་བྲིས་པའི་༼༡༨༩༨ལོ་ནས་༡༩༡༢ལོའི་བར་གྱི་ཤར་དུ་བསྐྱོད་པའི་འགྲུལ་བཞུད་ཐེངས་བདུན་པ༽ཞེས་པའི་དཔེ་ཆའི་ཁྲོད་ཀྱི་འདྲ་པར་ལྔ་བཅུ་ང་གཉིས་ཀྱིས་ཁོའི་ཡུལ་སྐོར་ཁྲོད་ཀྱི་མཐོང་ཐོས་ཚང་མ་ཟིན་ཐོར་བཀོད་ཡོད།
དོན་གྲུབ་དགོན་གྱི་དགོན་བདག་བཛྲ་པཀྵི།
བཛྲ་པཀྵི་ལགས་ཀྱི་རྗེས་དྲན་མཆོད་རྟེན།
“ང་རང་ང་རང་ཁལ་མུག་གི་ས་ཆ་རུ་བཛྲ་པཀྵི་ཞེས་བྱ་བའི་བླ་མ་སྐད་གྲགས་ཅན་ཞིག་མཇལ་མྱོང་། Baza Bakshi (Bakshiདགེ་རྒན་ནམ་སློབ་དཔོན་གྱི་དོན་ཡིན།) ཁོང་ནི་དོན་གྲུབ་དགོན་པའི་(DunduleHurul monastery) དགོན་བདག་ཡིན་ལ། ཁོ་རང་ས་ཆ་མང་པོ་ཞིག་ལ་ཡུལ་སྐོར་དུ་སོང་མྱོང་བ་མ་ཟད་སོག་པོ་དང་ལྷ་ས་རུ་ཡང་སོང་མྱོང་ཟེར། ཁོ་རང་ལྷ་ས་ནས་དུས་ཡུན་རིང་བོ་ཞིག་ལ་བསྡད་ནས་ཆོས་དཔེ་དང་ཆོས་ལུགས་ཀྱི་དངོས་རྫས་མང་པོ་ཞིག་རང་ཉིད་ཀྱི་ཚོ་པར་འཁྱེར་ཡོང་བར་མ་ཟད། ཁོང་ལ་ཐུ་མེད་ཚོ་པའི་མི་དག་གིས་(Malo-Dorbet)ས་གནས་དེའི་འགོ་བ་ཞེས་འབོད་བཞིན་ཡོད། ས་གནས་དེའི་ཁལ་མུག་པ་མང་པོ་ཞིག་གིས་གནས་མཆོག་ལྷ་ས་འདི་ཉིད་རང་གི་སྐོམ་པ་ཆུ་འདོད་ལྟར་རེ་བ་ཆེན་པོ་བྱེད་སའི་ཡུལ་ཞིག་ཏུ་བརྩི་བཞིན་ཡོད”་ཅེས་བཤད།
ཁལ་མུག་གི་དགོན་པའི་ནང་ལོགས།
ཁལ་མུག་གི་ནང་བའི་བསྟན་པའི་ཆོ་ག།
ནང་བའི་བསྟན་པའི་འཇིག་ཉེན་དང་བསྐྱར་དར། ཁལ་མུག་པ་ཧྥུར་ཅ་ཆུ་བོའི་འགྲམ་རྒྱུད་དུ་གནས་སྤོ་བྱས་རྗེས་ཕྱོགས་གང་ཅིའི་ཐད་ཀྱི་རྒྱུ་རྐྱེན་གྱི་དབང་གིས་ཧྲ་ཧོང་གོང་མའི་སྲིད་གཞུང་གིས་ཁྱུར་མིད་བཏང་བར་མ་ཟད། ནང་བའི་བསྟན་པའི་ཤུགས་རྐྱེན་རིམ་བཞིན་ཇེ་ཞན་དུ་གཏོང་བའི་སྲིད་ཇུས་ཀྱང་ལག་བསྟར་བྱས་ནས་ཁལ་མུག་དང་བོད་དབར་གྱི་འབྲེལ་བར་ཚོད་འཛིན་ནན་མོ་བྱས། ༡༩༤༠ལོར་སླེབས་སྐབས་ཁལ་མུག་གི་ནང་བསྟན་དགོན་སྡེ་ཚང་མ་སྒོ་རྒྱག་དགོས་བྱུང་བས་བླ་མ་དང་གྲྭ་པ་རྣམས་ཀྱིས་འཇིག་རྟེན་པའི་འཚོ་བ་མི་རོལ་ཐབས་མེད་བྱུང་། འབུམ་རམས་པ་ལི་ཝང་ཐ་ཨར་གྱིས་“སྲིད་ཇུས་དེ་དག་ལག་བསྟར་ནན་མོ་བྱས་པས། ༡༩༤༠ལོར་པར་དུ་བསྐྲུན་པའི་༼སུའུ་ཝེ་ཨེད་སྤྱི་མཐུན་རྒྱལ་ཁབ་ཁལ་མུག༽ཞེས་པའི་ནང་ཐ་ན་ཁལ་མུག་གི་ཆོས་སྤེལ་མཁན་དག་དང་ནང་བའི་བསྟན་པའི་ཆོས་ལུགས་སྐོར་ཅི་ཡང་གླེང་མི་འདུག།”ཅེས་བྲིས་ཡོད།
༡༩༡༧ལོའི་ཡར་སྔོན་གྱི་གཏོར་བརླག་ཐེབས་པའི་དགོན་པ།
༡༩༨༠ལོའི་དུས་མཇུག་ཏུ་སུའུ་ལེན་སྲིད་གཞུང་གིས་ཁ་ཕྱོགས་བསྒྱུར་ནས་ཆོས་ལུགས་རང་དབང་ཅན་དུ་འགྱུར་བར་ཕན་པའི་སྲིད་ཇུས་ལག་བསྟར་བྱས། ༡༩༨༨ལོར་ནང་བསྟན་སྡེ་ཁུལ་དང་པོ་བཙུགས། ༡༩༩༥ལོར་སླེབས་སྐབས་ཁལ་མུག་སྤྱི་མཐུན་རྒྱལ་ཁབ་ཏུ་ཁྱོན་བསྡོམས་ནང་བའི་བསྟན་པའི་དགོན་སྡེ་༢༡དང་ཆོས་ལུགས་སྤེལ་ཡུལ༡༧ལྷག་ཡོད།
༢༠༠༥ལོར་བསྐྱར་སྐྲུན་བྱས་པའི་དགོན་སྡེ་གསར་པ།
༢༠༠༥ལོའི་ཟླ་༡༢པའི་ཚེས་༢༧ཉིན། དགོན་པ་གསར་བ་(BurkhanBakshinAltann Sume)ཁལ་མུག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཨེ་ལི་སི་ཐ་ནས་བཙུགས། དེ་ནི་ཡོ་རོབ་གླིང་གི་ཆེས་ཆེ་བའི་ནང་བའི་བསྟན་པའི་དགོན་པ་ཡིན། བརྗིད་ཉམས་ལྡན་པའི་དགོན་པ་འདི་འདྲ་ཞིག་འཛུགས་བསྐྲུན་བྱེད་པའི་དགོས་པ་ནི་འཛམ་གླིང་གི་ས་ཆ་སོ་སོའི་སངས་རྒྱས་ཆོས་ལུགས་ཀྱི་མཁས་པ་དང་རྗེས་འཇུག་པ་དག་ལ་རྒྱལ་སྤྱིའི་རང་བཞིན་གྱི་འབྲེལ་འདྲིས་ལྡན་པའི་སྟེགས་བུ་ཞིག་བསྐྲུན་པའི་ཆེད་དང་། དེ་བས་ཀྱང་གལ་ཆེ་བ་ནི་དགོན་པ་འདི་ཁལ་མུག་པར་མཚོན་ན་ཐུན་མོང་མ་ཡིན་པའི་དྲན་རྟེན་རང་བཞིན་གྱི་དོན་སྙིང་ལྡན།
རྩྭ་ཐང་སྟེང་དུ་ཡུལ་སྐོར་ལ་འགྲོ་བཞིན་པའི་ཁལ་མུག་པ།
གནས་སྤོ་ནི་འཚོ་གནས་ཀྱི་ལམ་བུ་ཡིན་ལ། རྩྭ་ཐང་སྟེང་གི་དཔའ་བོ་ཡང་ཡིན།
打开心的钥匙
点击图片了解
▼
ཧི་མ་ལ་ཡའི་ལྟེ་སྙིང་དོལ་པོ།
ཀུན་དགའི་ཉེན་མཆོངས་ཟིན་ཐོ། 贡嘎历险记
ཧྥ་རན་སིའི་དཔེ་སྐྲུན་བྱས་པའི་ཧི་མ་ལ་ཡའི་གཏམ་རྒྱུད་ཀྱི་སྒྲུང་དཔེ།
འབྲུག་ཡུལ་ལ་ཡག་ཚོ་པ། རྒྱལ་འཛིན་ལ་ཁའི་དགའ་སྟོན།
མཐོ་སྒང་དུའང་འཆར་ཡན་ལྡན་པའི་ཕྱི་དྲོའི་འཐུང་ཇ་ཡོད། 高原也有浪漫的下午茶
བརྙན་པར་གྱི་མཛེས་སྡུག་གིས་བློ་དང་རིག་པའི་གོ་རྟོགས་སད་དུ་བཅུག།
ཨ། 阿
གད་སྙིགས་བཏུས་ནས་དམངས་སྲོལ་རིག་དངོས་བཤམས་སྟོན་ཁང་འཛུགས་མཁན།
你从未见过的藏地民间收藏 ▎从收废品到博物馆的开创者
雪怪从不丹走来。
བོད་སྐད་ཀྱི་ཐད་སྦྲེལ། CHARU1607
客服微信:charuspace
未经作者允许请勿随意印刷转载 后果自负
合作及投稿微信:charuspace
ཆ་རུ་ནི་འབྲོག་པའི་སྦྲ་ནག་སོགས་ཀྱི་ཁ་མཚམས་འབྲེལ་བྱེད་ཀྱི་སྲོལ་རྒྱུན་གྱི་ཡོ་བྱད་ཅིག་ཡིན་པ་དང་། ཆ་རུས་བོད་ཡུལ་ཁེ་ལས་སྣ་ཚོགས་ལ་ཁྱབ་སྤེལ་གྱི་སྡིངས་ཆ་བཞེངས་བ་དང་། བོད་ཡུལ་འཕེལ་རྒྱས་ལ་ཕྱིའི་བསམ་བློ་གསར་བ་ནང་འདྲེན་དང་ནང་གི་རིག་གནས་ཉིང་བཅུད་སྤེལ་བར་གཞོལ་བ། ཆ་འཕྲིན་དྲྭ་བའི་ཐབས་ལམ་བརྒྱུད་དེ་སྣ་མང་དང་ཕྱོགས་མང་གི་ཁེ་ལས་མཉམ་འབྲེལ་གྱི་རྣམ་པ་བསྐྲུན་པ་སོགས་ལ་འབད་དེ། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་རབས་འཚོ་བར་འབྲེལ་ཟམ་འཛུགས་པ་དེའོ། ། ཆ་རུ་ལ༢༠༡༨ལོའི་ཀྲུང་གོའི་དགེ་ལས་འགྲེམ་ཚོགས་ཀྱིས་༼གསེར་གྱི་རྟགས་མའི་སྤྱི་ཚོགས་ཁེ་ལས་༽ཀྱི་མཚན་སྙན་གནང་།
迦入音译自藏语ཆ་རུ།,意为“链接”,是一家藏文化传播创意公司。拥有自创的喜马拉雅设计师品牌,同时也是位于成都的一间咖啡工作空间。迦入致力于为农牧区百姓提供推广发声的平台,把创新思维引入藏地社区建设,助力乡村振兴的可持续性发展,以互联网开启多元跨界合作的商业模式,使民族文化与当代接轨。