༡༢ དོན་དུ་ཁྱོད་ཉིད་དབུལ་པོ་ཞིག་མ་ཡིན།
ལེའུ་གཉིས་པ།
གུ་ཡངས་བློ་བདེ་ཡི་ངང་ནས། །མགོ་ནག་སྐྱིད་སྡུག་དེ་གླེང་ངོ་། །
ང་ཚོས་ཉིན་རྟག་པར་ཅི་ཞིག་མ་ཐོབ་པ་ལ་འཁང་ར་བརྗོད་མི་ཉན་པར་ད་ལྟ་རང་ཉིད་ལ་དབང་བ་དག་ལ་གཅེས་འཛིན་བྱེད་དགོས། དེ་ཡང་ཁྱོད་ཉིད་གཟུགས་ཕུང་བདེ་ཞིང་ཐང་བའི་ངང་དུ་རང་དབང་ལྡན་པར་མཁའ་དབུགས་རྔུབ་ཆོག་པའི་སྐབས་དང་། ཁྱོད་ཉིད་ཟས་གོས་ལ་སེམས་ཁྲལ་མེད་པར་བགྲེས་ལྟོགས་ཀྱི་སྡུག་བསྔལ་མྱོང་མི་དགོས་པའི་སྐབས། ཁྱོད་ཉིད་ནངས་སྔ་མོར་མིག་ཟུང་བྱེས་ཏེ་ལྷུག་པོར་གྲོལ་བའི་ཉི་མའི་འཛུམ་མདངས་མཐོང་བའི་སྐབསསོགས་ཡིན། ཁྱོད་ཀྱིས་བསམ་བློ་གཏོང་སྐྱོང་ངམ། ཁྱོད་ཀྱི་བདེ་སྐྱིད་ནི་འཇིག་རྟེན་འདིའི་སྟེང་གི་མི་ཧ་ཅང་མང་པོའི་བདེ་སྐྱིད་ལས་ཀྱང་ཁྱད་དུ་འཕགས་སོ། །
གཞོན་ནུ་ཞིག་གིས་རང་ཉིད་ལ་ལམ་འགྲོ་མེད་པ་དང་རྒྱུ་ནོར་མེད་པ་སོགས་ཟེར་ནས་རྟག་ཏུ་ལེ་བདའ་བྱས་ནས་སྨིན་མ་བསྡུས་ཏེ་དུས་འདས།
ཉིན་ཞིག་སྐྲ་དང་སྨ་ར་དཀར་པོར་སོང་བའི་རྒན་པོ་ཞིག་སླེབས་ནས་གཞོན་ནུ་ཁྱོད་ཅི་ཞིག་གི་ཆེད་དུ་མི་དགའ་བ་ཡིན་ཞེས་དྲིས།
གཞོན་ནུས་ངས་མི་ཤེས་པ་ནི་ཅིའི་ཕྱིར་ང་རྟག་ཏུ་འདི་འདྲའི་དབུལ་ཞིང་ཕོངས་པ་ཞིག་ལ་གྱུར་པ་རེད་ཅེས་བཤད།
དབུལ་ཕོངས་ག་ལ་ཡིན། ཁྱོད་ཧ་ཅང་ཕྱུག་གོ་ཞེས་རྒན་པོས་བསམ་པ་ཐག་པས་སྨྲས། གཞོན་ནུས་དེའི་དོན་མ་ཤེས་ཏེ་དེ་འདྲ་ཅི་ལ་ཟེར་ཞེས་སྨྲས།
རྒན་པོས་གལ་སྲིད་ད་ལྟ་ཁྱོད་ཀྱིས་མཛུབ་མོ་གཅིག་བཅད་ན་སྒོར་སྟོང་ཕྲག་གཅིག་སྟེར་ཞེས་སྨྲས་ན་ཁྱོས་གཅོད་དམ་ཞེས་ལྡོག་སྟེ་དྲིས།
གཞོན་ནུས་མི་གཅོད་ཅེས་བློ་བརྟན་འགྱུར་མེད་ཀྱིས་སྨྲས།
གལ་སྲིད་ཁྱོད་ཀྱི་ལག་པ་གཅིག་བཅད་ན་སྒོར་ཁྲི་གཅིག་སྟེར་ཟེར་ན་ཁྱོས་གཅོད་དམ།
མི་གཅོད།
གལ་སྲིད་ཁྱོད་ཀྱི་མིག་གཉིས་ཀ་ལྡོངས་ན་ཁྲི་བཅུ་སྟེར་ཟེར་ན་ལྡོང་དུ་འཇུག་གམ།
མི་འཇུག
གལ་སྲིད་ཁྱོད་འཕྲལ་དུ་ལོ་ན་བརྒྱད་ཅུ་ཅན་གྱི་རྒན་པོར་བསྒྱུར་ན་ཁྲི་ཕྲག་བརྒྱ་བྱིན་ཟེར་ན་ཁྱོས་སྒྱུར་རམ།
མི་སྒྱུར།
གལ་སྲིད་ཁྱོད་ད་ལྟ་བསད་ན་སྒོར་ཁྲི་སྟོང་ཕྲག་གཅིག་བྱིན་ཞེས་སྨྲས་ན་གསོད་དུ་འཇུག་གམ།
མི་འཇུག
དེ་ན་འགྲིག་སོང་། ཁྱོད་ལ་ད་ལྟ་སྒོར་ཁྲི་སྟོང་ཕྲག་གཅིག་ལས་བརྒལ་བའི་རྒྱུ་ནོར་ཡོད་པས་ཅིའི་ཕྱིར་ད་དུང་ཡང་རང་ཉིད་ཧ་ཅང་དབུལ་ཞིང་ཕོངས་པར་གྱུར་འདུག་སྙམ་སྟེ་རང་གིས་རང་ལ་ལེ་བདའ་བྱེད་པ་རེད་ཅེས་རྒན་པོས་འཛུམ་དམུལ་ཏེ་དྲིས།
གཞོན་ནུ་དར་ཅིག་ལ་ཧད་དེ་ལུས་ཤིང་འཕྲལ་དུ་གནས་ལུགས་རྟོགས།
ང་ཚོས་ཉིན་རྟག་པར་ཅི་ཞིག་མ་ཐོབ་པ་ལ་འཁང་ར་བརྗོད་མི་ཉན་པར་ད་ལྟ་རང་ཉིད་ལ་དབང་བ་དག་ལ་གཅེས་འཛིན་བྱེད་དགོས། དེ་ཡང་ཁྱོད་ཉིད་གཟུགས་ཕུང་བདེ་ཞིང་ཐང་བའི་ངང་དུ་རང་དབང་ལྡན་པར་མཁའ་དབུགས་རྔུབ་ཆོག་པའི་སྐབས་དང་། ཁྱོད་ཉིད་ཟས་གོས་ལ་སེམས་ཁྲལ་མེད་པར་བགྲེས་ལྟོགས་ཀྱི་སྡུག་བསྔལ་མྱོང་མི་དགོས་པའི་སྐབས། ཁྱོད་ཉིད་ནངས་སྔ་མོར་མིག་ཟུང་ཕྱེས་ཏེ་ལྷུག་པོར་གྲོལ་བའི་ཉི་མའི་འཛུམ་མདངས་མཐོང་བའི་སྐབས་སོགས་ཡིན། ཁྱོད་ཀྱིས་བསམ་བློ་གཏོང་མྱོང་ངམ། ཁྱོད་ཀྱི་བདེ་སྐྱིད་ནི་འཇིག་རྟེན་འདིའི་སྟེང་གི་མི་ཧ་ཅང་མང་པོའི་བདེ་སྐྱིད་ལས་ཀྱང་ཁྱད་དུ་འཕགས་སོ། །
ཨ་རིའི་སྐད་གྲགས་ལྡན་པའི་རྩོམ་པ་པོ་ལོང་བ་ཧེ་ལེན་ཁེ་ལེར་གྱི་རང་རྣམ་ལས་གལ་སྲིད་མོ་ལ་ཉིན་གསུམ་གྱི་འོད་སྣང་སྟེར་ནས་འཛམ་བུ་གླིང་འདི་དངོས་སུ་མིག་དབང་གི་ཡུལ་དུ་གྱུར་ནུས་ན་མོ་ནི་ཆེས་བདེ་སྐྱིད་དང་ལྡན་པའི་མི་ཡིན་ནོ་ཞེས་སྨྲས།
ལྷོ་ཨ་ཧྥེ་རི་ཀའི་སྲིད་འཛིན་སྔོན་མ་མན་དྷ་ལས་རིགས་རྒྱུད་མཐོང་ཆུང་བྱེད་པ་ལ་ངོ་རྒོལ་བྱས་པས་མི་ལོ་བཅུ་གཉིས་སུ་བཙོན་དུ་བཟུང་། ཕྱིས་སུ་ཁོང་གིས་བཙོན་དུ་སྡོད་སྐབས་ཉིན་རེར་དུས་ཚོད་བྱེད་ཙམ་ལ་ཉི་མ་འདེ་ཆོག་པས་དེ་ནི་ཆེས་བདེ་སྐྱིད་དང་ལྡན་པ་ཞིག་རེད་ཅེས་སྨྲས་འདུག
དེའི་ཕྱིར་ཞིབ་ཏུ་བསམ་བློ་ཞིག་ཐོང་དང་། བདེ་སྐྱིད་ནི་རྒྱང་ཐག་ཤིན་ཏུ་རིང་བ་ཞིག་ཏུ་ཡོད་པ་མ་ཡིན་པར་ད་ལྟ་ཉིད་དུ་ཡང་བདེ་སྐྱིད་འཐོབ་པའི་གོ་སྐབས་ཡོད། ཡིན་ཡང་ཁྱོད་ཀྱིས་གཅེས་འཛིན་བྱས་སམ།